བཟང་ངན་སྣ་དགུའི་ཁྱེད་ཚོས་ཁ་ལ་བྱང་།།
རང་གི་བྱས་པ་མིག་ལ་སྟོན་རྒྱུ་མེད།།
གཞན་གྱིས་བྱས་ན་ཚིག་ངན་སྣ་ཚོགས་གླེང་།།
འདི་འདྲ་འདིས་ཀྱང་བོད་མི་ཕམ་པ་རེད།།
ཕྱིས་སུ་འདི་འདྲའི་རིགས་སུ་གཟབ་པར་མཛོད།།
རང་གི་མི་འཇོན་གཞན་གྱིས་བྱས་པ་དེར།།
དོན་མེད་ཚིག་སྣེ་མ་འཕེན་སྤུན་ཟླ་ཚོ།།
དཔྱད་པ་བྱེད་ན་བྱེད་ལུགས་ཡོད་ནི་རེད།།
རྒྱུ་མཚན་བཙལ་ན་བཙལ་ལུགས་དེ་འདྲ་མིན།།
རང་གི་ནང་ལ་བསྐོར་ན་ཁ་ཆེ་ཞིང་།།
ཕྱི་ལ་བསྐོར་ན་སྙིང་ཆུང་སྡར་མའི་གཤིས།།
འདི་འདྲ་འདིས་ཀྱང་བོད་མི་ཕམ་པ་རེད།།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
སེམས་ཁུར་མ་བྱེད། མི་ལ་གྲགས་འགུལ་ཡོད་པ་དེ་ཁོས་འཇོན་གི་ཡོད་པའི་རྟགས་རེད།
མིའི་མིག་དང་སྙིང་ཚ་ན་གནམ་ལ་ལོས་ལྡིང་།
ཟིན་བྲིས་རྒྱ་པོས་རོགས་རམ་གནང་བ་སྙིང་ནས་བཀའ་དྲིན་ཆེ་ཞུ།