ཤེས་ཡོན་དང་ཉམ་མྱོང་གཉིས་ལས་ཉམ་མྱོང་གལ་ཆེན་ཟེར་བ་འདི་འདྲ་ཞིག་ལོས་ཡིན། ཤེས་ཡོན་དང་ཉམ་མྱོང་གཉིས་ཀ་འཛོམ་མཁན་ནི་དེ་བས་ཀྱང་བཤད་མ་དགོས་པ་རེད། དངོས་ནས་ཁང་གསར་འདིས་སྐད་ཆ་གང་ཞིག་བཤད་ཀྱང་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཤ་སྟག་རེད། ལྷག་པར་ཏུ་ཁོང་གིས་གནའ་སྔ་མོ་བོད་པ་ཚོས་རྒྱ་གར་ལ་ཡི་རུང་དང་ངག་བརྗོད་ཀྱི་རྗེས་སུ་རྒྱུགས་པ་དང་དེང་གི་འཆར་ནུབ་ཕྱོགས་པ་དག་གིས་གང་བཤད་པ་དེ་དག་རྩ་བ་འཛིན་པ་ལས་བོད་རང་གི་ཤེས་ཡོན་པ་དག་ལ་བརྩི་མཐོང་མི་བྱེད་ཟེར་བ་འདི་ནི་དངོས་ནས་གནད་འགག་གི་སྐད་ཆ་གཅིག་རེད། ངས་ལོ་ངོ་ཁ་ཤས་ཀྱི་སྔོན་ལ་གྲོགས་པོ་འགའ་ལ་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་ཡོད། ང་ཚོས་བོད་པ་འདི་ཚོས་རང་གི་ངོ་ཤེས་ཤིག་གིས་དེབ་དཔར་བསྐྲུན་བྱས་པ་དང་རྩོམ་ཡིག་སྤེལ་བ་ཡིན་ན། དེ་ལ་བལྟ་ཀློག་ཡག་པོ་ཞིག་བྱེད་རྒྱུ་ཕར་ཞོག ཨོ་མི་དེ་ནི་ང་རང་གིས་ཤེས་ཀྱི་ཡོད། མི་དེ་ལ་རྒྱུ་མཚན་ཡོད་ནི་མ་རེད་ཟེར་བ་དང་དམའ་འབེབས་བྱེད་རྒྱུར་དགའ་བ་ལས་མི་དེའི་གང་ཞིག་བྲིས་འདུག་པ་དེ་དག་ལ་ཞིབ་ཀློག་མི་བྱེད། གལ་ཏེ་ཚར་གཅིག་ཙམ་ཀློག་རུང་མི་དེས་ཅུང་ཤེས་ནི་མ་རེད། སྐྱག་ལབ་རྒྱག་བཞིན་ཡོད་པ་རེད་ཟེར་བ་སོགས་བཤད་དེ་ངན་འཚང་བརྗོད་པ་ལས། བཟང་ངན་གྱི་དབྱེ་བ་མི་ཕྱེ་བར་སྐྱོན་བརྗོད་བྱེད་རྒྱུར་དགའ། དེ་ལས་ངོ་མི་ཤེས་པའི་མི་ཞིག་གིས་དེབ་ཞིག་དཔར་ཡོད་པ་དང་རྩོམ་ཡིག་ཞིག་བྲིས་ཡོད་པ་ཡིན་ན། ཨོ་ངོ་མ་བདེན་ཀི ཟེར་བ་སོགས་བཤད་དེ་བསྟོན་བསྔགས་བྱེད་རྐྱང་བྱེད་པ་ཡིན། ཡིན་ཡང་། ཡ་ང་བ་ཞིག་ལ་ཉིན་ཞིག་མི་དེ་དང་གྲོགས་པོ་ཆགས་ཉིན་གཞི་ནས་སྔོན་ཆད་ཀྱི་ཁོ་རང་གི་རྩོམ་ཡིག་ལ་དུངས་པའི་སེམས་པ་དེ་ལ་འགྱུར་བ་འགྲོ་བཞིན་ཡོད། དེ་དང་དེའི་མཚོན་པའི་བོད་པ་ང་ཚོ་ལ་ད་དུང་དངོས་ནས་ཞན་སྐྱོན་མི་ཉུང་བ་ཞིག་ལྷག་ཡོད་པ་དེ་ནི་བོད་པའི་ནང་དུ་ཤེས་ཡོན་པ་མེད་པས་མ་ཡིན་པར། བོད་པ་ང་ཚོ་མི་ཉུང་བ་ཞིག་གིས་ལད་ཟློས་དང་གཞན་གྱི་མི་རིགས་ལ་བྲེལ་ལད་བྱེད་རྒྱུར་དགའ་བས་བག་ཆགས་ངན་པ་ཞིག་ཡོད་པ་དེ་ལས་བོད་རང་ཉིད་ལ་ཡང་ཐུན་མོང་མ་ཡིན་པའི་ཤེས་རིག་གི་སྙིང་བཅུད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་དག་ངོས་ཟིན་ཐོབ་ཀྱི་མེད་པ་རེད།
དེ་རིང་ཁང་གསར་ལགས། ཉིད་ཀྱིས་འདི་ལྟར་ཟིན་བྲིས་ནང་དུ་ཁ་གསལ་བོའོ་སྒོ་ནས་སྤུན་གྲོགས་དག་ལ་བསམ་ཚུལ་གླེང་དེ་འོང་དུས། ངས་རང་གི་འདས་ཟིན་པའི་བགྲོ་གླེང་དེ་དག་ལ་ཕྱིར་དྲན་ཞིག་བྱེད་དགོས་བྱུང་སོང་། གཙོ་བོ་ཉིད་ཀྱིས་དངོས་ནས་དེ་རིང་འདི་ནས་སྤུན་གྲོགས་དག་ལ་བསམ་བློའི་དཔྱད་གཞི་ཡག་པོ་ཞིག་ངོ་སྤྲོད་བྱས་པ་དེ་ནི་དངོས་ནས་ཡག་པོ་འདུག ང་ཚོ་འདི་རུ་འོང་དུས་ཟིན་བྲིས་གང་ཐུབ་ཐུབ་རེ་སྤེལ་བཞིན་ཡོད་པ་འདི་ཡང་། རང་གི་རིགས་ལ་ཕན་མ་ཐོག་ན་གནོད་བསྐྱེལ་འདོད་ཀྱི་ཡོང་མཁན་གྱི་ཕལ་ཆེར་མེད་ངེས་རེད། ཡིན་ཡང་། བསམ་བློའི་ཁྱེར་ཕྱོགས་དང་འཚར་ལོངས་ཀྱི་བརྒྱུད་རིམ། སློབ་སྤྱོང་གི་ཆུ་ཚད། ཤེས་རིག་གི་ཉམ་མྱོང་། ལྷག་བསམ་གྱི་ཡོང་མིན་སོགས་ཀྱི་སྐད་ཆ་བཤད་ལུགས་སྣ་ཚོགས་ཤིག་ཡོང་མི་སྲིད་པ་མིན་དུས། སྤུན་གྲོགས་ཚང་མས་དེ་དོན་ཐུགས་ལ་བཞག་ནས་རང་གི་སྐད་ཡིག་གི་འཚོ་བའི་གྲུ་ཁ་ཆུང་ཆུང་འདི་ནས་ཤར་ལྷོ་ནུབ་བྱང་གང་དུ་ཡང་འབྲེལ་ཡོད་པའི་བོད་རིགས་སྤུན་ཟླ་དག་ལ་རང་རང་གི་བསམ་ཚུལ་ལྷུག་པོར་གནང་རྒྱུར་རེ་བ་ཡོད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཁང་གསར་རྡོ་རྗེ་ལགས། སྨྱུག་མིང་ལ་བསྔགས་བརྗོད་གནང་བ་ཐུགས་རྗེ་ཆེ། ཉིད་རང་འདི་རུ་ཕེབས་ནས་རང་གིས་བསམ་ཚུལ་ལྷུག་པོར་གནང་བ་དེ་བས་ཀྱང་རྗེས་སུ་ཡི་རུང་བྱེད།
ཉིད་ཀྱིས་ཟིན་བྲིས་གང་ཞིག་སྤེལ་ན་ཡང་། དངོས་ནས་སྤུན་གྲོགས་ཚང་མས་ཐུགས་ཡིད་ཚིམས་པོའི་སྒོ་ནས་ལྟ་ཀློག་དང་བསམ་ཚུལ་འབུལ་བཞིན་ཡོད་པ་རེད། དེ་ནི་སྤྱིའི་གནད་འགག་ཞིག་ཉིད་ཀྱིས་གསལ་སྤྲོད་བྱེད་ཀྱི་ཡོད་པས་རེད། རྗེས་ཕྱོགས་ཀྱང་ཉིད་ཀྱིས་གང་ཐུབ་ཀྱིས་ཟིན་བྲིས་མི་ཉུང་བ་རེ་སྤེལ་རྒྱུར་རེ་བ་ཡོད་ལ། ཉིད་ཀྱིས་གྲོགས་པོ་སྐད་གཉིས་མཁྱེན་མཁན་དེ་ལ་སྐུལ་སློང་རེ་བྱས་དེ་རང་གི་རིགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་ནི་ད་ལྟའི་དུས་ཚོད་འདི་ཉིད་ཡིན་པ་ངོ་སྤྲོད་བྱེད་རོགས།
མི་དེ་འདྲའི་ཤེས་ཡོན་ཅན་ཚོ་གཡིབ་ནས་བསྡད་ན་དངོས་ནས་ཤེས་ཡོན་ཡོད་ཀྱང་དེ་ཙམ་མ་རེད་དམ། ད་དུང་རང་མི་རང་གིས་རྒྱབ་སྐྱོར་དང་ཡིད་ཆེས་བྱེད་སྟངས་ལ་ཉིད་ཀྱིས་ཀྱང་སྐུལ་སློང་མི་དམན་པ་ཞིག་རྒྱུ་མཚན་དང་བཅས་དེ་གསུང་རོགས་གནོང་། ངས་ཀྱང་རང་གིས་གང་ཐུབ་ཐུབ་ཅིག་རང་རིགས་ཀྱི་ལར་ཞེན་དང་རང་མིས་རང་མི་ལ་ཡིད་ཆེས་བྱེད་སྟངས་རང་གིས་ཤེས་ཚོད་ཀྱི་སྐུལ་སློང་དང་འབོད་སྐུལ་བྱེད་ཆོག
བོད། ཤ་ཁྲག་རུས་གསུམ་ལགས། ཆེད་དུ་དུས་ཚོད་བཏང་སྟེ་དགོངས་འཆར་རྒྱས་པོ་ཞིག་གནང་བར་ཐུགས་རྗེ་ཆེ།
ཁྱེད་ཀྱི་སྨྱུག་མིང་དེ་མིང་གང་ལས་ཀྱང་སྙན་པ་ཞིག་ཡིན་པས། སྨྱུག་མིང་བཀོལ་མི་ཆོག་ཟེར་ན་དངོས་གནས་ཁས་ལེན་ཐབས་མེད་པ་ཞིག་རེད།
བོད་མིའི་ཁྲོད་དུ་རང་རིགས་ཀྱི་སྐད་ཆར་མཐོང་ཆུང་བྱེད་པ་དང་། རང་གིས་རྒྱུས་ཡོད་པའི་མིའི་བྱ་བ་དང་ནུས་པ་ལ་མཐོང་ཆུང་བྱེད་པ་འདི་ནོར་འཁྲུལ་ཞིག་རེད། མགོ་སེར་ཚོས་རང་གི་ངོ་ཤེས་དང་གྲོགས་པོ་གྲོགས་མོ་ཚོའི་འཇོན་ཐང་དང་ནུས་པ་ངོས་འཛིན་གྱིས་ཁོང་ཚོར་སྐུལ་ལྕག་དང་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་བྱེད་ཀྱིན་འདུག དེས་ངོ་ཤེས་དང་གྲོགས་པོ་གྲོགས་མོ་ཚོར་ཡང་ཧ་ཅང་ཕན་གྱི་ཡོད། རང་གི་ཉེ་ཁོར་གྱི་མིས་རང་ཉིད་ལ་རྒྱབ་སྐྱོར་མ་བྱས་ན་གཞན་སུས་བྱེད།
དེ་དང་མཉམ་དུ་བོད་མི་ཚོས་རང་གིས་རང་ལ་ཡིད་ཆེས་མི་བྱེད་པ་དང། རང་གི་ནུས་པ་དང་འཇོན་ཐང་ངོས་འཛིན་མི་ཐུབ་པའི་སྐྱོན་ཆ་ཡང་འདུག ངའི་ངོ་ཤེས་ཤིག་ཡོད། ངས་བལྟས་ན་ཁོང་གི་བོད་ཡིག་དང་རྒྱ་ཡིག་གི་ཤེས་ཚད་ཧ་ཅང་ལེགས་པར་མ་ཟད། གཞན་གྱི་རྩོམ་རིག་བཀླགས་རྗེས་བསམ་ཚུལ་ཧ་ཅང་གཏིང་ཟབ་དེ་འདྲ་བཤད་ཐུབ་ཀྱི་འདུག འོན་ཀྱང་ཁོ་རང་ལ་སྤོབས་པ་དང་ཡིད་ཆེས་མེད་སྟབས་རྩོམ་ཡིག་སྤེལ་ནུས་ཀྱི་མི་འདུག