མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའེ་ཁན་རྗག་སན་ཤི་ཡོད་མེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

མའེ་ཁའི་རྗག་སན་ལ་དགའ་མཁན་དང་མའི་ཁའི་རྗག་སན་གྱི་གླུ་གཞས་ལ་ཧ་ཅང་ཉན་མྱོང་མཁན་རྣམས་པ་ལགས། འདི་ནི་མི་ཞིག་འདས་པར་ཉིན་གྲངས་ཁ་ཤས་ཀྱི་སྔོན་ཏུ་བསྒྲགས་ནས་མི་མང་བོ་ཞིག་གིས་དེའི་ཤི་རྐྱེན་ལ་མྱ་ངན་དང་ཞུ་ཚིགས། བློ་འགྱོད་དང་སྡུག་བསྔལ། ཐ་ན་རང་སྲོག་མི་ཉུང་བ་ཞིག་ཀྱང་ཆད་རྗེས་ཀྱི་གནས་ཚུལ་ཞིག་གླེང་ན།

རྗག་སན་ཁོ་ནི་མི་གཞན་དང་མི་འདྲ་བའི་བྱ་སྤྱོད་དང་གཞན་དང་མི་འདྲ་བའི་སྒྱུ་རྩལ་བ་ཞིག་གི་མཚན་ཉིད་ཐོབ་པ་ཞིག་ཡིན་པ་ཁོ་རང་ཤེས་མཁན་དག་གིས་ཤེས་སྲིད་ཡིན་པས་དེའི་བསྐོར་གླེང་མི་དགོས་པ་བྱོས། དེ་རིང་ངས་འདི་ནས་གླེང་རྒྱུ་དེ་ནི་མི་ཁོ་རང་ཤི་ཡོད་མེད་ཀྱི་གནས་ཚུལ་བསྐོར་ཡིན། མི་སྣ་འདི་འདྲའི་རླབས་ཆེན་ཞིག་གིས་རང་ཉིད་གློ་བར་ཏུ་འཇིག་རྟེན་འདི་དང་གྱེས་པའི་གཏམ་དེ་འདྲ་ཞིག་རང་ཉིད་ཀྱི་གླུ་གཞས་ལ་ཆེས་དགའ་མཁན་གྱི་འཛམ་གླིང་འདིས་སྟེང་གི་མི་དག་ལ་དེ་ལྟར་བཤད་འཕོད་དམ།

མི་འདི་ནི་ནམ་རྒྱུན་ཏུ་དུག་རྫས་རིགས་ལ་གོམ་པ་ཞིག་ཡིན་སྟབས། ཁོ་རང་ནམ་ཤི་ལ་ཡང་ཁོ་རང་གིས་འགན་འཁུར་མྱོང་མེད་པ་ཞིག་ལོས་ཡིན། འདི་ནི་སྒྱུ་རྩལ་བ་ཞིག་ཡིན་པ་བདེན་ཡང་། མི་འདི་ནི་སེམས་ཁམས་དེ་འདྲའི་དངས་མོ་ཞིག་ཡིན་མིན་དེ་ནི་བཤད་དཀའ་བར་སྣང་། གང་ཡིན་ཟེར་ན། ཁོས་རྟག་ཏུ་མི་སྤྱོད་ལས་འདས་པའི་བྱ་བ་མང་བོ་ཞིག་ལ་ཚོད་ལྟ་བྱས་མྱོང་བ་བྱས་ཟིན་པས་ནག་ཉེས་ཀྱང་ཡོད་པ་མ་ཡིན་ནམ།

སྤྱིར་ན་རྗག་སན་གྱི་གླུ་གཞས་མ་གཏོགས་རྣ་བའི་གོ་མྱོང་མེད་པའི་འུ་ཅག་གིས་རིགས་མི་ཉུང་བ་ཞིག་གིས་ཀྱང་ཁོང་ཉིད་ནི་འཛམ་གླིང་གི་གླུ་གར་གྱི་རྒྱལ་བོ་ཡིན་རབས་སོགས་གླེང་བཞིན་ཡོད། ཡིན་ཡང་། ཁོ་རང་མི་ཚེ་གང་བོར་གླེང་བའི་གླུ་གཞས་མང་ཤོས་ནི་ཆགས་སྲེད་ཀྱི་བསྐོར་ལས་མིའི་སེམས་ཁམས་ལ་ལྷིང་འཇག་བསྐྲུན་པའི་དངས་གཙང་གི་གླུ་གཞས་ནི་ཆེས་དཀོན་པོ་ཡིན་སྟབས། ཁོ་རང་གི་གླུ་གཞས་གང་ཞིག་བཏང་ན་དེ་ནས་ཆགས་སྲེད་ཀྱི་སེམས་ཁམས་སྨྱོས་པའི་བུད་མེད་མི་ཉུང་བ་རེ་སྨན་ཁང་དུ་བསྐྱེལ་དགོས་པ་དང་ཡང་ན་རང་ཤི་རྒྱག་པ་སོགས་བྱུང་གི་ཡོད་པ་མ་ཡིན་ནམ།

ཉེ་སྔོན་ཁོ་རང་གྲོངས་པ་བསྒྲགས་མ་ཐག་ཡང་སེམས་ཁོང་གི་ལྷ་རུ་སྒོམ་པའི་ཆགས་སྲེད་ཀྱི་སྨྱོས་པའི་བུད་མེད་བཅུ་གཉིས་ཀྱི་རང་སྲོག་བཅད་ཡོད་པ་རེད། མི་དེ་དག་གི་རང་གི་བརྩེ་བའི་དྲིན་ཆེན་གྱི་ཕ་མ་དང་ཉེ་དུ། ཆེ་ས་རྒྱལ་ཁབ་ཀྱི་བདེན་དོན་ཆེད་དུ་རང་སྲོག་གཅོད་མ་ཐུབ་པར་མི་འདི་འཛམ་གླིང་འདི་དང་ཁ་གྱེས་པ་ཐོས་མ་ཐག་རང་སྲོག་བཅད་པའི་ནག་ཉེས་དེ་ཡང་ཁོ་རང་ལ་ཡོད་ཆོག་པ་ཞིག་མ་རེད་དམ།

ཁོ་རང་ལ་སྐྱོན་ལས་དགེ་མེད་པ་ཞིག་ཀྱང་གཏན་ནས་མིན། ཁོ་རང་གིས་གཞས་བཏང་བས་ཡོང་སྒོ་ཡང་འཛམ་གླིང་གི་ཕྱུག་བདག་གི་གདན་གྲལ་ཏུ་སླེབས་ཟིན་པ་ཡིན། སྙན་གྲགས་ཆེས་ཆེ་བའི་མི་སྣ་ཞིག་ཀྱང་ཆགས་ཡོད་པ་རེད། ད་དུང་། ཁོས་རང་གིས་དངུལ་དེ་དག་གི་ཡོང་འབབ་ཁྲོད་ནས་འཛམ་གླིང་གི་ཉམ་ཐག་སྡེ་ཚན་ཁག་མི་ཉུང་བ་ཞིག་ལ་ཞལ་འདེབས་དང་རོགས་རམ་བྱས་པ་དེ་ཡང་གྲངས་ཀ་ཉུང་ཉུང་ཞིག་ཆགས་མེད་པ་ཡིན། འདི་ནི་སྐྱེ་བོ་སྒེར་ཞིག་གིས་རང་གི་སྐད་ངག་དང་སྒྱུ་རྩལ་ལ་བརྟེན་ནས་འཛམ་གླིང་ཞབས་འདེགས་ཞུ་མཁན་ཆེས་རླབས་ཆེན་ཞིག་ཀྱང་ཁོ་རང་ཆགས་ཡོད་པ་རེད།

མཐའ་དོན་ཞིག་གླེང་ན། ཁོ་རང་གིས་རང་ཉིད་ཤི་ཡོད་པར་བསྒྲགས་ནས་འཛམ་གླིང་མི་མང་ལ་ཧང་སངས་དུ་འཇུག་འདོད་ཡོད་པ་རེད་ཟེར་བས་སྐད་ཆ་དེ་ནི་དངོས་ནས་མི་སྣ་སྙན་གྲགས་ཅན་ཞིག་གི་བྱེད་སྟངས་གཏན་ནས་མིན་ལ། མི་སྣ་གནད་ཡོད་ཅིག་གི་སྐད་ཆ་ཡང་གཏན་ནས་ཆགས་མེད་པ་ཡིན་དུས། གལ་ཏེ། ཁོ་རང་དངོས་ནས་ཤི་མེད་པ་ཡིན་ན། ཁོ་རང་གིས་རང་ཉིད་ཤི་བ་བསྒྲགས་མ་ཐག བུད་མེད་བཅུ་གཉིས་ཀྱིས་རང་སྲོག་བཅད་པའི་ནག་ཉེས་དེས་ཁོ་རང་སླར་ཡང་འཆི་ལམ་ཏུ་འདེད་མི་སྲིད་པ་མིན། གང་ཡིན་ཟེར་ན་ཁྲིམས་གཏུག་བྱེད་མཁན་ཞིག་བྱུང་ཉིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. sha tak ri sim says:
    ལོ་ 17 སྔོན།

    ཁ་བ་ལགས། ལྡོག་ཏུ་མེད་པ་ནི་འཆི་བ་རེད། བློ་ཕམ་བྱུང་དགོས་དོན་གང་ཡང་ལུས་མེད་པར་སྙམ་ལགས།

    གནམ་ལྕགས་ལགས། འདི་ནི་གནས་ཚུལ་གསར་བ་རེད། མའེ་ཁའི་རྗག་སན་ཤི་མེད་པའི་གནས་ཚུལ་མང་བོ་ཞིག་གསར་འགྱུར་དག་ལ་བསྒྲགས་བཞིན་ཡོད་པ་དེ་ལས་འཕྲོས་པའི་གཏམ་ཞིག་ཡིན་ལགས། བདེན་པ་ཁུངས་ཐུབ་ཡིན་མིན་དེ་ནི་ངས་ཀྱང་གསལ་བོ་ཞིག་མི་ཤེས་ལགས། ངས་གོ་བ་ཡང་གསར་འགྱུར་དག་ལས་ཡིན། ཡིན་ཡང་། ཉིན་གྲངས་མང་བོ་ཞིག་འགོར་མི་དགོས་པར་སྐད་ཆ་དེ་གསལ་བོ་ཆགས་ངེས་རེད་ཅེས་ངས་གསལ་བོ་ཞིག་བཤད་ཡོད་འདོད།

    འཇམ་མགོན་ལགས། སྐུ་ཉིད་ཞེ་སྡང་སྐྱེ་བ་ལས་སེམས་ཤུགས་འཕར་བ་དང་སྙིང་སྟོབས་སྐྱེ་ནས་ཇི་སྲིད་བོད་ལ་བདེན་མཐའ་མ་སེལ་བར་བོད་དོན་འཐབ་རྩོད་ཀྱི་སེམས་ཤུགས་མི་འགྱུར་བ་ཞིག་བྱེད་ཐུབ་པ་ཡིན་ན་ཡག་པོ་མ་རེད་དམ་ལགས།

    གཉའ་འབྲོང་ཐུ་བུ་ལགས། ཁོ་ཤི་ཡོད་མེད་ཀྱི་གནས་ཚུལ་བསྐོར་ལ་ངས་གོང་ནས་གནམ་ལྕགས་ལགས་ལ་ལན་བཏབ་པ་དེ་བས་འཐུས་པ་བྱས་ལགས།

    Reply
  2. dongthe says:
    ལོ་ 17 སྔོན།

    བཀླགས་ཟིན། ཁོ་ཤི་བ་བདེན་པ་མ་རེད་དམ།

    Reply
  3. jamgon says:
    ལོ་ 17 སྔོན།

    དོན་དངོས་ཐོག་སྙན་གྲགས་དབྱིངས་ལ་དཔྱོད་བཞིན་པ་ཞིག་གི་བྱུང་རྐྱེན་ལ་ང་སེམས་ཚགས་གང་ཡང་བྱུང་མ་སོང་།
    དོན་མེད་དང་རང་དབང་མེད་པའི་བོད་དང་ཞིན་ཅང་གི་དམར་གསོད་དེ་དག་ལ་ངས་ཇི་ལྟར་སྒོམ་ཡང་ཞེ་སྡང་དེ་བས་ཆེ།

    Reply
  4. kkalsang says:
    ལོ་ 17 སྔོན།

    ཤ་ཁྲག་ལགས། དོན་དམ་ཁོ་ཤི་སོང་བ་རེད་དམ་ཅི། ཁྱོད་ཀྱི་རྩོམ་ཉོག་འདིས་ག་རེ་ལབ་འདོད་པ་ཡིན་མིན་མི་ཤེས། ཁྱོད་ཀྱིས་ག་རེ་བརྗོད་འདོད་པ་ཡིན།

    Reply
  5. kawakarpo says:
    ལོ་ 17 སྔོན།

    གང་ལྟར་རླབས་ཆེ་བའི་མི་སྣ་འདི་གྲོངས་ཟིན་པར་བློ་ཕམ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese