བོད་རིགས་ཤིག་ཡིན་ན། སྟག་སྨྱོན་གྱི་སྟག་སྨྱོན་ཟེར་མཁན་ཞིག་གིས་རྩེད་མོ་རྩེད་བྱེད་དང་མི་ལ་ཚིག་རྩུབ་དང་ངན་སྨྲས་བྱེད་ཆེད་དུ་བེད་སྤྱོད་མ་བྱེད་རོགས་ཟེར་ནས་ལག་ཟུང་ཐལ་མོ་སྤྱར་ནས་ཞུ་བ་བྱེད་ཀྱི་ཡིན། སྨྱུག་མིང་ནི་ག་ཚོད་དགོས་དགོས་ཤིག་རེག་གི་རེད། ཡིན་གཅིག་མིན་གཅིག་སྤུན་ཟླ་སྟག་སྨྱོན་ལགས་ཀྱིས་སྨྱུག་མིང་གི་འོག་ནས་མི་ལ་མགོ་བསྐོར་མ་གཏོང་རོགས་ཞུ་རྒྱུ་ཡིན། བདག་གིས་འདིའི་ནང་དུ་སྟག་སྨྱོན་ཁོང་ནས་གསལ་བཤད་གནང་རོགས་བར་དུ་བདག་གིས་སྟག་སྨྱོན་ཁོ་རང་ཡིན་ཤག་བྱས་པ་ཡིན། ད་ནི་དེ་འདྲ་ཞིག་མིན་རབས་འདུག་ན། སྐུ་མཁྱེན་སྤུན་ཟླ་སྟག་སྨྱོན་ལགས་ཀྱིས་སྨྱུག་མིང་བཟུང་དེ་བོད་མིའི་ནང་ཁུལ་ལ་དཀྲུགས་ཤིང་མ་འཕེན་རོགས་ཟེར་ནས་བུས་མོ་ས་ལ་བཙུགས་དེ་ཞུ་བ་བྱེད་ཀྱི་ཡོད། སྐུ་མཁྱེན་སྟག་སྨྱོན་མ་ཡིན་པས་སྟག་སྨྱོན་གྱི་མིང་ཚབ་པ་ལགས། ཐུགས་རྗེ་གཟིགས། བོད་ལ་བོད་ཞེན་དགོས་པ་དང་། བོད་ལ་བོད་སེམས་དགོས་པ་ནི་ངེད་ཅག་གིས་རྟག་པར་བཤད་ཀྱི་ཡོད་པ་རེད། ཉིད་ཀྱིས་མ་མཐའ་རང་ཉིད་བོོད་མི་ཞིག་ཡིན་པ་དེ་ལ་བསམ་གཞིགས་གནང་དེ་འདི་ནས་དགོངས་དག་ཟེར་མ་ཐུབ་ཀྱང་། ད་ནས་བཟུང་སྟག་སྨྱོན་ཁོང་གི་སྨྱུག་མིང་དོན་མེད་དགོས་མེད་དུ་བེད་སྤྱོད་མི་གནང་རྒྱུ་སྐུ་མཁྱེན་ཞུ་རྒྱུ་ཡིན།
སྟག་སྨྱོན་ཁོ་རང་གིས་གསལ་བཤད་བཀླགས་རྗེས་སུ་སེམས་དང་བསམ་པའི་རེ་སྐུལ་ཐེངས་གསུམ་ཞུས་པ་ཡིན།
དྲ་གྲོགས་ཚོ། གོང་དུ་སྟག་སྨྱོན་གྱི་མིང་བྲིས་ནས་མཆན་འདེབས་མཁན་དེ་ང་བསམ་གཏན་ཡིན། སྟག་སྨྱོན་གྱིས་དེང་སྐབས་ང་ལ་སྐྱག་པར་ལག་པ་འཆང་འདོས་མེད་ཟེར་ནས་ཡ་བྱེད་ཀྱི་མི་འདུག་པས་ང་ལ་རྩོད་ཡ་བཙན་པོ་ཞིག་མི་རྙེད་སྟབས་སྟག་སྨྱོན་མིང་སྤྱད་ནས་གང་སར་མཆན་འདེབས་ཀྱི་ཡོད། འོན་ཀྱང་ཉིན་ཤས་རྗེས་སུ་ངས་བྲིས་ཡིན་ཞེས་ཁས་ལེན་བྱེད་ངེས་ཡིན།
མིའུ་ཕྲུག་ལགས། ད་ནི་རང་གི་སྤུན་ཟླ་དག་ལ་བསྡིག་གི་མ་འདུག དེ་ལས་འུ་ཅག་གིས་སྤུན་ཟླ་གཉིས་ཀྱི་བར་དུ་བུད་དེ་སེམས་དང་བསམ་པའི་སྐད་ཆ་རེ་བཤད་ན་ཁོ་གཉིས་ཀྱང་རང་རིགས་སྤུན་ཟླའི་ནང་གི་ཤེས་ཡོན་པའི་སྡེ་ལ་སྙེགས་མཁན་གཉིས་ཡིན་སྟབས། གོ་བ་མེད་མཁན་ཞིག་ཡིན་མི་སྲིད་ལགས།
སྟག་སྨྱོན་མ་ཡིན་པའི་སྟག་རྫུན་ལགས། མི་རེ་ལ་སྒེར་གྱི་བལྟ་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད་སྲིད་པས་ཁྱེད་ཀྱིས་སྟག་སྨྱོན་ལ་དགག་པ་དང་སྐྱོན་བརྗོད་ཇི་ལྟར་བྱས་རུང་སྨྲ་བརྗོད་རང་དབང་རེད། འོན་ཏེ་ཁོའི་མིང་བརྐུས་ནས་སྨ་འབེབས་ཀྱི་གཞི་རུ་གྱུར་པའི་བྱ་སྤྱོད་འདི་དག་ཕྱོགས་གང་ནས་བལྟས་ཀྱང་འོས་པ་ཞིག་མཐོང་མ་སོང་ལགས།
ཆུ་མོ་དངས་པའི་གནམ་ཁ་སྔོན་ཞིང་དངས།།
ཐིགས་པ་བསགས་པའི་རྒྱ་མཚོ་བཞིན་དུ་འཕྱོ།།
སྔོན་ཆད་དགྲ་ཡང་འཛིང་རེ་བྱེད་མ་མྱོང་།།
མོ་དྲིན་འདྲ་བའི་སྤུན་ལ་དེ་བས་ཀྱང་།།
ཨོ་ཧོ་ཧོ༌༌༌༌༌༌༌ཉིན་ཤས་རིང་ཟ་ལེ་རྒྱལ་ཁྲབ་སྟེ་གང་སར་འཁྱམས་ནས་དེ་རིང་བར་ཕྱིར་སླེབས་མ་སོང་། དེ་རིང་འུ་ཚང་ལ་ཡོང་དུས་སྒོ་ཁྱིམ་མཚམས་ལ་སླེབས་དུས་ཁྱེད་དང་སྟག་སྨྱོན་གཉིས་འཛིང་རེས་བྱས་པའི་སྐད་གོ་གི་འདུག་པས་ཧ་ཅང་ཞེད་སྣང་སྐྱེས་སོང་། ད་དེ་འདྲའི་རྒྱུ་མཚན་འགོད་རེས་མི་བྱེད་པར་ཞི་འཇམ་ངང་འཇོག་རོགས་་་ང་ཧ་ཅང་སྐྲག་གི་
བསེ་རུ་ལགས་ཀྱིས་ལམ་སྟོན་དང་གནམ་ལྕགས་ལགས་ཀྱིས་མགྲོན་འབོད་གཉིས་ལ་དགའ་བསུ་དང་བཅས་ལས་སུ་ཞུགས་རྒྱུ་ཡིན།
ཤ་ཁྲག་ལགས། འགྲོ་ཞོར་དུ་ངའི་ཁྱིམ་དུ་ཞོག་དང་ངས་ཀྱང་འདིའི་སྐོར་ལ་བསམ་ཚུལ་ཐུང་ངུ་ཞིག་བྲིས་ཡོད།
དྲ་གྲོགས་ལགས།
ཉིད་ཀྱིས་མཆན་གང་རུང་བསུབ་འདོད་ན། སྐུ་ཉིད་ཀྱི་ཟིན་བྲིས་ཀྱི་མདུན་ངོས་ཕྱེ་བའི་རྗེས་སུ།
ཟིན་བྲིས་ཀྱི་གདམ་ཀ་ཞེས་པའི་ནང་དུ་བསམ་འཆར་བཀོད་སྒྲིག་ཅེས་པར་ཐེངས་ཤིག་བསྣུན་དང་། དེ་ནས་ཏོག་ཙམ་སྒུག་རྗེས་ཁྱེད་ཀྱིས་ད་བར་ཟིན་བྲིས་ཁག་གི་ནང་བཏགས་ཟིན་པའི་མཆན་བུ་རྣམས་བཏགས་པའི་དུས་ཚོད་ཀྱི་གོ་རིམ་ལྟར་མིག་མདུན་དུ་འཆར་ངེས་ཡིན་ཞིང་། དེའི་རྗེས་མཆན་བུ་གང་བསུབ་འདོད་ཡོད་པ་དེར་འགྲིག་རྟགས་ཤིག་བརྒྱབས་རྗེས། འོག་ཏུ་མར་གཟིགས་ན་གཤམ་དུ་མཆན་བསུབས་ཞེས་པ་ཞིག་ཡོད། དེར་བསྣུན་ན་མཆན་དེ་བསུབས་ཟིན་པ་རེད།
དེ་ནི་ཁྱེད་ཀྱིས་ང་ལ་བཏོན་པའི་རེ་བ་མིན་ན་ཡང་ངས་ཤེས་པའི་གནད་འགག་དེ་ཁྱེད་ལ་བཤད་པ་ཡིན་ནོ།།
སྟག་སྨྱོན་མིན་པའི་སྟག་སྨྱོན་ལགས། ངས་དངོས་ནས་དྲང་ནས་ཀྱི་མཆན་པུ་གསུབ་སྟངས་མི་ཤེས་ལགས། ཉིད་ལ་ཁོམ་པོ་ཡོད་ན་འགྲེལ་བཤད་ཅིག་རྒྱོབས་དང་དེ་ནས་ངས་གསུབ་ཆོག ཡིན་གཅིག་མིན་གཅིག་གསུབ་དགོས་པ་ཞིག་མཐོང་གི་མེད་པ་ཡིན་ན་བཞག་ན་འགྲིག་གི་རེད།
བཀླགས་ཟིན། ཐུགས་རྗེ་ཆེ། ཉིད་ཀྱི་ཟིན་བྲིས་ཀྱི་མཛེས་ཆ་ལ་གནོད་ཀྱི་འདུག་པས་གོང་གི་སྟག་སྨྱོན་གྱི་མཆན་ཕྱོགས་བསྒྲིགས་དེ་བསུབ་རོགས།
སྟག་སྨྱོན་མིན་པའི་སྟག་སྨྱོན་ལགས། ཉིད་ཀྱིས་བདག་ལ་འདི་ལྟར་གསལ་བཤད་གནང་བ་སེམས་དང་་བསམ་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བདག་གིས་ཀྱང་སྟག་སྨྱོན་ལགས་ཀྱིས་མཆན་པུ་འདི་དག་ཕལ་ཆེ་བ་ཞིག་རིག་ཡོད་ལ། ཁོང་གིས་བོད་ལ་བཅིངས་པའི་སེམས་ཤུགས་ཀྱི་སྐད་ཆ་དེ་དག་ཡང་མི་ཉུང་བ་ཞིག་གོ་མྱོང་ཡོད། ཉིད་ཀྱིས་གསུང་བ་ལྟར། བདག་གིས་ཀྱང་ཉིད་རང་གཏན་ནས་ཤེས་ཀྱི་མེད་ལ། སྟག་སྨྱོན་ཁོ་རང་ཡང་དྲ་ཐོག་ནས་མ་གཏོགས་ན་ཤེས་ཀྱི་མེད། ངས་ཤེས་པ་ནི་རང་གི་སྐད་ཡིག་གི་དྲ་ཚིགས་འདི་བརྒྱུད་དེ་སྟག་སྨྱོན་དང་སྟག་སྨྱོན་མིན་པའི་སྟག་སྨྱོན་ཁྱེད་གཉིས་ལ་ལྟ་ཚུལ་གཅིག་པ་ལས་གཅིག་ལ་ཡག་ཕྱོགས་དང་གཅིག་ལ་སྡུག་ཕྱོགས་དེ་འདྲ་རྩ་ནས་མེད་ལགས། ལྷག་པར་དུ་ངས་སྐད་ཆ་མགོ་མ་ཚོས་པར་བཤད་སོང་ཟེར་གྱི་ཡོད་ན་དེ་ལ་དགོངས་དག་ཞུ། འོན་ཀྱང་། ཉིད་རང་མི་བསམ་ཤེས་ཤིག་ཡིན་པའི་དབང་དུ་བཏང་ན། ཉིད་ཀྱིས་ཀྱང་སྟག་སྨྱོན་ལགས་ཀྱིས་སྨྱུག་མིང་བེད་སྤྱད་དེ་དྲ་གྲོགས་དག་ལ་མགོ་བསྐོར་ཐེབས་དུ་འཇུག་པ་ལས་ཐད་ཀར་རང་ཉིད་ཀྱིས་སྨྱུག་མིང་ཞིག་བེད་སྤྱད་དེ་སྟག་སྨྱོན་ཁོང་དང་གླེང་མོལ་ལྷུག་པོར་གནང་བ་ཡིན་ན་ཅིས་མ་ཆོག་མོད། ཡིན་ཡང་། ཉིད་རང་ལ་ཉིད་ཀྱི་རྒྱུ་མཚན་མཁྲེགས་པོ་ཞིག་ཡོད་པར་གསུང་གི་འདུག་ལ། སྟག་སྨྱོན་ཁོ་རང་ལ་ཡང་ཁོ་རང་གི་རྒྱུ་མཚན་ཞིག་ཡོད་ཤ་སྟག་ཡིན་ངེས། དེས་སྐུ་ཉིད་ནས་བསམ་ཤེས་ཤིག་གནང་དེ་ནང་ཁུལ་དུ་ལྟ་བ་མཁྲེགས་འཛིན་བྱེད་པའི་གཤིས་ཀ་དེ་དོར་ནས་ཕན་ཚུན་ལ་ཚིག་རྩུབ་དང་ཞེན་འཁོན་མེད་པའི་སྒོ་ནས་གླེང་མོལ་ཞིག་བྱེད་རོགས་ཞུ། ངེད་ཅག་གིས་རང་གི་དགྲ་ལ་ཡང་བཟོད་བསྒོམ་བྱེད་ཐུབ་ས་ནས་རང་གི་ནང་ལ་བཟོད་བསྒོམ་དང་བསམ་ཤེས་བྱེད་མ་ཐུབ་པ་དངོས་ནས་དགོད་བྲོ་བ་ཞིག་དང་རིགས་ཞེན་འཁྱེར་ལུགས་དེ་ཡང་མཐུན་སྒྲིལ་མེད་པ་དང་སྟོབས་ཤུགས་མེད་པ་ཞིག་ལས་གང་ཡང་མེད་པ་ཉིད་ཀྱིས་མཁྱེན་གསལ་ཡིན་ངེས་ལགས།
བདག་གིས་དུས་དང་ནམ་ཀུན་དུ་བོད་ཟེར་བ་འདི་ཉིད་གཅིག་ལས་གཉིས་མེད་པར་བསམ་མཁན་ཡང་ཡིན་ལ་དེ་ལྟར་གླེང་མཁན་ཡང་ཡིད་པའི་ཆ་ནས་སྟག་སྨྱོན་དང་ཁྱེད་ཉིད་སུ་ཡིན་ཡང་ཁ་བོད་ལ་ཕྱོགས་པའི་རིགས་ཞེན་ཡོད་མཁན་གཉིས་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ཡང་། རང་རང་གི་བསམ་ཕྱོགས་དང་འཚར་ལོངས། ཁོར་ཡུག་སོགས་ཀྱི་བརྒྱུད་རིམ་ཁྲོད་དུ་ཉམ་མྱོང་དང་ལྟ་ཚུལ་མི་འདྲ་བའི་དབང་གིས་སྐད་ཆ་བཤད་ཕྱོགས་མ་གཅིག་པ་དེ་ལས་ཁྱེད་གཉིས་སུ་ཡིན་ཡང་ནང་དགྲ་ཡིན་པར་གཏན་ནས་དྲན་གྱི་མེད་པ་ཐུགས་སུ་བཞག་ནས། ང་རང་གི་བཤད་ནོར་དང་ཚིག་ནོར་རེ་ཟུང་ཤོར་ཡོད་ས་ནས་ཁྱེད་གཉིས་སུ་ཡིན་ཡང་འགྲིག བདག་གིས་དགོངས་དག་ཞུ་རྒྱུ་ཡིན་ལ། རྗེས་ཕྱོགས་བོད་སེམས་བོད་དང་། བོད་དོན་བོད་མིས་བྱེད། བོད་ཀྱི་སྐྱིད་སྡུག་མཉམ་གླེང་། བོད་ཀྱི་འགན་འཁྲི་མཉམ་འཁུར། བོད་ལ་སྐྱེ་བའི་དོན་གོ་མ་འཁྱོངས་རང་། བོད་ལ་སྐྱེ་བའི་ཞབས་འདྲེན་མི་བྱེད་མཁན་ཞིག་ཡིན་པར་བདག་གིས་ཡིད་ཆེས་བྱེད་རྒྱུ་ཡིན་ལ། འབོད་སྐུལ་དང་ཁྱེད་རྣམ་པ་གཉིས་ལ་སླར་ཡང་ལག་ཟུང་བྲང་དང་ཁ་སེམས་གཏིང་ནས་ཞུ།
ངས་རེ་བ་ལ་སྟག་སྨྱོན་གྱི་གཙོ་བའི་སྤུན་ཟླ་སུ་ཞིག་གིས་སྐད་ཆ་བཟང་ངན་གང་ཞིག་ཁ་ནས་བཤད་ཡོད་ན། ངན་ཕྱོགས་གཅིག་བུ་གླེང་དེ་རང་རིགས་སྤུན་ཟླའི་གྲལ་ནས་ཕྱིར་འབུད་བྱེད་ཐབས་ལ་མི་བརྩོན་རྒྱུ་དེ་ནི་མཐའ་མའི་རེ་སྐུལ་ཡིན་ལགས། ཨོ་རེད། སླར་ཡང་གསལ་བཤད་ཞུ་རྒྱུ་ཞིག་ལ་སྟག་སྨྱོན་མིན་པའི་སྟག་སྨྱོན་ཁྱེད་དང་། སྟག་སྨྱོན་ཁྱེད་གཉིས་སུ་ཡིན་ཡང་དྲ་ཐོག་གི་བོད་རིགས་སྤུན་ཟླ་ཡིན་པས་ཤེས་པ་ལས་ངོ་གདོང་རིག་ནས་འདྲིས་ཤིང་གཤིབ་པ་མེད་པ་ཐུགས་ལ་འཇག་པར་འཚལ་ལོ།
ཐུགས་རྗེ་ཆེ།
ད་དུང་ཞུ་རྒྱུ་ཞིག་ལ། སྟག་སྨྱོན་དང་ཁྱེད་གཉིས་གྲོགས་པོ་ཡིན་ན་ནི་ཉིད་ཀྱིས་གྲོགས་པོའི་ཕྱོགས་བྱས་ནས་ང་ལ་ག་རེ་བཤད་ཀྱང་ལོས་ཡིན་ཟེར་རྒྱུ་མ་གཏོགས་གཞན་མེད། གལ་ཏེ་ཁྱེད་གཉིས་གྲོགས་པོ་མིན་པར་སྤྱིར་བཏང་གི་རིགས་ཞེན་གྱི་བསམ་ཚུལ་ཙམ་ཡིན་ན་རྗེས་མ་ནས་རྒྱུ་མཚན་མགོ་མ་ཚོས་པའི་བསམ་ཚུལ་འདི་འདྲ་སྐད་གསེང་མཐོན་པོས་མི་གསུངས་བར་ཞུ། གལ་ཏེ་གསུང་ན་ཡང་ལན་རྒྱག་རྒྱུ་མ་གཏོགས་ངོས་ལེན་རྩ་བ་ནས་མེད་ཅེས་ཞུ་རྒྱུ་ཡིན། ངོ་མ་བཤད་ན་ཁྱེད་ཀྱིས་མགོ་མ་ཚོས་པའི་སྐད་ཆ་བཤད་འདུག་སྟབས་ཁྱེད་ཀྱིས་ང་ལ་དགོངས་དག་ཞུ་དགོས་པ་འདྲ་རུང་། ཁྱེད་ནི་བོད་དོན་ཁ་ལ་ཕྱར་ནས་ཁྲག་དྲི་བྲོ་བའི་དཀྲུགས་ཤིང་ཁོ་ན་སློང་མཁན་གྱི་མི་ཚོ་དང་མི་འདྲ་བར་བོད་ཞེན་ངོ་མ་སེམས་ལ་ཡོད་མཁན་ཞིག་ཡིན་པས་ངས་དེ་ཙམ་ཞུ་མི་ཕོད།
བོད་ཤ་ཁྲག་རུས་གསུམ་ལགས་ལ། སྟག་སྨྱོན་མིན་པའི་སྟག་སྨྱོན་གྱིས་ཞུ་བ། སྐུ་ཉིད་ནི་ག་དུས་ཡིན་ཡང་མི་སེམས་བཟང་དང་། སྤྱི་དོན་དང་རིགས་ཞེན་གྱི་ལ་རྒྱ་ཁོག་ལ་ཡོད་མཁན་ཞིག་པ་ཤེས་ཡོད། དེར་བརྟེན་ཁྱེད་ལ་གུས་ཞབས་དང་བཅས་པའི་ཐོག་ནས་གཏམ་གླེང་ཁག་གསུམ་བྱ་རྒྱུར།
གཅིག
ཉེ་སྔོན་༧གོང་ས་མཆོག་ལ་ཕྱི་རྒྱལ་གྱི་མི་ཞིག་གིས་བཀའ་འདྲི་ཞུས་པ་ཞིག་འོད་ལྡེར་ནས་མཐོང་སོང་། ཕྱི་རྒྱལ་གྱི་མི་དེས། “དོལ་རྒྱལ་ཚོགས་པས་ཁྱེད་ཆོས་དད་རང་དབང་འཕྲོག་མཁན་རེད་ཟེར་གྱི་འདུག་ག། དེའི་ཐོག་ལ་དགོངས་ཚུལ་ག་འདྲ་ཡོད།” བཀའ་ལན། བཞད་མོ་དང་བཅས། “དོལ་རྒྱལ་ནི་ཆོས་དད་རང་དབང་འཕྲོག་མཁན་མཐར་ཐུག་དེ་རེད། དོལ་རྒྱལ་གྱི་མིག་སྔོན་ནས་ཆོས་དད་རང་དབང་མེད་པར་བོད་ཀྱི་བླ་ཆེན་རྡོ་རྗེ་འཛིན་པ་བཅུ་གསུམ་དཀྲོངས་ཡོད། ངས་ཆོས་དད་རང་དབང་འཕྲོག་མཁན་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད། དེས་ན་ཆོས་དད་རང་དབང་འཕྲོག་མཁན་དེ་མེད་པ་བཟོ་མཁན་ནི་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་མཁན་ཡིན་པ་ལས་ཆོས་དད་རང་དབང་འཕྲོག་མཁན་མིན།” གོང་གི་བཀའ་སློབ་དེའི་ནང་དོན་ཅི་རེད། དེ་བཞིན་སྟག་སྨྱོན་ཟེར་བ་འདི་ནི་བོད་མིའི་ནང་ཁུལ་ལ་དཀྲུགས་ཤིང་འཕེན་མཁན་མཐར་ཐུག་དང་། ག་ས་ག་པར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་ཁྲག་དྲི་བྲོ་བའི་མཆན་འདེབས་མཁན་མཐར་ཐུག་ཡིན། བདེན་དུ་མི་འཛིན་ན་བསམ་གཏན་གྱིས་བསྒྲིགས་པའི་སྟག་སྨྱོན་ངོ་མའི་མཆན་ཕྱོགས་བསྒྲིགས་ལ་གཅིག་གཟིགས་དང་། ཁྱེད་ཀྱི་ཟིན་བྲིས་རྫོད་ཀྱི་དོགས་ནས་འདིར་བཀོད་མེད། འོག་ཏུ་ལོགས་སུ་བཀོད་ཡོད་པས་ཉིད་ཀྱིས་ལན་གཅིག་གཟིགས་རྗེས་བསུབ་རོགས་ཞུ། ཡིན་ཡང་མཆན་འདི་བསུབ་མི་ཆོག དེས་ན་ནང་ཁུལ་ལ་ཁྲག་དྲི་བྲོ་བའི་དཀྲུགས་ཤིང་འཕེན་མཁན་ཞིག་མེད་པར་བཟོ་བ་ནི་ནང་ཁུལ་འཆམ་མཐུན་གྱི་ཕྱོགས་ལ་ལས་ཀ་བྱེད་མཁན་ཡིན་པ་ལས། བོད་མིའི་ནང་ཁུལ་ལ་དཀྲུགས་ཤིང་སློང་མཁན་མིན་པ་མཁྱེན་དགོས།
གཉིས།
མི་སུ་དང་སུ་ཡིན་ཡང་རྒྱུ་མཚན་རེ་ཡོད་པ་རེད། དེ་བཞིན་ང་ཚོ་ལ་ཡང་རྒྱུ་མཚན་ཡོད་ལ་ང་ཚོ་ཅི་ཡང་མི་ཤེས་པའི་ལྐུགས་པ་ཁྱུ་གཅིག་ཀྱང་མིན། དེས་ན་ས་པཎ་གྱིས། བླུན་པོ་ལོག་པའི་ལམ་འགྲོ་ན།། བླུན་པོ་ཉིད་དུ་གོ་བས་ཆོག། མཁས་པ་ལོག་པའི་ལམ་འགྲོ་ན།། ངེས་པར་རྒྱུ་མཚན་བརྟགས་དགོས་སོ།། ཞེས་གསེར་སྲང་སྟོང་ལས་ཀྱང་ལྷག་པའི་གདམས་ངག་ཞིག་སྦྱིན་ཡོད་པ་འདི་ཁྱེད་ཀྱིས་མཁྱེན་ངེས་ལོས་ཡིན་སྙམ། མི་རེའི་ཁོང་ན་རྒྱུ་མཚན་གཏིང་ཟབ་མོ་རེ་ཡོད་ངེས་ཡིན་པས་ཁྱེད་ཀྱིས་ཟུར་བལྟ་ཙམ་བྱས་ནས་དཀྲུགས་ཤིང་མ་འཕེན་ཞེས་དང་། རྩེད་མོ་རྩེ་བྱེད་མ་བྱེད་ཅེས་སྐད་ཆ་སྦོམ་པོས་ཐག་གཅོད་བྱས་ན་ཡག་པོ་མི་འདུག དཔེར་ན་ཁྱེད་ཀྱིས་དོལ་ཚོགས་ཀྱི་མགོ་བ་གངས་གཅིན་བརླ་མ་དང་། འཆི་ཡོད་ཚེ་ཐུང་། སྐལ་ངན་དགྱ་མཚོ་སོགས་ལ་ཁ་གཏོང་དུས་ངས་ཁྱེད་ལ་བོད་མིའི་ནང་ཁུལ་ལ་དཀྲུགས་ཤིང་མ་སློང་ཞེས་རེ་བ་ཞུས་ན་ཁྱེད་ཀྱི་རྣ་བ་ལ་འགྲོ་གི་ཨེ་རེད། ང་ཚོ་ལ་ཡང་རྒྱུ་མཚན་གཅིག་མཚུངས་ཡོད་པས་ང་ཚོའི་རྒྱུ་མཚན་རྒྱུ་མཚན་དུ་བགྲངས་ཆོག་གི་ཨེ་རེད། དོལ་ཚོགས་ཀྱིས་ཀྱང་སྐབས་རེ་བོད་པའི་སྤྱི་དོན་གླེང་ཁུལ་བྱེད་ཀྱི་ཡོད་པ་ཨེ་ཤེས། མ་གཞི་ཁྲག་དྲི་བྲོ་བའི་མཁན་འདེབས་མཁན་ཚོ་དྲ་བདག་ཁག་གིས་མེད་པ་བཟོ་དགོས་པ་རེད་མོད། ཁོང་ཚོས་སྣང་མེད་དུ་འཇོག་གིན་འདུག་པས་ད་སེམས་ལ་རྨ་ཁ་ཟབ་མོ་བཟོས་ཡོད་ས་ཚོ་རང་རང་གི་ས་ནས་མི་འགུལ་ཐབས་མེད་རེད་ལ། སྐབས་དེར་ཁྱེད་ཚོ་གཞི་ནས་གཉིད་སད་བཏང་ཁུལ་བྱས་ན་དེ་ནི་བར་ཕྱོགས་རིས་ཟེར་བ་ལས་གཞན་མིན། རྒྱུ་མཚན་གསལ་བོར་ཤེས་མེད་ན་རྒྱུ་མཚན་ཤེས་མེད་ས་ནས་སོ་སོའི་ཁ་བཟུང་སྟེ་བསྡད་ན་ཡག་ཤོས་རེད། དེ་མིན་མི་དོན་མེད་ལ་རྙོག་དྲ་ལག་པས་བོས་ནས་དེ་རྗེས་ཡང་དོལ་ཚོགས་རེད་ཉུལ་མ་རེད་ཟེར་ནས་སྐད་རྒྱག་དགོས་ཐུག་དུས་དཀའ་མོ་ཡིན་ངེས།
གསུམ།
ཁྱེད་ཀྱི་སྲས་མོ་གཉིད་ཁུག་བསྡད་ཡོད་པའི་སྐུ་པར་དེ་དང་། དེའི་ཐོག་གི་ཤི་མ་ཐུབ་པའི་སྔ་གཞུགས་ཟེར་བ་འདི་གཉིས་མཉམ་དུ་བཞག་ན་དེ་ཙམ་མིག་དང་སེམས་ལ་འཕྲོད་པོ་ཞིག་མི་འདུག་པས། སྲས་མོ་དགོད་བཞིན་པའམ་ཡང་ན་རྩེད་མོ་རྩེ་བཞིན་པའི་པར་ཅིག་དང་བརྗེ་རོགས་ཞུ། བསམ་ཚུལ་འདི་མི་གཞན་གིས་ཀྱང་ཁ་པར་ཐོག་ནས་ང་ལ་བཤད་སོང་། ཡུམ་སྲས་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཡོད།
འོག་གི་བསམ་གཏན་གྱིས་ཕྱོགས་བསྡུས་བྱས་པའི་སྟག་སྨྱོན་ངོ་མའི་མཆན་རྣམས་ཉིད་ཀྱིས་ལན་གཅིག་གཟིགས་རྗེས་བསུབ་རོགས་ཞུ།
བརྩེ་བའི་གྲོགས་ཀྱི་གཡོ་སྒྱུ་ཅུང་ཟད་ལ་།
མི་བཟོད་གདུང་བའི་མེ་ཆེན་འབར་གྱུར་ན་།
གཏན་བདེ་ཐར་པ་གཞོམ་ལ་མི་འཚེ་བའི་།
རང་མགོ་རང་གི་གཡོག་འདི་གད་མོའི་གནས་།
ཤ་ཁྲག་རུས་གསུམ་ལགས།
བོང་བ་གསེར་གཟུགས་མ་བྱས་རང་རིགས་ཀྱི།། གཟུགས།
བོང་བ་གསེར་གཟིགས་མ་བྱས་རང་རིགས་ཀྱི། གཟིགས།
ཕྱི་ཡུལ་དེ་ན་དཀའ་ཁེགས་མང་རབས་དང་། །
དངུལ་དང་འབྱོར་བས་འགྲན་རྩོད་ཆེ་རབས་ཐོས། །
འགལ་རྐྱེན་རླུང་འཚུབ་ཁྲོད་ནས་རིགས་ཞེན་གྱི །
མར་མེའི་འོད་སྣང་སྤྲོས་བར་སུ་མི་དགའ། །
རང་གི་སྐད་དང་ཡི་གེར་དུངས་ཞེན་གྱི། །
འོ་མཚོའི་རྦ་རླབས་དྲག་དུ་འཕྱུར་བཞིན་པའི། །
ན་གཞོན་ཁྱེད་འདྲ་སྒང་བ་བོད་ལ་མཁོ། །
བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།
འཁོར་བའི་གཏིང་སར་ཇི་ལྟར་ལྷུང་ན་ཡང་།།
རང་གི་སྐད་ལ་དུངས་པའི་ཞེན་པ་འདི།།
གྲི་དང་མཚོན་གྱི་གཅོད་ཐབས་མེད་པས་ན།།
རང་གི་ཐུབ་ཚོད་འབད་ཁུལ་བྱེད་ཀྱི་ཡོད།།
ཉིད་དང་ཉིད་འདྲའི་སྤུན་ཟླ་ཚང་མ་ཡང་།།
ང་ལས་ལྷག་པའི་སེམས་ཤུགས་ཆེ་བ་དང་།།
ང་ལས་ལྷག་པའི་འཇོན་ཐང་ཆེ་བ་སོགས།།
བུ་ངའི་རྟག་དུ་ཡིད་ཆེས་དང་བཅས་བསྟོད།།
མི་ཁོམ་ཁྱིམ་ལས་དེ་ཡི་ཞར་ཞོར་དང་།
སྒྲུབ་དཀའི་འཁོར་བ་དེ་ཡི་གཏིང་རིམ་ནས། །
རང་གི་སྐད་དང་ཡི་གེར་དུང་བའི་སེམས། །
མ་བརླག་གསོན་པོར་ཉར་བར་ཡི་རངས་ཡོད། །
རི་བོ་མཐོ་ས་ཞིག་ནས་འཁྲུངས་ན་ཡང་།།
བོང་བ་གསེར་གཟུགས་མ་བྱས་རང་རིགས་ཀྱི།།
ལ་ཞེན་དྲི་མེད་འཐག་པའི་སེམས་གཏམ་གྱིས།།
རང་གི་རིགས་ལ་སྲུ་ཞུ་གྲངས་མེད་བྱས།།
ཕ་ཡུལ་འདི་ཉིད་རིང་མིན་ལོན་པར་ངེས།། ཡིན་པ་འདྲ་ལགས།
དེ་འདྲའི་བསྟོད་བསྔགས་ང་ལ་མི་འོས་ཤིང་།།
ངེད་ཅག་རིགས་རུས་གཅིག་པའི་སྤུན་ཟླ་ཚོས།།
རང་རང་ནུས་པའི་ཕྱོགས་སུ་འབད་འབུངས་ལ།།
བྱེད་པ་འུ་ཅག་ཚང་མ་གཅིག་འདྲ་ཡིན།།
ཡང་སྒྲ་ཞིག་ཆད་འདུག
སྙིང་གི་དགའ་མ་གངས་དཀར་ལྷ་སྒྲོན་དང་། །
སེམས་ཀྱི་གཅེས་ལོ་ཐར་མོ་མཚོ་དང་བཅས། །
ཕ་རྒན་ཤ་ཁྲག་རུས་གསུམ་ལྟར་གྱུར་ན། །
ཕ་ཡུལ་འདི་རིང་མིན་ལོན་པར་ངེས། །
མིག་ལགས། ང་རང་ནང་མི་འཁོར་དང་བཅས་པ་བདེ་ཐང་ཡིན། སྐུ་ཉིད་འདི་རུ་ཕེབས་ནས་འཚམ་འདྲི་གནང་བ་དེར་ཐུགས་རྗེ་ཆེ་ལགས།
ཨ་ཁུ་ཤ་ཁྲག་རུས་གསུམ་ལགས་་ཁམས་བཟང་ངམ་་ མ་འཇལ་ཡུན་རིང
རང་རིགས་རང་རིགས་བར་ལ་ཡིད་ཆེས་མཁོ།།
ཉིད་ཀྱིས་དེ་ལྟར་བདག་ལ་ཡིད་ཆེས་ཤིག།
གནང་བ་སེམས་ཀྱི་གཏིང་སར་འཛིན་ཞོར་དུ།།
རང་གི་གང་ཐུབ་ཤི་རེག་བར་དུ་བརྩོན།།
སེམས་དང་བསམ་པ་བཟང་བོ་དེ་ཡིས་སྟེང་། །
ཁས་ལེན་དམ་བཅའ་བརྟན་པོ་དེ་འདྲ་ཞིག །
བོད་དང་བོད་མིའི་བདེན་དོན་དེ་ཡི་ཆེད། །
ཁྱོད་ཀྱིས་ལག་རྗེས་འཇོག་རྒྱུའི་ཡིད་ཆེས་ཡོད། །
སེམས་དང་བསམ་པ་གངས་ཅན་བོད་ནས་བྱུང་།།
བོད་ཀྱི་དོན་དུ་ལེགས་རྗེས་མ་ཞོག་ཡང་།།
བོད་མི་ནང་ཁུལ་དཀྲུགས་ཤིང་བསྐལ་བའི་བར།།
གཏན་ནས་མི་བྱེད་བདག་གི་དམ་བཅའ་ཉིད།།
བོད་ཀྱི་ཤ་ཁྲག་རུས་གསུམ། བོད་མི་སེམས་བཟང་ཞིག་ཡིན་ས་རེད།