༡
ནང་ གི་གཟུགས་མཐོང་རྒྱུ་མེད་པ་འདིས་ང་རང་ལ་དུས་རྒྱུན་ཏུ་མནར་གཅོད་གཏོང་བཞིན་ ཡོད། མནར་གཅོད་གཏོང་ལུགས་འདི་ཡང་མི་གཞན་སུ་ལ་ཡང་འབྲེལ་བ་མེད་པ་ཞིག་རེད་ཟེར་དཀའ་ ན་ཡང་། དེ་ནི་གཟུགས་མེད་ཀྱི་མནར་གཅོད་ཅིག་ཡིན་དུས། ཕལ་ཆེར་དེ་ནི་མི་དང་མིའི་བར་ལ་འབྲེལ་བ་ཡོད་པ་ཞིག་ལོས་ཡིན་ཟེར་ནས་བཤད་ཆོག་པ་ ཞིག་རེད། དུས་རྒྱུན་ཏུ་ང་རང་ནི་མི་ཁ་ཁུ་སིམ་པོ་དང་སྤྱོད་པ་ཡག་པོ་ཞིག་གི་གྲངས་སུ་ བརྩི་བཞིན་ཡོད། བརྩི་མཁན་དེ་དག་ཡང་ང་རང་གི་ཁོར་ཡུག་གི་ང་དང་འགྲོག་པའི་མི་དེ་དག་ཡིན། འོན་ཀྱང་། མི་དེ་དག་ནི་ཕོ་མོ་གང་ཡིན་ཡང་འགྲིག ཁོང་ཚོས་མཐོང་བ་ནི་ང་རང་གི་ཕྱིའི་སྤྱོད་པ་ཙམ་ཞིག་ཡིན། འོན་ཀྱང་། རང་ཉིད་ནི་དེ་ལས་ལྡོག་པའི་མི་ཞིག་ཆགས་ཡོད། དེ་ཉིད་ཤེས་མཁན་ཡང་རང་ཉིད་གཅིག་བུ་ཡིན། དེའི་བསྐོར་ངས་འདི་ནས་མུ་མཐུད་དུ་འབྲི་འདོད་ཡོད།
༢
ངས་ འདི་ལྟར་རང་ཉིད་གཞི་རུ་བཟུང་དེ་རང་གིས་རང་ཉིད་ལ་ལྟ་ཚུལ་ཞིག་སྤུན་གྲོགས་དག་ ལ་གསལ་བོ་ཞིག་བཤད་འདོད་ཡོད། ང་རང་ནི་ཁྱེད་ཅག་དང་འདྲ་བར་དགའ་སྐྱོ་ཆགས་སྡང་ཡོད་མཁན་ཞིག་ཡིན་པ་ནི་སྨྲོས་ མེད་རེད། འོན་ཀྱང་། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ཡོད་པ་ནི་ང་རང་ནི་དངོས་ནས་དྲན་རྒྱུ་མང་བའི་མི་བུ་ ཁྱད་འཚར་ཞིག་རེད་འདུག ངས་རང་གིས་རང་ལ་འདི་ལྟར་བལྟ་བཞིན་ཡོད། ང་ནི་སྲང་བར་དུ་སོང་ན་ནང་དུ་རང་ཉིད་ལ་བརྩེ་བའི་དགའ་རོགས་ཤིག་ཡོད་པ་ཡང་ བརྗེད་སླ་མཁན་གྱི་མི་ཞིག་རེད། ངས་སྲང་བར་གྱི་བུད་མེད་དེ་དག་གི་རྐུབ་དང་ནུ་མ། སྐྱེ་གཟུགས་སོགས་མིག་ལམ་ཏུ་མངོན་ཐེངས་རེར་ངའི་སེམས་པ་ཡང་དེ་དག་གི་གང་དུ་ ཆགས་པའི་ཉམས་འགྱུར་ཡོད་ས་དེ་རུ་ཤོར་འགྲོ་ལ། ཤོར་སོང་བའི་རྗེས་ཀྱི་སེམས་ནང་གི་ཚོར་བ་དེ་ཡང་གཏན་ནས་ཡག་པོ་ཞིག་མིན། བུད་མེད་ཅིག་གི་རྐུབ་ཤ་མཐོང་བ་ན་དེའི་རྐུབ་ཀྱི་འགུལ་སྟངས་དང་རྐུབ་ཀྱི་བཟོ་ ལྟ་སོགས་ལ་ཁ་རོག་གེར་ལྐོག་ལྟ་བྱེད་ཀྱི་ཡོད་ལ། སེམས་ནང་དུ་དེའི་རྐུབ་ནས་འཛེགས་ན་དངོས་ནས་སྐྱིད་པོ་ཡོད་ས་རེད་སོགས་དྲན་ བཞིན་འདུག ཡིན་ཡང་། དེ་ནི་མིག་གི་ལོང་སྤྱོད་བརྒྱུད་དེ་སེམས་པ་འཁྲིག་པའི་གོ་རིམ་ཞིག་ལས་ཕན་འབྲས་ གང་ཡང་མེད་ཀྱང་། ཉིན་ལྟར་འཚོ་འགྲམ་དང་སྲང་བར་ནས་བུད་མེད་དེ་དག་གི་རྐུབ་ཐུང་རེ་གོན་ནས་འགྲོ་ བ་མཐོང་ཐེངས་རེར་མིག་ཟུང་དེ་ཡི་རྗེས་སུ་ཡོད་ལ་སེམས་པ་ཡང་དེའི་རྐུབ་ལ་ཕྱོགས་ ཡོད། ཚུར་ལ་དགའ་མཁན་ཡང་བུད་མེད་དེ་དག་མིན་ལ། ཚུར་ལ་སེམས་འཁུར་བྱེད་མཁན་ཡང་བུད་མེད་དེ་དག་མིན་པ་ཤེས་ཀྱི་ཡོད་པས་ང་རང་གིས་ ད་དུང་བུད་མེད་དེ་དག་གི་རྒྱབ་མདུན་ཏུ་མིག་ཤོར་འགྲོ་བཞིན་ཡོད་པ་མ་ཟད། སེམས་པ་ཡང་འཁྲིག་བཞིན་ཡོད།
ནང་དུ་ལོག་དུས་བརྩེ་བའི་དགའ་རོགས་ཀྱིས་རང་ ཉིད་ཀྱི་བཟའ་བཏུང་དང་འགྲོ་འདུག གོན་རྒྱུ་དང་གཟུགས་པོའི་བདེ་ཐང་སོགས་ལ་ཡང་འགན་ལེན་བྱེད་ཀྱི་ཡོད་ཀྱང་། དེའི་གདོང་ལ་བལྟས་དེ་ལྷད་མེད་ཀྱི་འཛུམ་འདང་ཞིག་སྟོན་རྒྱུ་མེད་པར་ད་དུང་རང་ གི་སེམས་སུ་སུན་སྣང་ལྟ་བུ་ཞིག་སླེབས་ཀྱི་ཡོད། ལས་ཀ་རུ་སོང་དུས་ལས་རོགས་བུད་མེད་དེ་དག་གིས་རང་ཉིད་ལ་སེམས་འཁུར་དེ་དག་གི་ ཟུར་ཙམ་བྱེད་མཁན་མིན་ཡང་ད་དུང་རང་གིས་བུད་མེད་དེ་དག་ལ་འཛུམ་འདངས་སྟོན་པ་དང་ རྩེད་མོ་རྩེ་བ། གོ་སྐབས་ཅི་ཡོད་ལ་རང་ཉིད་མི་ཡག་འདོག་སྟོན་རྒྱུར་ཧ་ཅང་དགའ། ང་ནི་འདི་འདྲའི་མི་ཕྱི་ནང་ལོག་མཁན་ཞིག་རེད།
རང་གི་བརྩེ་བའི་དགའ་རོགས་ མས་རང་ཉིད་ལ་སེམས་བསམ་པའི་ཆགས་ཡོད་པ་དང་འཁྲིག་སྲེད་ཀྱི་དགའ་བདེ་ཡང་གང་འདོད་ སྤྱིན་ཐུབ་ཀྱི་ཡོད་ཀྱང་། རང་ཉིད་ནི་དེ་ལ་ཡིད་མི་འགུ་བར་ད་དུང་གློག་བརྙན་ནང་གི་བུད་མེད་གཅེར་གཟུགས་ དག་གིས་འཁྲབ་གཞུང་དམར་པོ་དག་ལ་བལྟ་རྒྱུར་འདོད་པ་ཤུགས་ཆེན་བྱེད་ཀྱི་ཡོད། དོན་དངོས་ཐོག་དེ་དག་ནི་རང་གི་དགའ་ཉེ་དང་དགའ་རོགས། སྙིང་གཏམ་གླེང་ས་སོགས་མི་ཉན་པ་ཤེས་ཀྱི་ཡོད་ཀྱང་། དུས་ཚོད་མང་ཤོས་དེ་དག་གི་ཁྲོད་ནས་ཆུད་ཟོས་སུ་གཏོང་བཞིན་ཡོད། ང་ནི་འདི་འདྲའི་མི་ཐབས་སྡུག་ཞིག་ཆགས་དོན་གང་ལ་ཐུག་ཡོད་མེད་ཀྱི་དྲི་བ་དེ་ཡང་ རང་གིས་རང་ལ་དྲིས་དུས། རང་ཉིད་ནི་མི་བུ་ཕྱི་ནང་གོ་ལྡོག་པ་ཞིག་བྱེད་མཁན་ཡིན་པ་ཤེས་སོང་། ཡིན་ཡང་། རང་གིས་གང་བསམ་པ་དེ་དག་བཤད་ས་ནི་རང་གིས་བརྩེ་བའི་དགའ་རོགས་མ་འདི་ཡིན་ཡང་། ཁོ་མོ་ལ་མི་བཤད་པར་ཡོད་ཚད་ཡིག་ཐོག་གམ་ཡང་ན་རང་ཉིད་ལ་རྒྱུས་མངའ་མེད་པ་དང་ སྡུག་རོགས་བྱེད་ས་ཞིག་ཉན་མིན་མི་ཤེས་པའི་མི་དེ་དག་ལ་བཤད་རྒྱུར་གོམ་ཡོད། འདི་འདྲའི་མི་གླེན་པ་ང་། དཀར་ནག་གོ་ལྡོག་གི་ལས་སུ་ཞུགས་དེ་རང་གི་མི་ཚེ་ལ་དཀའ་ངལ་མི་དགོས་ས་ནས་བཟོ་ བཞིན་ཡོད།
འཁྲིག་པ་སྤྱོད་ས་ནི་རང་གིས་བརྩེ་བའི་དགའ་རོགས་འདི་འདེམས་པ་ ཡིན་ཡང་། ཉིན་ནས་ཟླ། ཟླ་ནས་ལོ་འགོར་ནས་འོང་དུས། རང་གིས་འདེམས་པ་འདི་ལས་གཞན་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། འདི་ཡང་རྒྱུ་འབྲས་དང་གནས་ལུགས་བརྩི་དགོས་ཟེར་མཁན་གྱི་རང་ཉིད་ཀྱི་ལས་སྟངས་ ཤིག་གཏན་ནས་མིན་ན་ཡང་། གོ་སྐབས་མ་རེག་པ་མ་གཏོགས་པ་བུད་མེད་ཅིག་གིས་ཚུར་ང་རང་ལ་རེ་བ་བརྒྱབ་པ་ཡིན་ན་ དེའི་རེ་བ་སྐོང་འདོད་ཡོད་པའི་བསམ་བློ་འདི་ནི་གང་ལ་ཐུག་ཡོད་པ་རེད།
དོན་ དངོས་ཐོག་རང་ཉིད། རང་གིས་བརྕེ་བའི་བུ་མོ་འདི་དང་འགྲོག་ཉིན་ནས་བུད་མེད་གཞན་མང་བོ་ཞིག་ལ་མིག་ གིས་བལྟས་པ་ནས་སེམས་པ་ཕྱོགས་མྱོང་རུང་། ད་ལྟའི་བར་ཏུ་ལག་ལེན་ལ་གཅིག་ཀྱང་བསྟར་མྱོང་མེད་པ་འདི་ཡང་བཟང་ཕྱོགས་ཤིག་ཡིན་ མིན་བཤད་དཀའ་ཡང་། གོ་སྐབས་ཤིག་མ་རེག་པ་མ་གཏོགས། ཞི་མི་ཙི་གུ་མི་ཟ་མཁན་ཞིག་གཏན་ནས་རེད་མི་འདུག གང་ལྟར། རང་ཉིད་ཀྱི་སེམས་ནང་གི་དཀའ་ངལ་ནི་ཆགས་སྲེད་ཀྱི་ཚོར་བ་ལྕི་མོ་འདིས་རྟག་ཏུ་ རང་ཉིད་ལ་མགོ་གཡོག་བྱེད་ཀྱི་ཡོད།
གོ་སྐབས་འགྲིག་ན། ངས་བུད་མེད་ཅིག་གི་རྐུབ་ནས་འཛེགས་དེ་བུད་མེད་ཅིག་གི་སྟེང་དུ་འབུད་དེ་ཀུ་ རིང་ཞིག་དང་ལྷན་ཏུ་འཁྲིག་པ་ཡིད་ཚིམས་པ་ཞིག་སྤྱོད་འདོད་ཡོད། ཡིན་ཡང་། ཡིད་ཚིམས་པའི་འཁྲིག་པ་སྤྱོད་ས་ཞིག་དངོས་ནས་མི་སུ་ལ་རེག་སྲིད་པ་རེད། དོན་དངོས་ཐོག་ཡིད་ཚིམས་པའི་འཁྲིག་པ་སྤྱོད་ས་ཞིག་ཡོད་སྲིད་པ་རེད་དམ་སྙམ། འདི་ལྟར། ངས་རང་གི་ནང་གི་མནར་གཅོད་འདི་དག་ནི་བཤད་འདོད་སའི་བུད་མེད་ནི་ག་ཚོད་དགོས་ ཀྱི་ཡོད་པ་རེད།
འཇིག་རྟེན་སྤྱི་མཐུན་གྱི་བཤད་སྲོལ་ཡིན་ན་ང་རང་ལ་གཅིག་ མ་གཏོགས་དབང་ཆོག་གི་མེད་པ་རེད། ད་ནི་ང་རང་ལ་གཅིག་ནི་དབང་ཡོད་པ་རེད། དེ་ལས་གཞན་ལ་བསམ་བློ་གཏོང་བ་དང་གོ་སྐབས་རེག་མིན་ལ་བལྟ་བཞིན་ཡོད་པ་འདི་ནི་ང་ རང་གིས་ནོར་འཁྲུལ་ཡིན་ནམ་ཅི།
ཆུ་ཐིགས་སྔོན་མོ་ལགས། རེད་ལགས། ངས་ཀྱང་རང་ཉིད་འདི་ལམ་ཁ་ཞིག་ལ་སྙེགས་བཞིན་ཡོད་ལགས།
ལྷ་ཆབ་ལགས། ང་རང་ཡར་རྒྱས་འགྲོ་བཞིན་པར་མཐོང་བ་དེར་ཐུགས་རྗེ་ཆེ། རང་གིས་ཀྱང་ཐུབ་ཚོད་ཅིག་ཤུ་རེ་བྱེད་ཀྱི་ཡོད།
གཉའ་འབྲོང་ཐུ་བུ་ལགས། སྐྱེ་བུ་དམ་གུང་ཐང་བསྟན་པའི་སྒྲོན་མེ་ཚང་གི་གསུང་དེ་དང་མཁས་དབང་དགེ་ཆོས་གཉིས་ཀྱི་གསུངས་རེ་དྲངས་དེ་ང་རང་ལ་བསམ་བློ་གཏོང་བར་སྐུལ་བ་དེར་ཐུགས་རྗེ་ཆེ། ཡིན་ཡང་། རང་ཉིད་ནི་རང་ཉིད་ཀྱི་སེམས་ཁོང་ལ་རྒྱུས་མངའ་ཡོད་མཁན་ཐོག་མ་དེ་ཡིན་དུས། ངས་རང་གིས་རང་ངོ་ཤེས་ཚུལ་འདི་འབྲི་བཞིན་ཡོད་ལགས།
གཅན་བཟོད་རྒྱམ་ལགས། ཉིད་ཀྱིས་བསམ་ཚུལ་དང་བདག་གིས་བསམ་ཚུལ་གཉིས་མཐུན་སྣང་དུ་གཟིགས་པ་དེར་ཐུགས་རྗེ་ཆེ། ངས་ཀྱང་མུ་མཐུད་དུ་འབད་པ་བྱེད་ངེས་ཡིན།
ཁྱོད་ཀྱིས་བཤད་པ་མང་པོ་ཞིག་ངེད་དང་གཅིག་མཚུངས་རེད་འདུག་ དེ་ནི་ཁྱོད་ཀྱིས་བྲིས་པ་དངོས་དང་ཁ་ཐག་ཉེ་བས་རེད་ས྄ྙམ། ཁྱོད་ཀྱི་ཚིག་ས྄ྡེབ་ཡར་ར྄ྒྱས་སུ་ཕྱིན་འདུག་ མུ་མཐུད་ནས་འབྲི་རོགས།
གྲོགས་པོ་ལགས། ནང་བསྟན་གཞུང་ལུགས་ནང་། འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ། །
ཅི་ཙམ་འཐུང་ཡང་སྲེད་པ་འཕེལ་བའི་རྒྱུ། །
ཞེས་པ་ཞིག་ཡོད་ལ། མཁས་དབང་དགེ་ཆོས་ལགས་ཀྱིས། འདོད་པའི་ཁམས་ན་འདོད་ཡོན་མང་མོད་ཀྱང་། །བུད་མེད་འདོམས་ལས་ལྷག་ངས་མ་མཐོང་། །གསུངས། ཁྱོད་ཀྱིས་འདི་གཉིས་ཀྱི་ནང་ནས་གང་ཉམས་ལེན་བྱེད་ན་འདོད་ན་རང་དབང་རེད། ཡིན་ནའང་རང་ཉིད་བསམ་བློའི་བྲན་གཡོག་བྱེད་མི་རུང་བར་བསམ་བློའི་དཔོན་པོ་བྱེད་དགོས་པ་ཞིག་ཏུ་མཐོང་།
གྲོགས་པོ། གཞི་བདག་ང་ཡང་ཐོན་ནས་སྔ་མོ་ནས་བཀླགས་ཟིན། ད་སྐབས་ཁྱེད་ཀྱི་ཡར་རྒྱས་ལ་མཐའ་མེད་དོ།།
གྲོགས་པོ་མྱུར་མགྱོགས་ཅན་བདེ་བོ། རང་ཉིད་ངོ་ཤེས་ཏེ་རང་ཉིད་ཀྱི་འདས་དོན་རྣམས་འདི་ལྟར་སྨྲ་བ་གཟུ་བོར་གནས་པའི་རྟགས་རེད། མི་སུ་ཡིན་ཡང་རང་རང་ས་ན་སྐྱོན་ཞིག་མེད་ས་མེད་ཅེས་གནའ་རབས་པ་དག་གི་ངག་ན་རླུང་ལྟར་གྲགས་ཡོད་པས་དེ་ལ་ཡིད་སྐྱོ་དགོས་མེད། ད་དུང་མ་འོངས་པའི་ལམ་ཁར་ཇི་ལྟར་འགྲོ་དགོས་མིན་ལ་གཞིག་རྒྱུ་ལྷག་ཡོད།