ངུ་བཞིན་པའི་ངོ་གདོང་དེ ཚུར་ལ་བསྟན་ན
དགོད་བཞིན་པའི་འཛུམ་མདངས་ཤིག ག་ལེར་ཤི་འགྲོ
འདི་ལྟ་བུའི་ངང་ཚུལ་ཞིག
མི་ཡུལ་འདི་ན རྒྱུན་ཏུ་བྱུང་བཞིན་ཡོད
ཆང་ཕོར་གཅིག་གི་ཚབ་དུ
ཆུ་འཁྱག་ཕོར་བཀང་ ངས་ཁྱེད་ལ་འདྲེན
ཡིན་ཡང་ ཁྱེད་ཀྱིས་འདི་ཉིད་འཐུང་རྗེས
བདུད་བརྩི་རུ་བསྒོམ་ན
ད་གཟོད འུ་གཉིས་གྱེས་ཁའི་དྲན་རྟེན་ཡིན
འཛམ་གླིང་འདི ས་སྟེང་གི་སྐྱེ་འགྲོ་ཡོངས་ཀྱི་ཡིན
དེའི་ཕྱིར ངེད་གཉིས་ཀྱང་ས་སྒང་འདིའི་བདག་པོ་ཡིན
འོན་ཀྱང་ ད་ལྟ་གནས་ཚང་ཞིག་ལས
ཅི་ཡང་མེད་པའི་ས་མཐའ་ནས
ངས་ཁྱེད་རང་ལ་སྙིང་གཏམ་ཞིག་བཤད་འདོད་ཀྱང་
འགྲིན་པ་འགག་ནས་ཡོང་གི་མི་འདུག
༩།༧།༠༩
འཇམ་མགོན་ལགས། མིའི་སྐྱོ་བ་ནི་དེ་ལྟར་ལས་སླ་བོ་ཞིག་སངས་འགྲོ་བ་མིན་ལ། ངས་ཉིད་ཀྱིས་སྐྱོ་བ་སངས་རྒྱུའི་རོགས་རེ་བྱེད་ཐུབ་ཀྱི་ཡོད་ན་ང་རང་གིས་ཤུ་རེ་ལོས་བྱེད། བྱེད་ངེས་ཡིན་ལགས།
གཉའ་འབྲོང་ཐུ་བུ་ལགས། འཆི་བ་ཟེར་བ་འདི་སླེབས་ཉིན་སུ་ལ་ཡང་ངོ་གསོ་མེད་དུས། ད་ནི་བྱ་ཐབས་ཤིག་ག་ལ་ཡོད། དེ་ལས་ངེད་ཅག་གི་ཁོང་ཉིད་གཙོ་བའི་འདས་པོ་ཡོངས་ཀྱི་ཆེད་དུ་མ་ཎི་རེ་འདོན་ཡ་ ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། དགེ་བ་འདི་ཡིས་མྱུར་ཏུ་བདག། སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།། འགྲོ་བ་གཅིག་གྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག།
ཧ་བོ་ཧ་བོ་སྙིང་རྗེ།
བོད། ཤ་ཁྲག་རུས་གསུམ་ལགས། ཉིད་བདག་གིས་བྲིས་པར་ཐུགས་ཁུར་གནང་བཀའ་དྲིན་ཞུ། ཡིན་ཡང་ཉིད་ཀྱི་གསུང་ལམ་འགག་མཚམས་དེ་ང་ལ་ཧ་ཅང་མཁོ་བས་དེ་ད་དུང་ཐོན་མེད་པས་སྐྱོ་བ་སངས་མེད། རེ་བ་ཆེ།
ཚེ་འདིས་དེའི་ཆེད་དུ་ངས་ཀྱང་མ་ཎི་རེ་འདོན་བཞིན་ཡོད། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ། ཚེ་འདས་འདིའི་གཙོ་བའི་ཚེ་འདས་ཡོངས་ཀྱི་ཆེད་དུ་ཨོཾ་མ་ཎི་པདྨེ་ཧྰུྃ།
རེད་ལགས། ཐུགས་རྗེ་ཆེ། ང་རང་གིས་གནས་ཚུལ་ཚང་མ་ཧ་གོ་སོང་། ངས་ཀྱང་ཨ་ཅེ་མགོན་པོ་འཚོ་ལ་དེ་རིང་ཁ་པར་བཏང་ནས་རང་གིས་ཤེས་ཚོད་ཅིག་སེམས་གསོ་བྱས་པ་ཡིན།
ཤ་ཁྲག་ལགས། སང་ཉིན་མགོན་པོ་དོན་འགྲུབ་དམ་པ་ཁོང་གི་སྐུ་ཕུང་སྦྱིན་སྲེག་གི་ཉིན་མོ་རེད། ད་ནངས་ཁྱེད་ཚང་གི་ཕྱག་རྡོར་ལ་ཐུག་ནས་ངེད་གཉིས་ཀྱིས་དེའི་སྐོར་ཤོད་སྐབས། ཁོས་ཉིན་འགའི་སྔོན་ལ་བལྟ་རུ་སོང་བ་ཡིན། རྒྱུ་མཚན་ནི་ངེད་ཚང་གི་རྟོགས་ལྡན་གྱི་དྲིན་ཆེན་ཞིག་ཡིན་ཟེར། སང་ཉིན་སྐུ་ཕུང་སྦྱིན་སྲེག་གི་སྐབས་ཀྱང་འགྲོ་ཡིན་ཟེར་གྱིན་འདུག ང་ཡང་འགྲོ་ངེས་ཡིན།
དབུས་ཕྲུག་ལགས། དུངས་སེམས་དང་ངེད་ཅག་ཀུན་ལ་ཡོད་པ་ཞིག་རེད་ལགས།
འཇམ་མགོན་ལགས། ཉིད་ཀྱིས་དངོས་ནས་སྙན་ཚིག་ཡག་པོ་ཞིག་འདི་རུ་ང་རང་ལ་རྒྱབ་སྐྱོར་གྱི་ཚུལ་ཏུ་བྲིས་གནང་བ་དེར་ཐུགས་རྗེ་ཆེ།
ཁྱོད་ལ་ཁག་མེད།
སྐབས་དེར་ང་ཡང་བཤད་མི་ཤེས་པའི་ཚོར་འདུ་ཧ་ཅང་ལྕི།
ཐག་རིང་ཐག་རིང་ཞིག་ནས།
ཁ་ཐག་དང་ཞེ་རྩ་སྣོན་མར་བཏབ་ནས།
ཁྱོད་ནམ་ཡོང་ལ་རེ་སྒེག་ཐེངས་མང་བྱས།
སྒུག་སྒུག་ནས་སེམས་པ་ཤི་རྗེས།
ད་གཟོད་ངས་ས་མཐའ་ན་ཇི་ཡང་དབེན་པ་ཚོར།
ད་ལྟ་ཁྱེད་ཀྱི་འཁྲེང་ཞེན་ན་བཞུར་པའི་སེམས་གཏམ་ཕྲ་མོ་དེའང་།
ས་མཐའ་ནས་རྒས་སྟེ་ཕྱིར་རང་ཡུལ་ལ་འཐུམ་ན་བསམ།
ཡིན་ཡང་། ངས་རེ་འབྲས་ཀྱི་གཤིན་ས་ད་དུང་སྟོང་མེད་པར།
ཁྱོད་ཀྱི་འགག་ཟིན་པའི་སྙིང་གཏམ་དེ་ཉན་འདོད་ཧ་ཅང་ཆེ།
འདི་ནི་ས་མཐའ་ནས་གྱེར་བའི་དུང་སེམས་ཤིག་རེད།