མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆི་རྒྱུ་རྒས་རྒྱུ་ཡོད་མེད་རང་རང་གི་བརྟག་དཔྱད་ལ་རེག་ལས་པ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

ལུང་ལ་རྒས་རྒྱུ་ཡོད་ལ་འཆི་རྒྱུའང་ཡོད་ཅེས་པ་བཀླགས་རྗེས་སུ། །

 

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༡༤ ཉིན་འདོན་སྤེལ་བྱས། ངས་ཆོས་ལུགས་ལ་སྦྱང་བ་བྱས་མ་མྱོངས་པས་རྗེ་རིན་པོ་ཆེས་མཚོན་པའི་སྔོན་བྱོན་མཁས་པ་དམ་པ་དག་ལ་མིའི་ལྟ་སྟངས་བཟུང་ནས་སྐད་ཆ་བཤད་ཀི་ཡོད་པ་ལས།
ཉིད་ཀྱིས་སྐད་ཆ་འདི་ཐོས་པ་ཙམ་ནས་ཉིད་ཀྱིས་རྩོམ་ཡིག་འདི་ལ་ཡག་ཉེས་གང་ཡང་བཤད་འདོད་ཞིག་མི་འདུག་ལགས། ཟ་ལེ་རྒྱལ་ལགས་ནམ་རྒྱུན་ངས་ཁྱེད་རང་མི་བསམ་ཡོད་ཅིག་ལ་བལྟས་པ་ཡིན། དེ་རིང་སྐད་ཆ་འདི་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མི་འདུག་ལགས།
ཟ་ལེ་རྒྱལ།
༢༠༠༩/༠༧/༡༤ ཉིན་འདོན་སྤེལ་བྱས། ཨ་སྲུང་མ་ཡ། དེ་མོའི་མྱོགས་མོ།
ཞིབ་ལྟ་བྱོས་དང་ངས་ཆོས་ལུགས་ཀི་ཡག་ཉེས་ཅི་ཡང་བཤད་མེད། ང་ལ་གོང་གི་སྐད་འདི་བཤད་རྒྱུའི་ཐོབ་ཐང་ཡོད་པ་རེད།
ཟ་ལེ་རྒྱལ།
༢༠༠༩/༠༧/༡༤ ཉིན་འདོན་སྤེལ་བྱས། ཙོང་ཁ་བ་དང་བློ་བཟང་གྲགས་པ་ལྟ་བུའི་མིང་ཚིག་མ་བཀོད་པར་རྗེ་རིན་པོ་ཆེས་མཚོན་པའི་སྔོན་བྱོན་མཁས་པ་དམ་པ་དག་ཅེས་བ་འདིས་རྗེ་རིན་པོ་ཆེ་ལ་གུས་ཚུལ་བསྟན་ཡོད། ཡིན་ནའང་ཆོས་ལུགས་ལ་ཅི་ཡང་མི་ཤེས་བའི་མྱི་ང་འདྲ་བ་ཞིག་གིས་མི་ཞིག་ལ་ལྷའི་ལྟ་ཚུལ་འཛིན་དགོས་ན་ཁག་པོ་རེད། མདོར་བསྡུས་ནས་བཤད་ན་ངས་ལྷ་ཞེས་བ་དེ་ཅི་འདྲ་ཞིག་ཡིན་མིན་ཡང་མི་ཤེས།

 

 

སྐད་ཆ་འདི་ནི་བོད་ཕྱི་ནང་གཉིས་ཀའི་ཤེས་ཡོན་པར་རློམ་མཁན་དག་གིས་རང་རློམ་གྱི་སྐད་ཆ་བཤད་སྟངས་ཤིག་ལས་བདེན་དོན་ཡོད་པའི་གཏམ་ཞིག་མིན་སྟབས། ངས་སྐུ་ཉིད་ལ་གསལ་བཤད་ཙམ་ཞིག་ཞུས་པ་ཡིན། མི་ལ་མི་ཡིས་འདུ་ཤེས་མ་འཛིན་རོགས་ཟེར་ནས་བཤད་མཁན་གཏན་ནས་མེད་པ་ཡིན། འོན་ཀྱང་། མི་རླབས་ཆེན་དེ་དག་གི་གསུང་ལ་རྒྱུས་མངའ་མེད་བཞིན་ཏུ་ཁ་ནས་གང་འདོད་བཤད་མཁན་གྱི་མི་དག་ལ་ཟེར་བཞིན་ཡོད། སྐུ་རླངས་མ་བཞེས་ཨ་ དཔེར་ན། རང་གིས་རྗེ་རིན་པོ་ཆེ་དང་རླབས་ཆེན་གྱི་སྐྱེ་བུ་གོང་མ་དེ་དག་གིས་འདས་མ་ད་གསུམ་བསྐོར་ལ་རང་རང་གིས་གང་ཐུབ་ཐུབ་ཅིག་རིག་པ་དང་སྒྲུབ་པ་སོགས་བྱས་དེ་བརྟག་དཔྱད་བྱེད་ཆོག་པའི་ལམ་ཁ་ཞིག་བསྟན་ཡོད་བཞིན་ཏུ་དེ་ལ་མ་སོང་བར་རྒྱང་རིང་ས་ནས་དེ་འདྲ་ཞིག་བཤད་རབས་འདུག དེ་འདྲ་ཞིག་གོ་རབས་འདུག་ཟེར་ནས་གླེང་རྒྱུར་དགའ་བའི་དེང་རབས་བོད་པ་ཚང་གི་གཞོན་སྐྱེས་མི་ཉུང་བ་ཞིག་ལ་ནད་འདི་བྱུང་ཡོད། ཡིན་ཡང་། ཁོང་ཚོས་གཏན་ནས་རང་ལ་ནད་ཚ་འདི་འདྲ་ཞིག་ཡོད་པར་ཁས་ལེན་བྱེད་མི་སྲིད་ལ་བྱེད་དགོས་དོན་གྱང་མེད། རེད་དེ། མི་ཤེས་པ་མི་ཤེས་པ་ཁས་བླངས་པ་མ་རིག་པ་མ་རིག་པར་ཁས་བླངས་པ་ཡིན་ན་འགྲིག་མོན། དེ་ཡི་གོམ་གཤིས་ཀྱང་མེད་པས་འུ་ཅག་གི་གཞོན་རབས་འདི་དག་ལ་དངོས་ནས་སྐབས་རེར་ཕྱི་ཡི་དགྲ་ལས་ནང་གི་སྤུན་གྲོགས་དག་གིས་བྱས་ཉེས་ཆེན་པོ་འདུག་པའི་ཚོར་བ་ཡང་གཅིག་མིན་གཉིས་མིན་ཏུ་སྟེར་བཞིན་འདུག་སྟབས། དེ་རིང་སྐུ་ཉིད་ཀྱིས་རྩོམ་ཡིག་འདི་བཀླགས་མ་ཐག བོད་ཕྱི་ནང་གཉིས་སུ་དེང་རབས་ལ་དགའ་མཁན་མི་ཉུང་བ་ཞིག་གིས་མ་བརྟག་མ་དཔྱད་པར་ཁ་ནང་དུ་གང་ཡང་བཤད་བཞིན་པ་འདི་ལ་སེམས་འཁུར་ཞིག་སྐྱེ་ཡི་འདུག་པ་དང་ལྷག་པར་ཏུ་སེམས་ནང་ལ་སྐྱོ་བ་ཞིག་མི་འདོད་ཀྱང་སླེབས་ཀྱི་འདུག རང་གི་མི་རིགས་ཀྱི་ཡི་གེ་འདི་ཤེས་པ་ནི་རང་གི་མི་རིགས་ལ་ཞབས་ཞུ་བྱེད་ཆེད་དང་རང་གི་མི་རིགས་འདི་ཡར་རྒྱས་གཏོང་བ་ཁོ་ན་ཡིན་ཟེར་ནས་བཤད་ཆོག་མོེད། འོན་ཀྱང་། དེ་རིང་སང་གི་མི་དག་གིས་དེང་རབས་ཀྱི་བྱ་སྤྱོད་འགྲོ་གསུམ་ནི་རྨི་ལམ་ཚུན་ཆད་དུ་ཡག་སྣང་དང་འཛིན་མཁན་དག་ལ་བཅོས་ཐབས་མེད་པའི་ནད་ཚ་ཞིག་འགོས་ཡོད་པ་དེ་ནི་ནུབ་ཕྱོགས་ཀྱི་ཐོན་རྫས་དག་ལ་ཨག་གསར་ཆེ་བས་རང་གི་རིགས་ལ་ཡོད་པས་ནོར་བུ་དེ་དག་ལ་བདག་པོ་རྒྱག་ཐུབ་ཀྱི་མེད་པ་འདི་རེད་སྙམ་ནས་ཤར་མར་དྲ་ཐོག་འདི་ནས་ལན་འདི་ཕུལ་བ་ཡིན་ལགས། རྗེས་ཕྱོགས་རང་གི་མི་ཤེས་པ་དང་མ་རིག་པ་དང་རིག་མ་སོང་། ཤེས་མ་སོང་། ང་ལ་རྒྱུས་མངའ་མེད་ཟེར་ནས་ཁས་ལེན་གཙང་མ་བྱས་པ་ཡིན་ན་ཕན་ཚུན་ལ་ཁ་བརྡ་དང་བགྲོ་གླེང་བྱེད་རྒྱུར་ཡང་ཕན་ཐོག་ངེས་སྙམ། འདི་ནི་སེམས་བསམ་པའི་སྐད་ཆ་ཞིག་ལས་མཁས་འདོད་གྲགས་འདོད་དང་སྤུན་ཟླ་ནང་ཁུལ་འགྲན་སེམས་བྱེད་འདོད་ཀྱི་བློ་ཞིག་མིན་པ་ཐུགས་འཇག་འཚལ་ལོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 22

  1. sha tak ri sim says:
    ལོ་ 16 སྔོན།

    ཨ་ཚོགས་བློ་བྷེ་ལགས། ཕེབས་པར་དགའ་བསུ་ཞུ་བ་དང་འབྲེལ། ཡིན་མིན་གཉིས་ཀྱི་མཚམས་ནས་འབུད་དེ་སོང་འདུག་པ་དེར་ཧཧཧཧཧ་ཟེར་ན་འདོད་བྱུང་། གང་ལྟར། ཡང་ཡང་ཕེབས་རྒྱུར་རེ་བ་ཡོད།

    Reply
  2. atsoklobei says:
    ལོ་ 16 སྔོན།

    གནའ་བོའི་སྲིད་པ་རྒད་པོའི་གཏམ་དཔེའི་ནང་ན་འཆི་རྒྱུ་རྒས་རྒྱུ་མེད་པའི་གཏན་ཚིགས་རང་བཞིན་གྱི་སྡོམ་ཚིག་མང་བས་དེའང་སྣང་མེད་དུ་གཏོང་ག་ལ་རུང་། མི་རུང་ཏེ། རྟག་ཏུ་རང་ཉིད་ཀྱི་སྐད་ཆའི་རྒྱབ་དཔང་ལ་མཁས་པ་ག་གེ་མོའི་ལུང་ཚིག་གཡར་བཞིན་པ་དེ་ནི། མྱི་སྙིང་མེད་ཅིག་གིས་དགྲ་ངོ་ནས་ཨ་མ་བོས་པ་ནང་བཞིན་རེད་འདོད།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    འཇམ་མགོན་འདི་རུ་ཡང་ཡང་འཁོར་ནས་ཉོག་ཐིགས་འཐུང་དུ་ཡོང་བ་དེར་དགའ་བསུ་ཞུ་བ་ཡིན། ལྷག་པར་ཏུ་སྐུ་ཉིད་ལ་བྲེལ་བ་ཆེ་བ་ཐུགས་ཁག་མེད།

    གངས་རིའི་གླིང་བུ་ལགས། ཉིད་ཀྱིས་གསུང་བ་དེ་ཡང་བདེན་པ་རེད། མི་རེ་ལ་བསམ་པ་རེ་ཡོད་པ་བཞིན་ངེད་གཉིས་ཀྱིས་ཀྱང་རང་རང་གི་བསམ་ཚུལ་ཕྱོགས་ཞེན་དང་འཁོན་འཛིན་མེད་པར་གང་ཐུབ་ཐུབ་ཅིག་གླེང་བ་ཡིན་པས་ཁུལ་རེད་ལགས།

    Reply
  4. ajamyang says:
    ལོ་ 16 སྔོན།

    ཁྱེད་གཉིས་ཀྱིས་གནས་ལུགས་གླེང་བ་ལ་ཡི་རངས་བྱེད།མི་སུ་ཡིན་ན་ཡང་རང་རང་ལ་གནས་ལུགས་རེ་དང་རྒྱུ་མཚན་རེ་བཤད་རྒྱུར་ཡོད་པ་རེད།ཡིན་ན་ཡང་དེ་དག་་ཕྱོགས་ཞེན་དང་འཁོན་འཛིན་གྱིས་དབང་དུ་མ་སོང་བར་དེ་ལྟར་བྱེད་རྒྱུར་གལ་ཆེ།

    Reply
  5. jamgon says:
    ལོ་ 16 སྔོན།

    གྲོགས་གཉིས་སྐུ་བདེ། ངས་ཀྱང་རང་ནུས་ལ་བརྟེན་ནས་ཁྱེད་གཉིས་ཀྱིས་བསྐོལ་པའི་ཉོག་ཞིམ་ཐག་ཞིག་འཐུང་བ་ཡིན། ངས་ཡོད་ཚད་འཐུང་ནས་ཚར་དུས་དོན་དངོས་གང་ཞིག་འཐུང་ཡོད་པ་ང་ལ་ཚོར་སྣང་མེད་པར་གྱུར།ངས་ཡང་བསྐྱར་ཐེངས་གཅིག་འཐུང་འགྲབས་བྱས་མོད། གཞན་དབང་གིས་རྐྱེན་པས་ང་འགྲོ་རན་སོང་།

    Reply
  6. salygyal says:
    ལོ་ 16 སྔོན།

    འུ་གཉིས་ཀས་སྐར་མ་འགའི་ནང་ལ་ཉོག་ཞིམ་པོ་ཞིག་བསྐོལ་ནོ་ནམ་ཡང་བརྗེད་ཡིན། ད་བདེ་མོ་བྱོས།

    Reply
  7. sha tak ri sim says:
    ལོ་ 16 སྔོན།

    ལགས་སོ་བདེ་མོ་བྱོས། འུ་གཉིས་ཀས་ཉོག་ཐིགས་བསྐོལ་ན་དྲ་གྲོགས་ཚོ་ཁོག་དགོད་ཤོར་ནས་རིལ་འགྲོ་ན་ཐང་བདེ་མོ་བྱོས། གང་དུ་ཡོད་ན་དེ་ནས་བསམ་དོན་འགྲུབ་པར་ཤོག གང་ཞིག་བྱས་ན་དེ་དག་ལམ་འགྲོ་ཡོང་བར་སྨོན། གང་དུ་སུ་དང་འགྲོག་ན་བློ་རྩེ་མཐུན་གྱུར་ཅིག

    Reply
  8. salygyal says:
    ལོ་ 16 སྔོན།

    གྲོགས་པོ་ལགས། ད་འདི་ནས་མཚམས་འཇོག འུ་གཉིས་ཀ་ཉོག་ཐལ མི་ཚང་མ་དགོད་གི་རེད།

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    དེ་ཡིན་དུས་ཉིད་ཀྱིས་དོན་གྱི་ལུང་ཟེར་བ་དེ་ནི་འཆི་མེད་རྒས་མེད་ཅིག་ཡིན་པ་ཤོར་ཏུ་ཁས་ལེན་ཤོར་འདུག

    Reply
  10. salygyal says:
    ལོ་ 16 སྔོན།

    ལུང་ཡང་དག་ཡིན་ན་ཆ་ཚང་བདེན་པ་ཡིན་དགོས་ལ་རིགས་པས་མི་གནོད་པ་ཞིག་ཀྱང་དགོས་བ་རེད། ལུང་ཡང་དག་ཡིན་མིན་ལ་བལྟ་ན་ལྟ་མཁན་དེ་ཡང་ཚད་མ་ཡིན་དགོས་བ་རེད། དེ་མིན་ན་དེ་ནི་ཟེར་རྗེས་འབྲང་བའི་མིའི་གྲིབ་གཟུགས་ཟེར་བ་དེ་རེད།

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    རང་རང་དད་སའི་མི་དེས་ཅི་བཤད་དད་ལྡན་པར་ལུང་རེད་ཅེས་ན་དངོས་ནས་ཁག་པོ་ཞིག་རེད། བླ་མའི་ལུང་གནང་བ་དང་བླ་མས་གསུང་ཆོས་གནང་བ་གཉིས་ལོག་ག་རེད།
    ད་དུང་དེ་རིང་དབུས་ཕྲུག་གི་རྒྱ་གར་བ་ཞིག་གིས་དཔྱད་བརྗོད་བྲིས་པ་དེར་ཉིད་ཀྱིས་བླ་མ་ཞིག་གིས་གསུང་ཡོད་ཚེ་དེ་ནི་ལུང་བསྟན་རེད་ཟེར་ངེས་ཡིན་ཟེར་བ་དེ་ནི་དེ་འདྲའི་འཇོར་མི་ཞིག་མ་རེད། ལུང་བསྟན་ཟེར་བ་དང་ལུང་འདྲེན་པ་གཉིས་ལ་ཁྱད་པར་ཡོད་ནི་རེད། དེ་ཁྱེད་རང་གིས་མ་ཤེས་པ་ཡིན་ས་རེད།

    Reply
  12. salygyal says:
    ལོ་ 16 སྔོན།

    རང་རང་དད་སའི་མི་དེས་ཅི་བཤད་དད་ལྡན་པར་ལུང་རེད། བླ་མའི་མིང་འཛིན་པ་ཞིག་གིས་མོ་བཏབ་ན་དེ་ལའང་ལུང་བསྟན་གསུང་སོང་ཟེར་གི་རེད། དེའི་ནང་ནས་ཕྱེད་ཀ་བདེན་པ་དང་ཕྱེད་ཀ་རྫུན་མ་རེད། དཔེར་ན་དབུས་ཕྲུག་ཚེ་རིང་གི་ཟིན་བྲིས་ན་དེ་རིང་རྒྱ་གར་གྱི་མཁས་བ་ཞིག་གིས་མ་འོངས་བར་རྒྱ་གར་ནག་གཉིས་གས་དམག་རྒྱག་རྒྱུ་ཡིན་པའི་དཔྱད་རྗོད་ཅིག་བྲིས་འདུག གལ་ཏེ་དེ་ནི་བོད་ཀྱི་བླ་ཆེན་ཞིག་གིས་བྲིས་བ་ཡིན་ཚེ་དེའི་རྗེས་འཇུག་པ་ཚོས་དེ་ལ་དཔྱད་རྗོད་ཟེར་གི་མ་རེད། དེ་ལུང་བསྟན་ཟེར་གི་རེད། སྡོམ་ཚིག་ནི་ཉམས་མྱོང་གི་སྐད་ཆ་ཞིག་རེད། ཆ་བགོས་ན་དེའི་སུམ་ཆའི་གཉིས་ཙམ་བདེན་དུ་མཐོང་དགོས་བ་ལས་ཆ་ཚང་བདེན་པ་ཡིན་མི་དགོས་བ་ལྟ་བུ་ཞིག་རེད། དེ་ངའི་བསམ་ཚུལ་ཡིན།

    Reply
  13. salygyal says:
    ལོ་ 16 སྔོན།

    དེ་ན་ངས་ལུང་དང་སྡོམ་ཚིག་ལ་མ་ཁེན་ཞེས་བ་དེ་ཁྱོད་ཀྱི་བློར་ཨེ་འབབ་ཀི ལུང་དང་སྡོམ་ཚིག་ཡང་དག་ཡིན་མིན་སུས་ཤེས། ཤེས་མ་ཤེས་ལ་མིའི་རྗེས་སུ་རྒྱུག་ཨེ་ཐུབ། རྗེ་རིན་པོ་ཆེ་མི་ཞིག་ཡིན་པ་དེ་ཁྱོད་ཀྱིས་ཁས་བླངས་འདུག་ག

    Reply
  14. sha tak ri sim says:
    ལོ་ 16 སྔོན།

    ལུང་དང་སྡོམ་ཚིག་གཉིས་ལ་མི་འདྲ་ས་ཞིག་ཁྱེད་རང་གིས་མཐོང་གི་ཡོད་དམ། དེ་ལན་ཞིག་ཐོབས་དང་། དེ་ནས་འུ་གཉིས་ཀྱིས་གླེང་མོལ་ལྷོད་ལྷོད་ཅིག་བྱེད་ཆོག མཁས་འདོད་དང་གྲགས་འདོད་སོགས་མེད་པར་ཇ་འཐུང་ཞོར་ཏུ་ཁ་བརྡ་བྱེད་ཡ་་

    Reply
  15. sha tak ri sim says:
    ལོ་ 16 སྔོན།

    ད་ནི་ཁྱེད་རང་གིས་བདག་ཅག་གི་སྟོན་པས་གསུང་རེད་ཟེར་ན་དེ་ཡང་རེད་ཟེར་ནས་ཁས་ལེན་བྱེད་མི་ཐུབ་ཀི ཡིན་ཡང་། འདྲ་ས་འགའ་རེ་ཡོད་པ་ནི། དཔེར་ན་བཟོད་བསྒོམ་བྱེད་སྟངས་ཀྱི་བསྐོར་རེད།

    Reply
  16. salygyal says:
    ལོ་ 16 སྔོན།

    ངས་དེ་ལ་ཆོས་ལུགས་པ་ཞིག་གི་སྡོམ་ཚིག་ཟེར་དོན་དེ་ཡིན། རང་གིས་མཐོང་མ་མྱོངས་མོད་འདི་ནི་བདག་ཅག་གི་སྟོན་པའི་གསུང་ཞིག་རེད་ཟེར་བ་ཞིག་ཀྱང་གོ་མྱོངས།

    Reply
  17. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་རང་གིས་bibleཟེར་བཞིན་ཡོད་ན་དེ་ནི་དངོས་ནས་བདེན་ཀི སྐད་ཆ་དེ་ནི་བཤད་མཁན་ཐོག་མ་ཡེ་ཤུའི་ཆོས་ལུགས་པ་རེད་འདུག་ལགས། དེ་ནི་ཆོས་ལུགས་པ་ཞིག་གིས་གསུང་བ་བདེན་པ་རེད། དེ་ཁྱེད་རང་གི་སྐད་ཆ་ལ་ཁས་ལེན་བྱས་པ་ཡིན། ངེད་གཉིས་ཀྱིས་གཙོ་གནད་དེ་མིན་པར་འདོད་ལགས།

    Reply
  18. salygyal says:
    ལོ་ 16 སྔོན།

    གོང་གི་སྡོམ་ཚིག་དེ་ཡེ་ཤུའི་ཆོས་ལུགས་པ་ཚོས་ཁོང་ཚང་གི་སྟོན་པས་གསུངས་བ་ཡིན་ཟེར། ཕྱིས་སུ་བཅུག་པ་ཞིག་ཡིན་ནའང་ཐང་མོད་bibleཟེར་པ་དེའི་ནང་ན་འདུག དེ་བདེན་མིན་མི་ཤེས་མོད་གལ་ཏེ་བདེན་ཚེ་གན་རྡེ་རྗེའི་སྔོན་ལ་གསུངས་འདུག

    Reply
  19. sha tak ri sim says:
    ལོ་ 16 སྔོན།

    ཟ་ལེ་རྒྱལ་ལགས། ཉིད་ཀྱིས་སྲིད་པའི་གཏམ་ལ་འདི་འདྲ་ཞིག་ཡོད་པ་གོ་མྱོང་ཨེ་ཡོད། འཇམ་གྱིས་མི་ཐུབ། རྩུབ་ཀྱིས་རང་ཐུབ། འདི་མྱི་ལྡང་ཁྱེད་དང་འུ་གཉིས་སུ་ལ་ཡིན་ཡང་རན་ནི་རེད། གོང་གི་ཉིད་ཀྱིས་འགྲམ་ལྕག་གཅིག་སྤྲད་ན་ཡང་སྐྱར་འགྲམ་པ་གཞན་པ་དེ་སྟོན་དགོས་ཞེས་བ་འདི་ཆོས་བའི་སྡོམ་ཚིག་ཅིག་རེད། ཟེར་བས་སྡོམ་ཚིག་འདི་ནི་གན་རྡེའི་མཆོག་གིས་སྡོམ་ཚིག་ཞིག་རེད་ལ་དེ་ནི་ཁོ་རང་གི་རྒྱ་གར་བ་ཚང་ལ་རང་བཙན་ཐབས་ལམ་འཚེ་མེད་ཞི་བའི་ལམ་སྟོན་སྐབས་གསུང་བ་ཞིག་རེད་ལགས། འོན་ཀྱང་། དེ་ནི་ཆོས་པ་ཡིན་མིན་གྱི་ས་མཚམས་མེད་པར་མི་ཀུན་ལ་དགོས་འཁོ་མེད་པ་ཞིག་ཆགས་མེད་པ་རེད་ལགས།
    ཞོར་ཏུ་ཨ་ཁུ་ཁ་བ་དཀར་པོ་ལགས་སུ་ཐུགས་རྗེ་ཆེ་ཞུ་རོགས་གནོང་། ཁྱེད་རང་ལ་འབྲི་རོགས་བྱས་པ་དེར།

    Reply
  20. salygyal says:
    ལོ་ 16 སྔོན།

    ལུང་འདྲེན་སྐབས་རང་རང་གི་སྣང་བར་འགྲོ་མིན་ལ་ལྟ་བ་ལས་ལུང་དེ་ཡང་དག་ཡིན་མིན་ལ་ལྟ་བའི་བློ་ཚད་མ་བ་དེ་ལུང་འཛིན་པ་མང་བོར་མེད་པས་གལ་ཏེ་ལུང་གི་རྩ་བ་ནོར་ཚེ་ལུང་རྗེས་འབྲང་པའི་མི་དེ་རང་བཞིན་གྱིས་གཡང་ལ་ལྷུང་བ་རེད། མི་མང་པོ་ཞིག་ལ་ལུང་ཡང་དག་ཡིན་མིན་གྱི་རྒྱུ་མཚན་ཤོད་ཅེས་ཕུགས་ལ་དེད་ན་༧ཡིན་བཞིན་ནོར་བུས་དེ་འདྲ་གསུང་སོང་ཞེས་ལག་པ་ཕྱི་ས་གཞན་ཞིག་འཚོལ་བ་ལས་རང་གིས་ལུང་ཚད་མ་ཡིན་མིན་འཇོག་མི་ཐུབ་པའི་ཁར་རང་ཉིད་ཀྱིས་དེ་ལ་བསམ་བློ་ཅི་ཡང་བཏང་མེད་པས། ངས་ལུང་འཛིན་འདི་ལྟ་བུ་ལ་མིའི་གྲིབ་གཟུགས་ཞེས་བ་ཡིན།
    སྡོམ་ཚིག་གི་ཕྱོགས་ནས་བཤད་ན། བཟང་ལ་བཟང་ལན་མེད་ན་བཟང་བྱེད་མཁན་ཇེ་ཉུང་ཡིན། ངན་ལ་ངན་ལན་མེད་ན་ངན་བྱེད་མཁན་ཇེ་མང་ཡིན་ཞེས་བ་འདི་འཇིག་རྟེན་པའི་སྡོམ་ཚིག་ཅིག་རེད་ལ། ཁྱོད་ལ་འགྲམ་ལྕག་གཅིག་སྤྲད་ན་ཡང་སྐྱར་འགྲམ་པ་གཞན་པ་དེ་སྟོན་དགོས་ཞེས་བ་འདི་ཆོས་བའི་སྡོམ་ཚིག་ཅིག་རེད། ཁྱོད་རང་བླ་རྒན་ཞིག་ཡིན་པའི་ཆ་ནས་ཁྱོད་ཀྱིས་སྡོམ་ཚིག་གཉིས་བ་དེ་འདེམས་ནའང་ང་རང་མྱི་ལྡང་ཞིག་ཡིན་པས་སྡོམ་ཚིག་དང་པོ་དེ་འདེམས་ཀི་ཡིན། དེ་ན་སྡོམ་ཚིག་འདི་གཉིས་ཀའི་གང་ནོར་བ་རེད། ཁྱོད་ཀྱིས་བཤད་པའི་སྡོམ་ཚིག་ཡང་དག་ཟེར་བ་དེ་ག་འདྲ་རེད། དེ་ཡང་དག་ཡིན་མིན་སུས་ཐག་བཅད་པ་རེད།

    ཤ་ཁྲག་ལགས། འདི་ནི་ངས་ཨ་ཁུ་ཁ་བ་དཀར་བོར་བྲིས་བ་ཡིན་མོད། ཁྱོད་ལའང་འདི་རན་པར་མཐོང་ནས་འདིར་བཀོད་པ་ཡིན།

    Reply
  21. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་རང་གིས་མི་ཤེས་པ་ཁས་བླངས་པ་ཡིན་ན་ཐུགས་རྗེ་ཆེ། གལ་སྲིད་ཉིད་ཀྱིས་རྗེ་རིན་པོ་ཆེ་མི་ཡིན་པ་གླེང་གི་ཡོད་ན་འགྲིག་གི་རེད། དེ་མིན་མི་ཟེར་བ་ནི་སྤྱིར་བཏང་གིས་བཤད་པ་ཡིན་དུག་གསུམ་ཟེར་ན་འདྲ། རང་དོན་ལ་གཞན་དོན་མི་བསམ་མཁན་ཞིག་ལ་གོ་ཆོག་པ་ཡིན། དེ་ལས་ཀྱང་གཞན་ཞིག་ནི་མི་ཡི་རྗེ་བོ་ནི་མི་ང་ཚོ་དང་གནམ་ས་ལྟ་བུའི་ཁྱད་པར་ཤོར་དོན་ཡང་ཤོར་་ཏུ་ཁས་ལེན་བྱེད་འདོད་ཡོད་མེད་དེ་ནི་ཁྱེད་རང་གིས་རྣམ་དཔྱོད་ཕྲ་མོ་ཞིག་གིས་བཤད་ཚོད་མི་ཐུག་ལ་ངས་ཀྱང་ཉིད་ཀྱིས་རྗེ་རིན་པོ་ཆེ་མི་རུ་དྲངས་པ་དེར་ངོ་རྒོལ་བྱེད་ཀྱི་མེད། ངས་གཙོ་བོ་ངོ་རྒོལ་བྱེད་ས་དེ་ནི་ལུང་དང་སྡོམ་ཚིག་གི་བསྐོར་ཡིན། དེ་ནི་སྲིད་པ་ས་ཆགས་ནས་བཟུང་བྱུང་བ་ཡོད་པ་དེ་དག་དེང་སང་ཡང་རྒས་རྒྱུ་རྙིང་རྒྱུ་མེད་པར་མིའི་མི་ཚེ་ནང་དུ་བཀོལ་སྤྱོད་དང་དགོས་འཁོ་ཡོད་པ་དེ་གཅིག་བུ་བཤད་བཞིན་ཡོད་ལགས། ཉིད་ཀྱིས་ལུང་ལ་རྒས་རྒྱུ་ཡོད་ཟེར་བ་དེ་ནི་ནང་བ་ཚང་གི་སྐྱེ་ཆེན་དག་གིས་ལུང་ལ་ཟེར་གྱི་ཡོད་པ་ལས་གཞན་ཟེར་གྱི་མེད་པ་མིང་དང་ཐ་སྙད་ཁག་ཁག་ཡིན་པས་ཤེས་གསལ་རེད་མོད། ངས་གཙོ་བོ་ཉིད་ལ་གསལ་བཤད་ཟེར་ན་འདྲ་བསམ་ཚུལ་ཐུང་ཐུང་ཞིག་ཕུལ་དོན་ཡང་དེ་ཡིན། ལུང་ལ་རྒས་རྒྱུ་ཡོད་ན་ནང་ཆོས་ལ་རྒས་རྒྱུ་ཡོད་པ་དང་འཆི་རྒྱུ་ཡོད་པ་ཡང་ཁས་ལེན་དགོས་ཀྱི་ཡོད་སྟབས་འགྲིག་གི་མི་འདུག་ཟེར་ནས་བཤད་པ་ཡིན་པ་ཐུགས་འཇག་འཚལ། ཉིད་ཀྱིས་འདོད་བློ་གསལ་བཤད་འདིས་མ་ཚིམས་ན་གང་འདོད་ང་ལ་དྲིས་ཤིག་དང་། ངས་ཀྱང་རང་གི་བསམ་ཚུལ་ཤར་མར་ཉིད་ལ་ཞུ་ངེས་ཡིན་ལགས།

    Reply
  22. salygyal says:
    ལོ་ 16 སྔོན།

    ཁྱོད་ཀྱིས་བཤད་པ་བཞིན་ངས་མི་ཤེས་བ་དེ་མི་ཤེས་ཞེས་ཁ་གསལ་བོས་བཤད་ཡོད། ཁྱོད་ལ་དེ་ལས་ལྷག་པའི་ཅི་ཞིག་དགོས། ངས་རྗེ་རིན་པོ་ཆེ་ལ་སྔོན་བྱོན་ མཁས་བ དམ་པ ཞེས་ཚིག་ཞོར་གྱིས་ཆེ་བསྟོད་དང་གུས་ཚུལ་ཕུལ་ཡོད། འོ་ན་ཁྱོད་ཀྱིས་རྗེ་རིན་པོ་ཆེ་ལྷ་ཡིན་པ་རིགས་པས་སྒྲུབས་དང་། མཚུངས་ཆོས་འགོད་སྐབས་ཆོས་དང་ཆོས་ཅན་གཉིས་གསལ་བོར་ངེས་དགོས་བས། དང་པོ་རྗེ་རིན་པོ་ཆེ་དང་ཨ་ཁུ་ལྷ་གཉིས་ལ་མཚུངས་ཆོས་ཡོད་མེད་ཤེས་དགོས། ཆོས་དང་ཆོས་ཅན་གསལ་བོར་མ་ངེས་བར་བོད་ཀྱི་རྫ་ཆུ་བསིལ་མར་ཡ་མུ་ན་བཞིན་ཞེས་ལྡི་ལེའི་མ་ཅང་ཀྲེ་ལའི་འགྲམ་གྱི་སྐྱག་ཆུ་དེ་དཔེ་རུ་བཀོད་པ་ལྟ་བུ་བྱེད་མི་ཉན་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese