མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་གཉིས་ལ་སྐད་ཆ་ཞིག་བཤད་ན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེང་ སང་དྲ་ཐོག་གི་རིག་གནས་ནི་དངོས་ནས་དར་ཆབས་ཉིན་རེ་ཉིན་རེ་ཇེ་ཕྱུག་ཏུ་འགྲོ་ བཞིན་པ་དེ་ནི་བོད་པ་ཚང་གི་བོད་ཡིག་གི་གོང་ཚད་སྔར་ལས་ཇེ་མཐོར་འགྲོ་བའི་ལམ་ཁ་ ཞིག་དང་རང་གི་སྐད་ཡིག་རང་གི་མིས་འཛམ་གླིང་གི་སྐྱེ་བོ་གཞན་དག་ལྟར་དྲ་ཁང་ནས་ བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་དེ་རེད།

དེ་ནས་ཕྱོགས་ངོས་གཞན་ཞིག་ ནས་བཤད་ན། བོད་ཕྱི་ནང་གཉིས་ཀྱི་དྲ་ཐོག་གི་རྩོམ་ཡིག་འབྲི་མཁན་མི་ཉུང་བ་ཞིག་ཆུ་བོ་བཞུར་ བ་ལྟར་ཉིན་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་བདེན་ན་ཡང་། རང་གི་ནང་ལས་གཞན་གྱི་ཁྱིམ་ལ་འགྲོ་མཁན་ནི་ཧ་ཅང་ཉུང་ཚོད་དུ་འདུག འདི་ནི་བོད་པ་ཚང་གི་སྐྱོན་ཆ་ཆེ་ཤོས་ཤིག་ཀྱང་རེད་ཟེར་ན་འགྲིག གང་ཡིན་ཟེར་ན་རང་གིས་གང་འདོད་པ་དེ་དག་ཡིག་ཐོག་འབྲི་བ་ལས་མི་གཞན་གྱིས་གང་ ཞིག་འབྲི་བཞིན་པ་དེ་དག་མ་ཀློག་པ་ཡིན་ན་རང་གིས་གང་བྲིས་པ་དེ་དག་ལ་འགན་མ་ འཁུར་བ་དང་གཅིག་པ་ཡིན།

རྒྱུ་མཚན་དེའི་སྟབས་ཀྱིས་ངས་དེ་རིང་བོད་ ཕྱི་ནང་གཉིས་ལ་སྐད་ཆ་འདི་བཤད་ཀྱི་ཡོད། གཙོ་བོ་ངེད་ཅག་ལ་དེང་སྐབས་གསེར་ཟམ་ཞིག་ཡོད་པ་ནི་ཧི་གཟུགས་ཀྱི་གཙོ་བའི་དྲ་ ཚིགས་རེ་ཟུང་ཡིན། དེ་ཡང་རྒྱུགས་ཆེ་ཤོས་དང་བོད་ཕྱི་ནང་གཉིས་ཀྱི་དྲ་ཐོག་ལྷན་འཛོམ་བྱེད་ས་ནི་ཧི་ གཟུགས་ཟིན་བྲིས་འདི་ཡིན་ཟེར་ནས་གླེང་ན་འགྲིག་གི་ཡོད། ངེད་ཅག་འདི་རུ་འཛོམ་དོན་གཙོ་བོ་ཡང་རང་གི་ཁ་དང་ལྟོ་བ་གཅིག་བུའི་སྒེར་དོན་ མིན་སྟབས། རང་གི་སྐད་ཡིག་ལ་བཅིངས་པའི་ལྷག་བསམ་རྣམ་དག་གིས་བརྩེ་བ་དེ་གླེང་བཞིན་ཡོད་ དུས། དེའི་བསྐོར་ལ་བདག་གཅེས་བྱེད་སྟངས་བསྐོར་ལ་ཡང་མི་སུམ་བཅུ་བསམ་པ་སུམ་བཅུ། མཛོ་སུམ་བཅུ་ར་ཁ་དྲུག་བཅུ་ཟེར་སྲོལ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད།

དེས་ ན་ངེད་ཅག་དྲ་ཐོག་པ་བོད་ཕྱི་ནང་གཉིས་ཀྱི་སུ་ཡིན་ན་ཡང་རང་གི་འབྲི་ཞོར་སྤུན་ ཟླ་གཞན་དག་གི་རྩོམ་ཡིག་གང་ཐུབ་ཐུབ་ཅིག་བཀླགས་རྒྱུ་ནི་དངོས་ནས་གལ་ཆེན་པོ་ རེད། རྒན་པ་དག་གིས་གཞོན་པ་དག་ལ་ལམ་སྟོན་དང་ཉམས་མྱོང་ངོ་སྤྲོད་སོགས་བྱེད་རྒྱུ་དང་ གཞོན་པ་དག་གིས་གསར་སྐྱེས་ཀྱི་སྙིང་སྟོབས་དང་ཞུམ་མེད་ཀྱི་ངར་ཤུགས་བསྐོར་ སོགས་རྒན་པ་དག་ལ་བཀའ་འདྲི་དང་བགྲོ་གླེང་ལྷུག་པོ་གནང་ཐུབ་པ་ཡིན་ན་ངེད་ཅག་དྲ་ ཐོག་པ་བོད་ཕྱི་ནང་གཉིས་ཀྱིས་བོད་མི་རིགས་ལ་བུ་རབས་ཚ་བརྒྱུད་ཡག་པོ་ཞིག་ བསྐྱེད་སྲུང་བྱེད་ཐུབ་རྒྱུར་རེ་བ་ཆུང་ས་ནས་ཆེན་པོར་ཆགས་སྲིད་པ་ཞིག་རེད་ འདོད།

འདི་ནས་བཟུང་བདག་གིས་རེ་སྐུལ་བྱེད་ས་གཙོ་བོ་དེ་ནི་བོད་ཕྱི་ ནང་གཉིས་ཀྱི་དྲ་ཐོག་པ་སྤུན་ཟླ་ཡོངས་ཡིན་པ་ཐུགས་འཇག་འཚལ། ལུས་བོད་ཕྱི་ནང་གཉིས་སུ་ཡོད་ཀྱང་། སེམས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ཆེད་དུ་གཅིག་ལ་སྒྲིལ་ཕྱོགས་ཀྱི་བསམ་ཚུལ་ སྤུན་ཟླ་ཚང་མ་ཡོད་པར་ཡིད་ཆེས་དང་བཅས་རང་གི་ཁྱིམ་ནས་ཕྱི་ལ་འབུད་དེ་སྤུན་ཟླ་ དག་གིས་ཁྱིམ་ལ་བསྐོར་ཞིབ་བྱེད་རྒྱུ་མ་བརྗེད་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. lobsangg says:
    ལོ་ 17 སྔོན།

    འབྲོང་བདག་གིས་བཤད་པ་ལྟར་དཔལ་ལྡན་རྣམ་རྒྱལ་གྱི་སྙན་བདེ་གངས་དཀར་སེམས་ཀྱི་རང་མདངས་དེས་སྐད་ཆ་ཁུངས་མེད་འཁྱོག་གཏམ་དེ་འདྲ་མང་པོ་བཤད་འདུག་ དེས་ཟིན་བྲིས་ཀྱི་མདུན་ངོས་སུ་དབྱིན་ཡིག་འཇོག་ནས་མཁས་མདོག་བསྟན་གྱིན་མི་འདུག་གམ

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    འབྲོང་བདག་ལགས་ཕེབས་པ་ཐུགས་རྗེ་ཆེ། ཉིད་ཀྱིས་རྒྱབ་སྐྱོར་གནང་བ་བཀའ་དྲིན་ཆེ། ངས་བེ་རི་རྣམ་རྒྱལ་ཟེར་བ་འདིའི་རྩོམ་ཡིག་དྲ་ངོས་འདི་ནས་གཅིག་གཉིས་ཤིག་མ་གཏོགས་ཀློག་མྱོང་མེད། ངེད་ཅག་གིས་རེ་བ་ལ་ཁོ་རང་མི་དེ་འདྲ་ཞིག་མིན་པར་རེ་བ་ཡོད། གང་ཡིན་ཟེར་ན། ངེད་ཅག་ཚང་མ་ཤ་རུས་གཅིག་བའི་བོད་པ་ཡིན་པ་དང་སྐྱིད་སྡུག་གཅིག་བའི་བོད་མི་ཡིན་པ་ཚང་མས་སེམས་སུ་ལོས་ཡོད་སྙམ་བཞིན་ཡོད་ལགས།

    Reply
  3. 868yishisonam says:
    ལོ་ 17 སྔོན།

    དྲ་གྲོཌ་ལགས་་དངོས་གནས་སེམས་ཤུཌ་ཆེན་པོ་འདུག་་ ཁྱེད་ཀྱིས་བཤད་པ་ལྟར་བདེན་པ་རེད་་་་་ ཡིན་ན་ཡང་་ བེ་རི་དཔལ་ལྡན་རྣམ་རྒྱལ་གྱིས་བསམ་ཚུལ་འདོན་པ་དེ་བསམ་སྦྱོར་གཞི་གཅིག་དུ་མ་འདྲེས་བའི་སྟོང་གཏམ་ཞིག་རེད་་ ཁྱེད་ཀྱིས་དཔལ་ལྡན་རྣམ་རྒྱལ་ངོ་ཨེ་ཤེས་སམ་ ཁོས་བྲིས་བའི་གངས་དཀར་སེམས་ཀྱི་རང་མདངས་དེས་ཅི་ཞིག་བཤད་པ་ཨེ་མཐོང་ ཁོའི་ཁོག་ཏུ་གྲྭ་ཚང་ཕན་ཚུན་ཞེན་འགོག་དང་ཕྱོཌ་རིས་ཀྱི་དུ་སྨུག་འཁྲིཌ་མི་འདུག་གམ་

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    རེད་ལགས། བེ་རི་དཔལ་ལྡན་རྣམ་རྒྱལ་ལགས། ཉིད་ཀྱིས་གསུང་བ་དེ་ནི་བདེན་པ་རེད། ངེད་ཅག་ཚང་མས་ཤ་གསེང་ལ་རུས་ཡོད་པ་ཞིག་བྱས་དེ་རང་རང་གང་ཐུབ་ཐུབ་ཅིག་ཤུ་རེ་བྱེད་དགོས་ཀྱི་ཡོད་ལ་ཞོར་ཏུ་སྤུན་གྲོགས་དག་ལ་གླེང་མོལ་དང་གསལ་འདེབས་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད་ལ་ནང་གྲོས་ཀྱང་ནང་ལ་བྱེད་རྒྱུ་དེ་བས་གལ་ཆེན་ཆགས་ཡོད་པ་རེད་ལགས།

    Reply
  5. beri Palden Namgyal says:
    ལོ་ 17 སྔོན།

    ཞེ་དྲག་ཡག་པོ་འདུག་་་་་་་སེམས་ཤུགས་ཆེན་པོ་འདུག་ལ་བསམ་འཆར་ཡང་ཡག་པོ་འདུག་་་་་་་་་
    བོད་ཀྱི་སྐད་ཡིག་ལ་གཅེས་སེམས་ཡོད་ན་དང་ཐོག་དེར་རང་ཉིད་ངོས་ནས་བོད་སྐད་གཙང་མ་ཤོད་རྒྱུ་དང་།་་་་བོད་ཡིག་འབྲི་བའི་སྐབས་ལའང་བརྡ་དག་སོགས་མ་ནོར་བ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།་་དེ་ནས་བོད་རིགས་གཞན་ལ་སློབ་དགོས་པ་ལས་བོད་ཡིག་གལ་ཆེན་པོ་རེད་།་དེ་རྩ་ཆེན་པོ་རེད་ཅེས་ཁ་ན་ན་བཤད་ན་ཡང་ཕན་ཐོགས་ཅང་མི་འདུག་སྙམ།་་་་་་་རེད་མ་རེད།་གྲོགས་པོ་ལགས།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese