ང་འགྲོ་གྲབས་ཡོད ངའི་ཁང་ཆུང་དེ་མེ་བསྲེག་གཏོང་རོགས
ང་འགྲོ་གྲབས་ཡོད ངའི་ལུས་པོ་འདི་དུར་ཁྲོད་དུ་བསྐྱེལ་རོགས
ང་འགྲོ་གྲབས་ཡོད ངའི་ཡིད་སེམས་འདི་རླུང་གི་སྤུར་རོགས
ང་འགྲོ་གྲབས་ཡོད ངའི་ཕུགས་བསམ་འདི་རླབས་ཀྱི་འཕྱོ་རོགས
ང་འགྲོ་གྲབས་ཡོད ངའི་རེ་བ་འདི་འོད་ཀྱི་གཏོར་རོགས
གང་ལྟར ང་མ་སོང་བའི་སྔོན་དེར
ངས་ཁྱེད་རང་གཅིག་བུ་ལ་གཅིག་བཤད་འདོད་ཡོད
ཁྱེད་ཀྱི་འཁྲིས་སུ་ལྐོག་ཉན་བྱེད་མཁན་གྱི་རྣ་བ་མེད་ན
ཁྱེད་ཀྱི་གམ་ཏུ་མི་ཚོང་རྒྱག་མཁན་གྱི་ཉེས་ཅན་མེད་ན
ཁྱེད་ཀྱི་འགྲམ་ཏུ་རང་ལུས་ཁྱི་ཁར་སྟེར་འཕོད་མཁན་མེད་ན
ཁྱེད་ཀྱི་ཁང་ཆུང་དུ་ཁྲེལ་གཞུང་མེད་པའི་བྱམས་པ་ཞིག་མེད་ན
འགྲོ་གྲབས་ཡོད་པའི་ང་རང་གི་རྐང་རྗེས་སུ
འགྲོ་གྲབས་ཡོད་པའི་ང་རང་གི་མིག་མདུན་ཏུ
འགྲོ་གྲབས་ཡོད་པའི་ང་རང་གི་སེམས་ཁོང་དུ
འགྲོ་གྲབས་ཡོད་པའི་ང་རང་གི་སྙན་ངག་ཁྲོད་དུ
འགྲོ་གྲབས་ཡོད་པའི་ང་རང་གི་འཇིག་རྟེན་ན
ཁྱེད་མེད་པའི་ཕྱི་དྲོ་དེ་ནས་བཟུང་
ཁ་ཆེམས་སྒྱོག་བཀང་ འོ་མ་ཟོ་བཀང་གི་ནང་དུ
ཁྱེད་སོང། གང་ལའང་ཁྱེད་ཕྱིན་སོང། ཁྱོད་ནམ་མཁའ་ལ་འཕུར་ཐུབ་རུང། ཁྱེད་ས་འོག་ལ་འཛུལ་ཐུབ་རུང། ཁྱེད་ཕྱིན་སོང། ཞེན་ཆགས་དང་ཡིད་ལུས་མེད་པར་ཕྱིན་སོང། ཁྱེད་སོང་ཤུལ་གྱི་མལ་ཆས་རྙིང་ཧྲུལ་དག་ངས་བདག་བཟུང་བྱེད་ཆོག ཧ་ཧ་ཧ་ཧ
ཁྱོད་སོང་ཤུལ་དུ།
ངས་ཁྱོད་ཀྱི་རྐང་རྗེས་བཙལ།
རི་ཀླུང་དང་བྱེ་ཐང།
གང་དུའང་ཁྱོད་ཀྱིས་རྐང་རྗེས་མ་རྙེད།
དེར་བརྟེན།ངས་ཁྱོད་ཕྱིན་པ་དེ་ཁྱོད་མ་སོང་དང་ཁྱད་པར་གང་ཡང་འབྱེད་མ་ཐུབ།
ངས་བཟོད་པར་མི་ནུས།
ཁྱོད་མ་འགྲོ་རོགས།
ཁྱེད་ཀྱི་མེ་ཏོག་བཞིན་བཞད་པའི་བརྩམས་བྱ་དེ་དག
ངས་ད་དུང་བཏུང་ཚར་མེད་པས།
ཁྱེད་འདི་ལྟར་བཞུད་ག་ལ་རུང་།
ཁྱེད་མ་འགྲོ་རོགས།
ད་དུང་ཁྱེད་ལ་ཟུར་མིག་གི་མདའ་མོ་གཡོ་བ་ག་ཚོད་ཞིག
སྙིང་རྗེ་སྒོམ་རོགས།
འདི་ལྟར་མ་བཞུད་རོགས།
གནམ་ལྕགས་ལགས། ཁྱེད་ཚང་གི་རྩམ་བསིར་དེ་དག་ལ་ཡང་ཡང་སྣོམ་ཏུ་ཡོང་ངེས་ཡིན། གནམ་ལྕགས་ཀྱིས་དྲང་བདེན་དང་གནས་ལུགས་ཁོ་ན་བཤད་རྒྱུར་སུ་ལ་ཡང་འཇིགས་སྣང་མེད་ཟེར་བས་བློ་སྤོབས་དེར་རྒྱབ་སྐྱོར་དང་ཡི་རུང་ཡོད།
གཞི་བདག་ལགས། ཁོམ་པ་རེ་ཡོད་ན་གནམ་ལྕགས་ཚང་ལ་ཞོག་དང་ཁྱོད་ལ་རྩམ་བསིར་རེ་བྲོ་རྒྱུ་ཡོད།
བསང་ཆུ་འབྲུག་བྷེ་ལགས། ཡུན་རིང་ཞིག་ལ་མཐོང་མ་སོང་། དེ་རིང་འདི་རུ་ཡོང་ནས་བསམ་ཚུལ་ཐུང་ཐུང་ཞིག་བཀོད་དེ་ཕེབས་འདུག ཐུགས་རྗེ་ཆེ། སྣང་ཚུལ་དེ་ནི་མིའི་རང་བྱུང་གི་སེམས་གཤིས་ལ་འགྱུར་བག་རྒོད་ས་ནས་འདི་འདྲ་རེ་ཡོང་གི་འདུག་ཀྱང་། འདི་ནི་རང་དབང་གི་སེམས་ཁམས་ཤིག་ལས་བཞུར་བས་གཏམ་ཞིག་ཡིན་ན་ཅི་སྐྱོན་སྙམ། ཡིན་ཡང་། ཉིད་ཀྱིས་གསུང་བ་དེ་ལ་བདེན་པ་མེད་པ་ཞིག་ག་ལ་ཡིན་ལགས།
ཨ་རྱ་ལགས། ཉིད་ལ་ཐུགས་རྗེ་ཆེ། ངས་ཉིད་ལ་འབྲེལ་བ་བྱེད་ངེས་ཡིན། རྒྱབ་སྐྱོར་གནང་བ་དེར་བཀའ་དྲིན་ཆེ།
དགོངས་དག་མྱུར་ཐོངས་ མྱུར་འཕྲིན་ལ་བཅོས་རོགས།
འགྲིག་འདུག་རང་གིས་གང་འདོད་པ་དང་ཡང་ན་ཚོར་སྣང་ངམ་འཆར་སྣང་བན་བུན་དེ་དག་འབྲི་དགོས་པ་རེད། འོ་འདས་པོ་མགོན་པོ་དོན་གྲུབ་འཆི་རྐྱེན་སྐོར་ངས་ཅུང་གསལ་བོ་གོ་ཐ་ཁྱོད་ཀྱིས་གོ་མེད་ན་ངས་བཤད་ཆོག་ཀྱང་འདི་ངེད་གཉིས་སྐད་སྐུར་བྱེད་ས་ཙམ་མིན་པས་འདིའི་(j_jinpa@yahoo.com)སྟེང་དུ་མྱུར་ཐོངས་དང་དེ་ནས་ངས་ཁྱོད་ལ་གསལ་བོར་བཤད་ཆོག
གྲོགས་པོ། སྣང་ཚུལ་དེ་ཁྱོན་ཡག་པོ་མི་འདུག དེ་ལས་ནམ་མཁའ་འདི་དང་ས་གཞི་འདི་ང་ལ་དབང་བར་འདོད་དེ་རྒྱང་རིང་རྒྱང་རིང་ཞིག་ལ་བསམ་བློ་གཏོང་རོགས།