མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐར་མ་མཚོ། <ངའི་བུ་མོ་འཇིག་རྟེན་འདིར་སླེབས་ཡོད།>

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཐར་མ་མཚོ   ཨ་མའི་ངུ་ངག་གིས་དབྱངས་རྟའི་ཁྱེད་ལ་བོས
ཨ་ཕའི་སྒོ་འགྲམ་ནས་ཁྱེད་ལ་སྒུག
ཨ་མའི་ཟུག་རྔུའི་རེ་རེ་ཡིས་ངུ་སྐད་ཕྲ་མོ་ཞིག་རྒྱག་ཞོར་ཏུ
ཉལ་ཁྲིའི་སྟེང་ནས་འཕག་འཚག་བྱེད་ཀྱིན་ཁྱེད་ལ་སྒུག
ཨག་སྐད་དེ ཕྱི་རོལ་ནས ཨ་ཕའི་རྣ་ལམ་ཏུ་འབྱོར་དུས
ངས་སྙན་ངག་འབྲི་ཞོར་ཏུ་ཁྱེད་ལ་བོས

ཐར་མ་མཚོ ཤ་ཁྲག་གི་གསེང་ནས་ཐོན་ཤོག
ཨ་ཕའི་གྲ་སྒྲིག་བྱས་དེ་སྒུག་ཡོད
ཨ་མའི་ན་ཟུག་ལ་བསམ་ཤེས་གནོངས་ཤིག
ཨ་མ་ལ་སྙིང་རྗེ་ཞིག་བསྒོམ་ནས
ན་ཟུག་མེད་པར་ཕེབས་ཤོག་དང་
འཇིག་རྟེན་འདི་ན་ཉིད་རང་ལ་ཐར་བ་ཡོད་ངེས

ཐར་མ་མཚོ འཇིག་རྟེན་འདི་ན
ཁྱེད་རང་གི་གཞིས་ཁྱིམ་ཡོད
ཁྱེད་རང་གི་ཕ་མ་གཉིས་ཡོད
ཁྱེད་རང་གི་ཉེ་མི་ཡོད
ཁྱེད་རང་གི་རྩེད་རོགས་ཡོད
ཁྱེད་རང་གི་འཚར་ལོངས་བྱེད་ས་ཡོད
ཡིན་ཡང་ ཁྱེད་རང་གི་ཕ་རྒན་འདི་ནས་མིན་ལ
ཁྱེད་རང་གི་ཕ་རྒན་ལ་རྒྱལ་ཁབ་མེད

ཐར་མ་མཚོ ཁྱེད་འཇིག་རྟེན་ཏུ་སླེབས་པར
ཁྱེད་ལ་༧བླ་མས་གཟིགས་རོགས
ཁྱེད་ལ་བདེ་སྐྱིད་ལྡན་པར་སྨོན
ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག
ཁྱེད་རང་ཕ་མ་ལ་བརྩེ་བའི་བུ་མོ་ཁྲེལ་ཡོད་ཅིག་ཆགས་པར་ཤོག

ངའི་དགའ་རོགས་གངས་དཀར་ལྷ་སྒྲོན་གྱིས་སྨན་ཁང་དུ་ཐར་མ་མཚོ་སྐྱེ་བར་ཉལ་ཁྲིའི་སྟེང་ནས་ཨག་སྐད་རྒྱག་ཞོར་ཏུ་བསྡད་ཡོད་ལ། ང་རང་གི་ལས་ཀ་གྲོལ་ནས་སྨན་ཁང་དུ་འབྱོར་ནས་ཁོ་མོ་དྲགས་སྐྱེད་ཡོང་བར་སྒུག་ནས་བསྡད་ཡོད་སྐབས་སུ་གོང་གི་སྙན་ངག་འདི་རང་གི་བུ་མོ་ཐར་མ་མཚོ་མི་ཡུལ་ཏུ་ཡོང་རྒྱུར་རེ་སྐུལ་བྱས་པ་དང་ཁ་གཡང་བོས་པ་ཞིག་ཡིན།

༢།༨།༠༩ཞོགས་པ་ཆུ་ཚོད་གཉིས་དང་སྐར་མ་ལྔ་བཅུ་ལྔ་ལྔའི་སྟེང་དུ་ཐར་མ་མཚོ་ཨག་རིང་ཞིག་དང་ལྷན་ཏུ་མི་ཡུལ་འདིར་སླེབས་སོང་ལ། ངས་ཀྱང་རང་ཉིད་ནི་འཇིག་རྟེན་འདི་ནས་བུ་མོ་ཐར་མ་མཚོའི་ཕ་རྒན་ཆགས་པ་ཤེས་སོང་ལ་རང་གི་དགའ་མས་ཀྱང་ན་ཟུག་ཡོད་ཚད་སྐད་ཅིག་དུ་བརྗེད་དེ་བུ་མོ་ཁྲག་དང་གཤང་ཆུའི་འདྲེས་མའི་ཁྲོད་ནས་ཡར་བླངས་པ་དེ་རང་གི་བྲང་ཁར་སྤྱར་ནས་སྙིང་རྗེ་བ་ལ་ང་ཡི་བུ་མོ་ཆུང་ཆུང་ཟེར་ནས་འཛུམ་མདངས་ལྷད་མེད་ཅིག་སྟོན་བཞིན་འདུག ང་ནི་རང་གི་དགའ་མའི་ན་ཟུག་ལ་བསམ་བློ་གཏོང་ཞོར་དང་རང་གི་བུ་མོ་ཐར་མ་མཚོའི་ལུས་སྟེང་གི་ཁྲག་དང་གཤང་ཆུ་དེ་ཚོ་ལ་བལྟ་ཞོར་ཏུ་རང་དབང་མེད་པར་སེམས་ནང་དུ་སྐྱོ་སྣང་ཅིག་རང་དབང་མེད་པར་སྐྱེ་སོང་། དེ་ནི་མི་ཟེར་བ་འདིས་སྐྱེ་རྒ་ན་འཆིའི་བརྒྱུད་རིམ་ལ་བསམ་བློ་ཞིག་བཏང་བས་ཡིན་པ་འདྲ། གང་ལྟར། རང་གི་བུ་མོ་ཐར་མ་མཚོ། མི་ཡུལ་འདིར་སླེབས་པ་ལ་རྟེན་འབྲེལ་མཚོན་བྱེད་དུ་སྙན་ངག་འདི་བྲིས་དེ་སྤུན་ཟླ་དག་ལ་ཕུལ་བ་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 23

  1. A tsekyi says:
    ལོ་ 16 སྔོན།

    དུས་་བབ་དྲ་ཚིགས་ཀྱི་སྐུ་མགྲོན་རྙིང་པ་བོད་ཤ་ཁྲག་རུས་གསུམ་ལགས་སུ།
    ཉིད་ཀྱི་བུ་མོ་ཐར་མ་མཚོ་འཇིག་རྟེན་མི་ཡུལ་དུ་སླེབས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཁྱེད་བཟའ་མི་ཚང་མ་ཚེ་རིང་ལོ་བརྒྱ་ཡོང་བར་ཤོག

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    བོན་རྒྱ་རིན་པོ་ཆེ་ཚང་གི་ཐུགས་སྨོན་ལྟར་བུ་མོ་ཐར་མ་མཚོ་བུ་མོ་ཡ་རབས་ཤིག་དང་མི་ལ་ཕན་ཐོག་བྱེད་མཁན་གྱི་རླབས་ཆེན་གྱི་མ་ཡུམ་ཞིག་ཉན་རྒྱུར་བདག་གིས་ཀྱང་རེ་བ་རྒྱག་གི་ཡོད། ཁྱེད་ཚང་འདི་རུ་རྟེན་འབྲེལ་ཞུ་རུ་ཕེབས་པ་ཐུགས་རྗེ་ཆེ།

    Reply
  3. kangwod says:
    ལོ་ 16 སྔོན།

    བུ་མོ་ཐར་མ་འཚོ་ལ་ཨ་ཁུ་བོན་རྒྱས་རྟེན་འབྲེལ་ཞུ་བཞིན་ཡོད། ཁྱོད་ཀྱང་ཨ་ཁུ་བོན་རྒྱ་སྙིང་ནས་དགའ་བའི་ཨ་ཅེ་འཇམ་དབྱངས་སྐྱིད་ལྟ་བུའི་བུ་མོ་རུས་པ་ཅན་ཞིག་དང་། མྱངས་ཚ་དཀར་རྒྱན་ལྟ་བུའི་བུ་མོ་མཛངས་མ་ཞིག ཡང་ན་རྒྱལ་ཡུམ་ཆེན་མོ་ལྟ་བུའི་བུ་མོ་བྱང་སེམས་ཅན་ཞིག་གི་སྨོན་འདུན་ཞུ་རྒྱུ་ཡིན།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་མིག་གསུམ་ལགས། ཐུགས་རྗེ་ཆེ་རྟེན་འབྲེལ་ཞུས་པ་ལ།

    ཨ་རིག་འགྱུར་མེད་ལགས། ཉིད་ཀྱིས་ཀྱང་རྟེན་འབྲེལ་ཞུས་པ་དང་ཞོར་དུ་ང་རང་ལ་སེམས་གཏམ་ཞིག་བཤད་གནང་བ་དེར་ཐུགས་རྗེ་ཆེ་ལགས། དགའ་མ་ནས་ཆུང་མར་འགྱུར་རྒྱུར་དེ་ཡང་ཉིད་ཀྱིས་གསུང་བ་དེ་ཡང་བདེན་པ་ཞིག་མ་རེད་ཟེར་ག་ལ་འཕོད། ངས་ཀྱང་ག་ལེར་བསམ་བློ་གཏོང་ངེས་ཡིན་ལ། རང་གིས་ཀྱང་ཁོ་མོ་ཆུང་མའི་རྟེན་འབྲེལ་དེ་མ་བྱས་ཀྱང་སྐྱིད་སྡུག་གི་ཁུར་རོ་མཉམ་ཁུར་ལོས་བྱེད།

    Reply
  5. akangtsen says:
    ལོ་ 16 སྔོན།

    གྲོགས་པོ་ལགས། ཡུན་རིང་ཞིག་ལ་ལས་བྲེལ་གྱི་དབང་གིས་ཟིན་བྲིས་འབྲི་ཁོམ་དང་ཀློག་ཁོམ་མེད་པར་གྱུར་ཡོད་ཀྱང་། དེ་རིང་འདིར་སླེབས་དུས་ཁྱེད་རང་འཇིག་རྟེན་གྱི་ཨ་ཕ་རུ་གྱུར་ཞིང་། སྙིང་ནས་བརྩེ་བའི་བུ་མོ་ཆུང་ཆུང་ཞིག་ཀྱང་འཇིག་རྟེན་མི་ཡུལ་འདིར་སྐྱེས་བྱུང་བ་རྟོགས་པས་རྟེན་འབྲེལ་ཞུ་བ་ཡིན།
    ཐར་མ་མཚོ། ཁྱེད་རང་དངོས་གནས་དྲིན་མ་ཟུང་གི་ཚེ་འདིའི་བདེ་སྐྱིད་དང་རེ་སྨོན་ཡིན་པར་སྨོན། ཁྱེད་ལ་ནད་མེད་ཚེ་རིང་ལོ་བརྒྱ་ཡོང་བར་སྨོན།

    ཡིན་ནའང་། དྲ་གྲོགས་ལགས། ཉིད་ཀྱིས་ཐར་མ་མཚོའི་ཨ་མར་དགའ་མ་ཞེས་འབོད་པ་ལས་ཆུང་མ་ཞེས་མི་འབོད་པའི་རྒྱུ་མཚན་ཅི། ཁྱེད་ཟུང་ལ་སྙིང་ནས་བརྩེ་བའི་བུ་མོ་ཆུང་ཆུང་ཞིག་ཀྱང་བཙས་ཟིན་པས་ད་ནི་ཅིས་ཀྱང་མྱུར་ཏུ་ཆང་ས་བརྒྱབས་ཏེ། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱས་ན་རེད། དེ་མིན་དགའ་མ་ཟེར་བའི་ཚིག་འདིའི་ཤུགས་སུ་ནམ་ཞིག་འཇིགས་ཡེར་བའི་བགྲོད་ལམ་ཞིག་ཀྱང་ཡོད་པ་སྟོན་གྱི་ཡོད། དེར་བརྟེན་དུས་འདི་ནས་བཟུང་དགའ་མ་ཟེར་བ་འདི་ཆུང་མ་ཞེས་པར་བསྒྱུར་རོགས། དེ་རེད་དམ།

    Reply
  6. free sopu says:
    ལོ་ 16 སྔོན།

    གྲོགས་པོ་རྟེན་འབྲེལ་ཞུ། ཐར་མ་མཚོ་ནད་མེད་ཚེ་རིང་ལོ་བརྒྱ།

    Reply
  7. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། མདོ་ལའུ་འཁྱམས་པོ། བསེ་རུ། འཁྱམས་པོ། སྨྱུག་རྒོད། གཉན་འདང་ཕོ་ཉ། ཁྱེད་ཅག་འདི་རུ་ཕེབས་ནས་ངའི་བུ་མོ་ཐར་མ་མཚོ་མི་ཡུལ་འདིར་འབྱོར་བ་ལ་རྟེན་འབྲེལ་ཞུས་པ་དེར་ཐུགས་རྗེ་ཆེ་ལགས། ཚང་མས་ཁ་གཡང་དེའི་བདག་གི་བུ་མོའི་མ་འོངས་པ་འོད་སྟོང་ལྡན་པ་ཞིག་ཡོང་རྒྱུར་ཡིད་ཆེས་ཡོད།

    Reply
  8. tashi gonpo says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་གྱི་ཀློང་ནས་ཐར་ཞིང་།
    ཕ་མའི་དུང་སེམས་ཀྱི་དབུས་སུ་མཚོ་བའི་
    དམར་ལུག་ལུག་གི་བུ་མོ།
    འཇམ་ཤིག་ཤིག་གི་བུ་མོ།
    ཐར་མ་མཚོ།
    ཐར་མ་མཚོ་་་་་་་་་
    ངས་ཁྱོད་འཇིག་རྟེན་འདིར་ཕེབས་པར་རྟེན་འབྲེལ་ཞུ་བཞིན།
    ངས་ཁྱོད་འཇིག་རྟེན་འདིར་ཡོང་བར་མཚམས་འདྲི་ཞུ།
    བུ་མོ་ལགས། ཐར་པ་མཚོ། དགོངས་དག
    ཁྱོད་འཇིག་རྟེན་འདིར་ཡོང་དུས་ནས་ས་མཐའ་ཞིག་ཏུ་གནས་ཚང་གཡར་དགོས་པ་འདི་ང་ཚོས་བྱས་པ་མ་རེད་དེ། ང་ཚོ་ལ་ལེ་ལན་ཡོད།
    ཁྱོད་འཇིག་རྟེན་འདིར་སླེབས་དུས་ཕ་ས་མཐོང་རྒྱུ་མེད་ཅིང་ཕ་ཟས་སྤྱོད་རྒྱུ་མེད་པ་འདི་ང་ཚོས་བྱས་པ་མ་རེད་དེ། ང་ཚོ་ལ་འགན་ཁུར་ཡོད།
    འོན་ཀྱང་ཁྱེད་ངོ་མ་གནོངས་དང་།
    ཁ་བའི་ཟུངས་ཁྲག་སྐོམ་མེད་ལ།
    གངས་རིའི་བླ་སྲོག་ཆད་མེད།
    བུ་མོ་ལགས། ཁྱེད་ཀྱིས་ཕ་མའི་ངོ་གདོང་གི་གཉེར་མ་ལ་རྩིས་ཁྲ་ཐེབས་པར་སྨོན།

    Reply
  9. ttshamba says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཕྲག་རུས་གསུམ་ལགས།
    འདིར་འང་ཁྱེད་ལ་བཀྲ་ཤིས་རྟེན་འབྲེལ་གྲང་མེད་ཞུ་པ་ཡིན།

    Reply
  10. kangtuk says:
    ལོ་ 16 སྔོན།

    ཡ་ ད་ཡག་པོ་རེད།
    བུ་མོ་ཐར་མ་མཚོ
    ཨ་ཞང་ཚང་གི་ཁྱིམ་ཆེན་ལ་ཕེབས་པ་དེ་ ཏག་ཏག་རན་འདུག
    ཨ་ཁུ་ཚོས་ཁྱོད་ལ་བསུ་ཆང་དང་ཁ་གཡང་འཐེན་
    ཨ་སྲུ་ཚོས་སྤྲང་དཀར་རྩམ་པས་མཆོད
    ཡ་ཁྱིམ་ན་ཤ་མར་ཐུད་གསུམ་གྱི་གསོལ་སྟོན་ཡོད
    ཁྱོད་ཡང་གངས་རི་ཚང་གི་ལས་དབང་རྩོད་མཁན་ནས་ལེན་མཁན་ཞིག་ཡིན་པར
    ཨ་ཁུ་ ཡིད་ཆས་ཡོད
    རྙིང་རྗེ་པའི་བུ་མོ་ཆུང་ཆུང ཐར་མ་མཚོ
    ནད་མེད་ཚེ་རིང་ལོ་བརྒྱ
    བརྟེན་འབྲེལ་ཞུ དྲ་གྲོགས་ཤ་ཁྲག་རུས་གསུམ་ལག

    Reply
  11. samkhar says:
    ལོ་ 16 སྔོན།

    སྙིང་ཉེ་བའི་དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས།

    ང་རང་ཁྱེད་ཉིད་འཚམས་འདྲི་ཞུ་རྒྱུ་ཅུང་རྗེས་ལུས་ཐེབས་འདུག དགོངས་འགལ་མེད་པ་ཞུ།

    ཐར་མ་མཚོ། ཤ་ཁྲག་རུས་གསུམ་གྱི་སྲས་མོར།
    ས་མཐའི་ས་མཐའ་ཞིག་ཏུ་འཁྲུངས་སྐབས།
    ངས་མི་ཡུལ་གྱི་སྐྱིད་སྡུག་གི་ལོ་ཟླའི་དཀར་ནག་གི་རི་མོ་དེ་དག་མཐོང་བྱུང་།
    ངས་གདོང་དམར་བོད་པའི་རིགས་རྒྱུད་ས་མཐའ་ནས་ས་མཐར་གྱར་བའི་གཏམ་རྒྱུད་དེ་དག་དྲན་བྱུང་།
    འདི་ལྟར་རང་དབང་མེད་པའི་མི་རིགས་ཤིག་གི་སྐྱོ་གར་འདིར་བསམ་སྐབས།
    ཐར་མ་མཚོ། སྐྱེས་པ་སྔ་དྲགས་སོང་། ཁྱེད་ཀྱིས་རང་དབང་དང་ཞི་བདེའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལོངས་སྤྱོད་འདོད་ན་ད་དུང་མི་ལོ་དུ་མ་ཞིག་རྣམ་ཤེས་དེ་འཇིག་རྟེན་འདིར་མ་ཡོང་ན་བསམ་བྱུང་།
    ཐར་མ་མཚོ། འདི་ལྟར་འཇིག་རྟེན་གྱི་གྲུ་ཟུང་ཞིག་ན་ལས་དབང་ཞིག་གིས་གདོང་དམར་གྱི་རིགས་སུ་སྐྱེས་པ་དགའ་འོས་པ་ཞིག་རེད་ལ་སྐྱོ་དགོས་པ་ཞིག་ཀྱང་རེད།
    གང་ལྟར། ངའི་མི་རིགས་འདིར་ལ་རྒྱ་དང་ལྷག་བསམ། སྙིང་སྟོབས་དང་ཤེས་འཇོན་གྱིས་ཕྱག་པའི་མི་སྲས་མོ་ངོ་མ་ཞིག་ཏུ་འགྱུར་བའི་རེ་སྒུག་བྱེད་ཀྱིན་ཡོད་ལ། དེ་ཡང་ཡོང་བའི་སྨོན་ལམ་ཡང་འདེབས་བཞིན་ཡོད།
    ཤ་ཁྲག་རུས་གསུམ་ལགས། ཨ་ཨ་ད་ནི་འཇིག་རྟེན་གྱི་ཕ་རྒན་ངོ་མ་ཞིག་ཏུ་གྱུར་ཟིན་པ་རེད། ཁྱེད་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཡང་ལྕི་རུ་སོང་ཡོད་ཀྱང་། ཁྱེད་ཀྱི་སེམས་ཁོང་ན་བདེ་སྐྱིད་ཀྱི་མེ་ཏོག་ཅིག་ཀྱང་འཛུམ་མེར་བཞད་པ་ད་གཟོད་རྟོགས་བྱུང་། ཐར་མ་མཚོ། ངའི་རིགས་རྒྱུད་གཅིག་པའི་གདོང་དམར་བོད་པ། བོད་ལ་དགའ་ཞིང་། བོད་ལ་གཅེས། བོད་ནི་ཁྱེད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ཡིན་སྟབས། ང་ཚོས་ཁྱེད་ལ་སྤྲད་པའི་བོད་ནི་གཤིན་རྗེའི་མཆེ་བར་གནས་པའི་བོད་ཡུལ་ཞིག ཟུངས་ཁྲག་དང་མིག་ཆུའི་བཞུར་རྒྱུན་གྱིས་ཚོས་པའི་བོད་ཡུལ་ཞིག ངུ་འབོད་དང་སྨྲེ་ངག་གི་སྐད་ངན་གོ་བའི་བོད་ཡུལ་ཞིག མནར་གཅོད་དང་གདུག་རྩུབ་ཀྱིས་མནར་བའི་བོད་ཡུལ་ཞིག
    དཔའ་བོ་དང་དཔའ་མོའི་བླ་སྲོག་རྒུད་བཞིན་པའི་བོད་ཡུལ་ཞིག

    ཨ་ཁ་ཁ་ཐར་མ་མཚོ། ཁྱེད་ཀྱི་སྐྱེས་པ་སྔ་དྲགས་སོང་། ཨ་ཁ་ཁ་ཁྱེད་སྐྱེས་པ་ཕྱིས་དྲགས་སོང་།
    ཨ་ཁ་ཁ་བོད་ཤ་ཁྲག་རུས་གསུམ།

    ཡང་གཅིག་བཤད་ན།
    ཐར་མ་མཚོ། ཁྱེད་ནི་ཚངས་སྲས་མའི་བྱིན་གྱིས་རླབས་པའི་མི་རིགས་འདིའི་སྲས་མོ་ཞིག་མིན་ནམ།
    སྐྱེས་མ་ཐག་པའི་བུ་མོར་དབྱངས་ཅན་མའི་རྒྱུད་མངས་ལས་སྙན་པའི་སྙན་ངག་དག་འདི་ལྟར་བཞུར་ཡོང་སྐབས།
    ཁྱེད་ནི་དབྱངས་ཅན་མའི་སྤྲུལ་པ་ཞིག་མིིན་ནམ་སྙམ།
    ཡང་གཅིག་བཤད་ན། བྱིས་པ་སྐྱེས་མ་ཐག་པར་རང་གི་ཕ་རྒན་གྱིས་རང་ལ་སྙན་ངག་སྦྱར་བ་འཇིག་རྟེན་འདིར་ཆེས་ཐོག་མ་ཡིན་ཡང་སྲིད། བོད་ཤ་ཁྲག་རུས་གསུམ་ལགས། འདི་ལྟར་ཨེ་རེད།
    ཁྱེད་ཕ་རྒན་དྲན་རྒྱུ་ཅན་ཞིག་རེད་ཨང་།།

    Reply
  12. Kangpu says:
    ལོ་ 16 སྔོན།

    བུ་མོ་ཐར་མ་མཚོ་ལ་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ། ཕ་རྒན་ཤ་ཁྲག་ལའང་བཀྲ་ཤིས་བདེ་ལེགས་ཡོད། ཐར་མ་མཚོའི་ཨ་མ་ལའང་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  13. sha tak ri sim says:
    ལོ་ 16 སྔོན།

    ངའི་སྤུན་ཟླ་ཁྱེད་ཅག་ལ་ང་རང་གི་བུ་མོའི་འདྲ་དཔར་ཞིག་ཁྱེད་ཅག་ལ་སྤྱན་འབུལ་ཞུས་ཡོད།

    Reply
  14. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་ཚང་མ་འདི་རུ་ཕེབས་པ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། སྐར་མ། སྦྲ་ནག་པ་རོལ་དབྱངས། ཁ་བ་དཀར་པོ། གནམ་ལྕགས། འབྲོག་རུ་ཆོས་གྲགས། ཨརྱ། འཇམ་མགོན། ཆུ་ཐིགས་སྔོན་མོ། ལྕགས་རྒྱ་འགྲམ་ནག ལྷ་ཆབ་སྦྱིན་པ། དམིགས་བསལ་ཁྱེད་ཅག་གིས་བདག་གི་བུ་མོ་ཐར་མ་མཚོ་འཇིག་རྟེན་འདིར་ཕེབས་པར་རྟེན་འབྲེལ་ཞུས་པ་དེར་ལྷག་ཏུ་དགའ་ནི་ཡིན།

    ངའི་བུ་མོ་འདི་ད་ལྟ་མི་ཡུལ་འདིར་སླེབས་ནས་ཉིན་གསུམ་ལས་འགོར་མེད་ཀྱང་། སེམས་བསམ་པའི་གཏིང་ནས་ཁྱེད་ཅག་གི་ཁ་གཡང་དང་རེ་འབོད་དེ་དག་གསན་ཡོད་པར་ང་རང་ཡིད་ཆེས་ཡོད།

    Reply
  15. lhachapjinpa says:
    ལོ་ 16 སྔོན།

    སྙིང་ཉེ་བའི་གྲོགས་ཤ་ཁྲག་རུས་གསུམ་གྱི་སྲས་མོར་ཕུལ།

    ཁྱོད་འདི་ལྟར་མི་ཡུལ་ལ་སླེབས་པའི་ཐོག་མ་ནི་ཨ་ཕས་བསྩལ་སོང

    ཁྱོད་འདི་ལྟར་བྲག་སྲིན་གྱི་རྒྱུད་པར་འཁྲུངས་པའི་རྟེན་འབྲེལ་ཡང་ཨ་ཕས་གནང་སོང

    ཐར་མ་འཚོ ཁྱོད་ཀྱི་མིང་ཡང་ཨ་ཕས་བཏགས་ཀྱང

    ད་དུང་ཁྱོད་ལ་མེས་པོ་ཡོད གཤིས་རྒྱུད་འཇམ་པའི་མེས་པོ་ཡོད

    སྙིང་སྟོབས་ལྡན་ལ་གཟི་བརྗིད་ཆེ་བའི་མེས་པོ་ཡོད

    ཐར་མ་འཚོ ཁྱོད་རང་སྐྱེས་ས་དེ་ས་མཐའ་ཡིན

    ཁྱོད་དང་ཁྱོད་ཀྱི་ཨ་ཕ་གཉིས་ས་མཐའ་ལ་ལྷུང་ཡོད

    ས་མཐའ་ལ་ལྷུང་བའི་གངས་རིའི་སྲས་མོ

    ཁྱོད་ཀྱི་ལྟེ་ཁྲག་ས་མཐའ་ནས་གཏོར་ཡང

    ཁྱོད་ཀྱི་རྐང་རྗེས་གངས་གསེང་ལ་སྤར་དགོས སྙིང་ཉེ་བའི་བདག་གི་ཚ་མོ

    ཕ་ཡུལ་ནས་ས་མཐར་འཁྱམས་ཤིང ས་མཐའ་ནས་ཀྱང་ས་མཐར་འཁྱམས་པའི

    ཁྱོད་ཀྱི་ཨ་ཕ་ནི་འཇིག་རྟེན་གྱི་མཐོ་ས་ནས་སླེབས་པའི་སྲོག་ཆགས་ཤིག་སྟེ

    ས་སྒང་ན་སྟོངས་ལ་ཉེ་བའི་བོད་པ་ཟེར་བ་དེ་ཡིན

    ཁྱོད་ཀྱིས་མཐོང་བྱུང་ངམ གཡག་རྔ་བཞིན་འཛིང་བའི

    ཁྱོད་ཀྱི་ཨ་ཕའི་སྐྲ་ལོའི་གསེང་ན

    ནམ་ཡང་འགྱུར་བ་མེད་པའི་རང་གཤིས་ཤིག་གྲུབ་ཡོད

    ཐར་མ་འཚོ ཨ་ཁུ་ང་ཡང་ས་མཐའ་ན་ཡོད

    འཇམ་ནེམ་ནེམ་གྱི་ཁྱོད་ཀྱི་འཁུར་ཚོས་གཉིས་ལ

    སྙིང་ཉེ་ཉེ་ངང་འོ་ཞིག་བྱེད་འདོད་ཡོད་ཀྱང

    ལས་དབང་བཙན་པོ་འདིས་ཁྱོད་ཉིད་ང་དང་ཧ་ཅང་རིང་བའི་ས་ལ་གཡུགས

    གང་ལྟར་ཁྱོད་ལ་མེས་པོ་ཡོད ཁྱོད་ཀྱི་མེས་པོ་ནི་གངས་ལ་གནས་ཡོད

    ཁྱོད་ཀྱི་མེས་པོའི་བྲང་གཞུང་ན་དཔའ་ངར་དང་སྙིང་སྟོབས་ཀྱིས་བལྟམས་ཡོད

    ཐར་མ་འཚོ བདག་གི་སྙིང་ཉེ་བའི་འཇིག་རྟེན་གྱི་མགྲོན་པོ་གསར་བ

    མ་མཐོང་རྒྱང་རིང་གི་ཨ་ཁུའི་བརྩེ་བ་གསོན་པོ

    ༢༠༠༩ ༨ ༥ ལ་བྲིས།

    Reply
  16. Jakgya Damnak says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།
    ཐར་མ་མཚོའི་འདྲ་པར་མཐོང་སྐབས་བུ་མོའི་ཨ་ཕ་ཁྱེད་རང་ཡིན་པ་ཤེས་མ་སོང་། མ་བུ་གཉིས་བདེ་མོ་འཚམས་པོ་ཡིན་པ་འདི་ཅི་འདྲའི་སྤྲོ། ཁ་ཐག་ཉེ་ས་ཞིག་ན་ཡོད་ཚེ། དྲ་གྲོགས་བཟའ་མི་ལྷན་རྒྱས་ལ་འཚམས་འདྲིར་ཡོང་སྟེ། ཞོར་དུ་དྲ་ཐོག་གི་གནས་ཚུལ་རེ་གླེང་རྒྱུ་བྱུང་ན་ཅི་མ་རུང་། ཁྱེད་བཟའ་མི་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུ། ལྕགས་རྒྱ་ཡིས།

    Reply
  17. mekor says:
    ལོ་ 16 སྔོན།

    ཐར་མ་མཚོ་ ཁྱེད་རང་མི་ཡུལ་འདིར་སླེབས་པར་རྟེན་འབྲེལ་ཞུ།
    ཁྱེད་ཀྱི་ཨ་ཕས་ཁྱེད་ལ་སྙན་ངག་གི་མཆོད་ཆང་བཤམས་ནས་མི་ཡུལ་ནས་ཁྱེད་ཉིད་རེ་བསྒུགས་བྱས། ཐར་མ་མཚོ་མི་ཡུལ་ནས་མི་ཡུལ་དུ་འཁྱམས་པའི་ཁྱེད་ཀྱི་ཨ་ཕ་དང་ཕུ་ནུ་ཚོར་རྒྱལ་ཁབ་མེད། འོན་ཀྱང་ང་ཚོས་རེ་བཞག་ཡོད་ཚད་ཁྱོད་ཚོར་བཅོལ་ཡོད། ཐར་མ་མཚོ་མི་ཡུལ་ནས་འཚར་ལོངས་བྱུང་སྟེ་རང་སྐད་གཙང་མ་ཞིག་སྨྲ་བའི་གཞོན་སྐྱེས་རིག་བཟང་ཞིག་ཡོང་རྒྱུའི་སྨོན་འདུན་ཡོད། ཁྱེད་ཀྱི་ཨ་ཕས་མི་རིགས་ལ་བཅངས་པའི་བརྩེ་བ་བརྗོད་པའི་ཡུལ་ལས་འདས་པས་ཁྱེད་རང་ཡང་ཕ་བཟང་གི་བུ་མོ་ཡིན་པས་དེ་བཞིན་ཡོང་རྒྱུའི་རེ་བ་ཡོད། ཐར་མ་མཚོ་ཨ་ཕའི་མ་འོངས་པའི་སེམས་རྟེན་དང་ཚེ་མཇུག་གི་གློ་སྙིང་བཅོལ་ས། མི་རིགས་ཤིག་གི་ལས་དོན་དང་བདེ་སྡུག་བཅོལ་ས། ཐར་མ་མཚོ་ཁྱེད་ཀྱི་མི་ཚེ་དོན་དང་ལྡན་པར་སྨོན། ཨ་ཁུས་ཆེས་ཐག་རིང་གི་མི་ཡུལ་ཞིག་ནས་ཁྱེད་ཉིད་གཉོམ་ལག་རྒྱས་པ་བསྒུགས་ནས་བསྡད་ཡོད། ཐར་མ་མཚོ་མི་རིགས་ཤིག་གི་མ་འོངས་པའི་སོན་རྩ། ལ་རྒྱ་དང་སྤོབས་པའི་ངང་གཉོམ་ལག་རྒྱས་པར་སྨོན།

    Reply
  18. jamgon says:
    ལོ་ 16 སྔོན།

    ངས་ཀྱང་ཁྱེད་ལ་ཤ་དང་རུས་པའི་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། འབྱུངའགྱུར་གཅེས་ཕྲུག་མ་དེའང་ཕ་ལོ་ཁྱེད་དང་འདྲ་བར་རང་ཉིད་ཀྱི་རིག་གཞུང་ལ་དགའ་མཁན་ཞིག་དང་། འབྱུང་འགྱུར་ཁོ་མོའི་བྱ་བ་ཡོད་ཚད་ལྷུན་གྱིས་འགྲུབ་པ་དང་ཚེ་རིང་ནད་མེད་ཤོག ཁྱེད་ཀྱི་མཛའ་ནཱ་མོ་ལའང་དེ་བཞིན་འཚམས་ཞུ།
    གཅེས་ཕྲུག་མའི་མཚན་དེ་ལ་གསང་བ་ཞིག་ཡོད་པ་འདྲ་བཤད་ཆོག་དམ།

    Reply
  19. jamyang says:
    ལོ་ 16 སྔོན།

    ཐར་མ་མཚོ། ཨ་ཕའི་སྙིང་སྟོབས་ཀྱི་རུས་པ་དཀར་པོ་ལ།
    ཨ་མའི་བྱམས་བརྩེ་ཡི་ཁྲག་རྒྱུན་བྱུགས་ཏེ་
    བདེ་སྐྱིད་ཅིག་སྙེག་ནས་ཨག་སྐད་ཅིག་སྒྲོགས་པར་རྟེན་འབྲེལ་ཞུ།

    Reply
  20. choedak says:
    ལོ་ 16 སྔོན།

    ཐར་མ་མཚོ་མི་ཡུལ་ཕེབས་པར་དགའ་བསུ་དང་རྟེན་འབྲེལ་ཞུ།
    ཐར་མ་མཚོ། ཁྱེད་ཀྱི་ཨ་ཕ་བོད་ཀྱི་ཤ་ཁྲག་རུས་གསུམ།
    ཁྱེད་རང་བོད་ཀྱི་གློ་སྙིང་མཆིན་གསུམ་ཡིན་དགོས།
    ང་ཚོས་ཁྱེད་ལ་རེ་བ་བཅོལ་ཡོད།
    ང་ཚོས་ཁྱེད་ལ་སྨོན་འདུན་ཞུས་ཡོད།

    Reply
  21. kkalsang says:
    ལོ་ 16 སྔོན།

    སྙིང་ཉེ་བའི་གྲོགས་པོ་ཤ་ཁྲག་ལགས། ཁྱོད་རང་འཇིག་རྟེན་གྱི་ཨ་ཕ་རུ་ཆགས་པར་རྟེན་འབྲེལ་གྲངས་མེད་ཞུ། ཁ་སང་པར་ཡང་མཐོང་སོང༌། དངོས་གནས་དགའ་ཡོད། རྒྱང་རིང་གི་གྲོགས་པོ་ཁྱོད་ལ་སྙིང་ཉེ་བའི་བུ་མོ་ཞིག་སྐྱེས་པ་ལ་དགའ་ཡོད། ཡིན་ནའང་མིང་དེའི་ནང་དོན་རྟོགས་མ་སོང༌། རྗེས་མ་ཞིག་ལ་ཆེད་དུ་རང་གི་བུ་མོའི་མིང་ལ་འགྲེལ་བཤད་ཅིག་རྒྱག་རྒྱུ་ངའི་རེ་བ་ཡིན།

    Reply
  22. kawakarpo says:
    ལོ་ 16 སྔོན།

    ཐར་མ་འཚོ།
    གངས་ཅན་པའི་རིགས་རྒྱུད་ཕྱི་མ།
    མ་འོངས་པའི་བོད་ལྗོངས་ཤིག་གི་བདག་མོ།
    གསེར་མདོག་གི་འཇིག་རྟེན་ཞིག་གི་ལྷ་མོ།
    ཁྱོད་ཀྱི་ལུས་ལ་ན་ཚ་མེད་པར་གཉོམ་ལག་རྒྱས་ཤིང་།
    ཁྱོད་ཀྱི་སེམས་ལ་སྐྱོ་གདུང་མེད་པར་རྣམ་རིག་རྒྱས་པའི་སྨོན་ལམ་འདེབས།
    དེ་བཞིན།
    ཁྱོད་ཀྱི་ཕ་མ་གཉིས་ཀ་ཡང་།
    ཁྱོད་ཡོད་པས་འཇིག་རྟེན་ལ་བདེ་སྐྱིད་ལྡན་ལ།
    ཁྱོད་ཡོད་པས་བརྩེ་དུང་ལ་མདུད་རྒྱ་དམ་ཞིང་།
    ཁྱོད་སྐྱེས་པས་གཞི་ཁྱིམ་ལ་དྲོད་ཁོལ་འབར་བའི་སྨོན་ལམ་འདེབས།

    Reply
  23. gedenyonten says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལ་ཕུལ།
    ཐར་མ་མཚོ
    བོད་ཤ་ཁྲག་རུས་གསུམ་གྱི་ལྷད་མེད་པའི་ཁྲག་རྒྱུན་དྭངས་མ
    ཨ་མ་གངས་དཀར་ལྷ་སྒྲོན་གྱི་སྙིང་གི་གཅེས་ཕྲུག
    གྲིབ་ནག་དང་མཉམ་དུ་ཁེར་རྐྱང་གིས་འཚོ་བའི་འཁྱམས་པོ་སྦྲ་ནག་པ་རོལ་དབྱངས་གིས་ཁྱོད་འཇིག་རྟེན་འདིར་ཕེབས་པར་རྟེན་འབྲེལ་ཞུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese