དགོན་པ་དེའི་རྒྱ་ཕིབས་གསེར་གྱི་ལེ་འདུག་པའི་དེའི་ཚོགས་ཆེན་འདུ་ཁང་གི་སྒོ་འགྲམ་དུ། དགེ་འདུན་པ་མི་ཉུང་བ་ཞིག་གིས་རྩོད་པ་བྱེད་ཀྱི་འདུག ང་རང་དགོན་པ་དེའི་རྭ་བསྐོར་ནང་དུ་མི་མང་གི་དཀྱིལ་དུ་ཡོད་པ་དང་། ངའི་འཁྲིས་ཀྱི་ཕོ་གསར་ཞིག་གིས་ལག་དུ་དཔར་ཆས་ཤིག་་བཟུང་དེ་བསྡད་ཡོད་མཁན་དེར་འདི་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་མ་རེད་དམ་ཟེར་ནས་དྲིས་དུས། དཔར་ཆས་འཛིན་མཁན་གྱི་ཕོ་གསར་དེས་ང་ལ་གསུངས་དོན། མ་རེད། དགོན་པ་འདི་ནི་རྔ་བ་སྒོ་མང་གི་ཚོགས་ཆེན་འདུ་ཁང་རེད་ཟེར་ནས་ལན་སྤྲད་མ་ཐག ངའི་སེམས་སུ་རྔ་བ་སྒོ་མང་གི་ཚོགས་ཆེན་འདུ་ཁང་ནི་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་དང་འདྲ་བོ་ཡོད་པ་རེད་ཟེར་ནས་གོ་མྱོང་བ་དེ་དྲན་པ་གསོས།
སྐབས་དེ་འདྲ་ཞིག་ལ། དགེ་འདུན་པ་དེ་ཚོ་ཚོགས་ཆེན་འདུ་ཁང་དུ་ཕེབས་སོང་། དགེ་བསྐོས་ཡིན་ནམ་སྙམ་པའི་གྲྭ་བ་ཞིག་གི་ཕྱག་དུ་རྒྱུན་པུ་ཞིག་བཟུང་དེ་འདུ་ཁང་གི་སྒོ་འགྲམ་ནས་བསྐོར་ར་རྒྱག་གི་འདུག ངའི་བསམ་པར་དགོན་པ་འདིས་ད་དུང་རྒྱུན་པུའི་བྲོ་བ་ཞིག་གྲྭ་བ་དག་ལ་སྤྲོད་ཀྱི་འདུག་ཨང་སྙམ་ཞོར། རང་གི་འཁྲིས་ཀྱི་ཕོ་གསར་དེས་འདྲ་དཔར་གང་སར་རྒྱག་བཞིན་པ་དེ་ལྟ་ཞོར་དུ། ཁོང་གི་འཁྲིས་ཀྱི་ཨ་མ་རྒན་མོ་དེར་མིག་གིས་བལྟས། ཁོང་ལ་འདི་སུ་རེད་ཅེས་དྲིས་དུས། འདི་ནི་བོད་ཁ་བ་ཅན་གྱི་ཨ་མ་རེད། ད་ལོ་ངས་ཁོ་མོའི་རེ་བ་ལྟར། ཇོ་མཇལ་ལ་འཁྲིད་ནས་ཡོང་བ་ཡིན་ཟེར། ངས་དེ་མ་ཐག ཨ་མ་རྒན་མོ་དེའི་འགྲམ་དུ་བཅར་ནས། ཨ་མ་རྒན་མོ་ལགས། ཁྱེད་རང་འདི་རུ་ཇོ་མཇལ་དུ་སླེབས་པ་ནི་དངོས་ནས་བསྐལ་བ་བཟང་བོ་རེད་ཅེས་ཞུས་དུས་སུ། ཨ་མ་རྒན་མོའི་གདོང་གི་གཉེར་མ་བསྡུ་ཞོར་དུ། ཨ་མའི་ལོ་ལོ། རེད། ཇོ་མཇལ་ཞིག་ཐོབ་པ་དེ་ནི་དངོས་ནས་ཡག་པོ་རེད་མོད། འོན་ཀྱང་། རྒན་མོ་ང་ནི་ལ་ཁའི་ཉི་མ་ལྟ་བུ་ཞིག་ཡིན་དུས། ང་མ་ཤི་གོང་དུ་གསུངས་ཞོར་དུ་མིག་མཐའ་མཆི་མའི་བསྐོར་ནས་འདི་ལྟར་མུ་མཐུད་དུ་གསུངས། ༧རྒྱལ་བ་རིན་པོ་ཆེ་ཚེ་ཐོག་འདི་ནས་མཇལ་ཐུབ་རྒྱུ་མ་རེད་ན་དངོས་ནས་སེམས་ཀྱི་སྡུག་བསྔལ་འདི་སངས་ཐབས་ཤིག་མི་འདུག སྐབས་དེར་ཨ་མ་རྒན་མོའི་མིག་ཆུ་མུ་ཏིག་གི་འཕྲེང་བ་བཞིན་འཁུར་ཚེས་ནས་འཐོར་སོང་།
ང་རང་གིས་གང་ཡིན་འདི་ཡིན་མེད་པར་ཁ་ནས་འདི་འདྲ་ཞིག་ཤོར་སོང་། ཇོ་བོ་རིན་པོ་ཡི་མདུན་ནས་སྨོན་ལམ་རྒྱོབས་དང་། ༧རྒྱལ་བ་རིན་པོ་ཆེ་མཇལ་ཐུབ་ནི་རེད་ཅེས་ཞུས་དུས། ཨ་མ་རྒན་མོའི་གདོང་གི་མིག་ཆུ་ཞུ་ཞོར་དུ། ང་ལ་བུ་ཁྱེད་བཀའ་དྲིན་ཆེ་གསུངས་སོང་།
དེ་དུས་ངས་སླར་ཡང་མི་མང་གི་དཀྱིལ་ནས་ཡར་ཚོགས་ཆེན་འདུ་ཁང་གི་བསྐོར་ལམ་ལ་བལྟས་དུས། བསྐོར་ལམ་ནང་དུ་བདག་གི་ཕ་རྒན་དྲིན་ཆེན་དང་ཕ་རྒན་གྱི་ཕ་རྒན། ཨ་མྱེ་གཉིས་ཀྱང་འདུག ངས་ཁོང་གཉིས་མཐོང་མ་ཐག་འབོད་རྩིས་བྱོས་དུས། མི་མང་གིས་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་ཟེར་ནས་ཀི་བསོ་སྒྲོག་མ་ཐག མི་མང་གི་ངར་ཤུགས་ནི་ཧ་ལས་པ་ཞིག་དང་། ཀི་བསོ་དེའི་ཁྲོད་དུ་འབོད་སྒྲ་གཞན་ཞིག་སྐོང་ཡོད་པའི་སྣང་བ་སྤྲད་སོང་།
ངའི་འཁྲིས་ཀྱི་ཕོ་གསར་དེས་དཔར་ཆས་མི་མང་ལ་གཏད་དེ་འོད་ལྷམ་ལྷམ་བྱེད་ཀྱི་འདུག་པ་དེ་མཐོང་དུས། ངའི་བསམ་པར་ང་རང་ལ་དཔར་ཆས་ཡོད་ན་ཅི་མ་རུང་སྙམ་ཞོར་མི་མང་གི་མཐའ་བསྐོར་ལ་མིག་ཉུལ་བྱེད་སྐབས་སུ། མེ་མདའི་སྐད་སྒྲ་ཞིག་གློ་བར་དུ་རྣ་ལམ་དུ་འབྱོར་བ་དེའི་ཕྱོགས་སུ་བལྟས་དུས། དགོན་པའི་རྭ་བསྐོར་མཐའ་རུ་རྒྱ་དམག་གིས་བསྐོར་འདུག་པ་དེའི་ནང་གི་དམག་དཔོན་ལོས་ཡིན་སྙམ་པ་ཞིག་གིས་མེ་མདའི་ཁ་གྱང་རྩར་གཏད་དེ་འཕེན་བཞིན་འདུག་པ་དེ་ནི་མི་མང་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ཤེས་ཐུབ་ཀྱི་འདུག
ངས་དེ་མ་ཐག དགོན་པ་དེའི་རྒྱབ་རི་སྔོ་ལྗང་གི་བསྐོར་ཡོད་པ་དེའི་ཕྱོགས་སུ་བལྟས་དུས། དགོན་པའི་ཕྱི་ནང་ཡོད་ཚད་དམག་གིས་བསྐོར་ནས་འདུག་པ་མ་ཟད། དམག་མི་རེ་རེ་་ཡིས་མེ་མདའི་ཁ་དགོན་ནང་གི་མི་མང་ལ་གཏད་འདུག དམག་མི་དེ་དག་གི་ཉེ་ས་ནས། བུད་མེད་གཞོན་ནུ་མ་མི་ཉུང་བ་ཞིག་གློ་བར་དུ་ཡོང་ནས། གཞོན་ནུ་མ་རེ་རེ་ཡིས་ལག་དུ་སིལ་ཁུ་དཀར་སེར་གཉིས་ཀྱི་ཤེལ་དམ་ཆེན་པོ་གཉིས་རེ་བཟུང་དེ། མི་མང་གི་ཕྱོགས་སུ་གཟས་དེ་ཡོང་གི་འདུག
ངས་དེ་དག་མཐོང་མ་ཐག་སེམས་ནང་དུ། ཨོ། ད་མ་འགྲིག སིལ་ཁུ་བླུད་དེ་གསོད་རྩིས་རེད་སྙམ་ཞོར། གནས་ཚུལ་འདི་དག་བོད་ཕྱི་ལ་བསྐྱེལ་ཐབས་བྱེད་དགོས་སྙམ་བཞིན། ང་རང་གི་སྙིང་ཆུང་དྲགས་དུ་ལྡིང་ཞོར་དུ་འགྲོ་རྩིས་བྱོས།
ང་རང་འཇིགས་སྣང་དང་བཅས་དེ་རྨི་ལམ་དེ་ལས་སད་སོང་། དེ་རིང་ཉིན་བཀང་བོར་མདང་གི་རྨི་ལམ་མིག་ལམ་དུ་གློག་བརྙན་ཇི་བཞིན་ཡང་ཡང་ཤར་ནས་འོང་དེ་ཡལ་ཐབས་མ་བྱུང་སྟབས། སྤུན་ཟླ་དག་ལ་གཟིགས་འབུལ་ཞུ་རྒྱུའི་སེམས་ཐག་བཅད་དེ་གོང་གི་རྨི་ལམ་འདི་ཡི་གེ་ལ་ཕབ་པ་ཡིན། སྤུན་ཟླ་ཚོ། ཁྱེད་ཅག་གིས་རྨི་ལམ་འདི་ལ་དོན་དག་རེ་ཡོད་པར་གཟིགས་སམ། ང་རང་གཅིག་བུ་མིན་པར་རྨི་ལམ་འདི་འདྲ་རྨིས་མཁན་ཡོད་དམ། རྨི་ལམ་འདིས་ངོ་མ་གནས་ལུགས་གཞན་ཞིག་འུ་ཅག་ལ་ར་སྤྲོད་བྱེད་ཀྱི་ཡོད་སྲིད་དམ།
༢༣།༩།༠༩
ཅི་ཞིག་གསལ་ལྟོན་བྱས་ན་བྱས།
ད་དུང་དེ་འདྲ་རྨི་ཐུབ་ན་བཟང་ལོ།
རེད་དྲ་ཚིག་འདི་བོད་ཡིག་གི་དྲ་རྒྱ་ཞིག་ལགས་པས་ཡིག་རིགས་གཞན་མ་འབྲི་རོགས་ལོ།
རྨི་ལམ་དེ་འདྲ་ངས་ཐང་མང་རྨི་མྱོང་ངས་ང་རང་གེ་དྲན་རྒྱུ་མང་དྲག་པ་མིན་ནམ་སྙམ།
སྐྱོན་ཡོད་ནི་མ་རེད་ལོ།
ཁྱེད་ལ་སྙིང་སྟོབས་ཡོད
རེད་དྲ་ཚིག་འདི་བོད་ཡིག་གི་དྲ་རྒྱ་ཞིག་ལགས་པས་ཡིག་རིགས་གཞན་མ་འབྲི་རོགས་ལོ།
རྨི་ལམ་དེ་འདྲ་ངས་ཐང་མང་རྨི་མྱོང་ངས་ང་རང་གེ་དྲན་རྒྱུ་མང་དྲག་པ་མིན་ནམ་སྙམ།
སྐྱོན་ཡོད་ནི་མ་རེད་ལོ།
ཁྱེད་ལ་སྙིང་སྟོབས་ཡོད
རེད་དྲ་ཚིག་འདི་བོད་ཡིག་གི་དྲ་རྒྱ་ཞིག་ལགས་པས་ཡིག་རིགས་གཞན་མ་འབྲི་རོགས་ལོ།
རྨི་ལམ་དེ་འདྲ་ངས་ཐང་མང་རྨི་མྱོང་ངས་ང་རང་གེ་དྲན་རྒྱུ་མང་དྲག་པ་མིན་ནམ་སྙམ།
སྐྱོན་ཡོད་ནི་མ་རེད་ལོ།
ཁྱེད་ལ་སྙིང་སྟོབས་ཡོད
ཨ་ཙ་ ཨ་ཙ ཤ་དམར་པོའི་སྒང་ལ་རྟ་ལྕག་གིས་དྲུག་བཅུ་ཞིག་གཟེད་ནས་དངོས་ནས་ཚ་གི རྗེས་མ་ནོར་འཁྲུལ་མི་བྱེད་ལགས། ཁྲིམས་དཔོན་ཆེ་ཆུང་གཉིས་ཀ་ལགས།
གཅོད་ནི་ད་ལྟ་སྐུལ་ཚིག་ཆོད་ཅིག་ཟེར།།
བཅད་ནི་འདས་ཟིན་མ་འོངས་གཅད་ཅེས་འབྲི།།
ཁྲིམས་དཔོན་གཞོན་པ་བསེ་རུ་ལགས། ངའི་བཀའ་དང་དུ་བླངས་ཏེ་ཉེས་ཅན་ཤ་ཁྲག་ལ་ཡང་བསྐྱར་ཁྲིགས་ཆད་ལྕི་མོ་ཆོད་ཅིག རྐུབ་མདོག་ངན་དེའི་ཐོག་ལ་རྟ་ལྕག་གིས་ལན་དྲུག་ཅུ་རེ་བདུན་དང་། དབྱུག་པས་ལན་གཅིག་བཞུས་ཤིག གོང་གི་གྲངས་ཀ་འདི་ཁོང་བཟལ་མི་གསུམ་གྱི་ལོ་གྲངས་ཡིན། འདི་ཕན་ཆེར་ཁྱིམ་ཚང་ལ་འབྲེལ་བ་ཡོད་པ་འདྲ། ཧ་ཧ་ཧ་ཧ་ཧཧཧཧཧཧཧཧ་ཧོཧོཧོཧོཧོཧཧོ། སྐྱིད་པོ་རེད།
སྐུ་ཞབས་བསེ་རུ་མཆོག་གིས་གུས་པར་ཞལ་འདེབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་དང་ཆབ་གཅིག་རྗེས་སུ་ཡང་ཞལ་འདེབས་གང་མང་གནང་བའི་སྐྱབས་འཇུག་ཞུ།།
བསེ་རུ་ལགས། ཉིད་ཀྱིས་དེ་ལྟར་གསུངས་དུས། ད་ནི་བདག་ལ་ཁྲིམས་ཐག་ལྕི་མོ་ཞིག་གཅོད་རྩིས་མེད་པ་འདྲ། དེ་འདྲ་མ་གནངས་མ་གཏོགས། སྤུན་ཟླ་གཞན་དག་གིས་ཁྲིམས་དཔོན་ཁྱེད་ཀྱིས་ཁྲིམས་དྲང་མོ་མ་རེད་ཟེར་སྲིད་པ་རེད་ལགས། ཁྲིམས་ཐག་ག་རེ་འབབ་ཡོད་པ་དེ་གཅོད་ཅིག བདག་གིས་ཤུ་རེ་བྱོས་དེ་འཁུར་ཆོག་ལགས།
འབའ་པ་སྐལ་བཟང་འཕྲིན་ལས་ལགས། ཉིད་ཀྱིས་དེ་ལྟར་གསུངས་པ་ཡིན་ན། དངོས་ནས་དེ་ཡང་མ་རེད་ཟེར་ས་ཞིག་ཆེ་ཡོད་འདོད་ཀི་ལགས། རེད་དེ། དེ་ལ་བདག་གིས་བརྟག་དཔྱད་བྱེད་མི་ཤེས་སྟབས། སྤུན་ཟླ་ཁྱེད་ཅག་གི་སྤྱན་སྔར་བསྟར་བ་ཡིན་ལགས། དེ་ལ་འགྲེལ་བཤད་རེ་རྒྱག་མཁན་བྱུང་མི་ཡོང་ངམ་སྙམ་ནས་ད་བར་དུ་སྒུག་མོད། སྤུན་ཟླ་སུས་ཀྱང་རྨི་ལམ་ལ་འགྲེལ་བཤད་རྒྱག་ཤེས་ཀྱི་མེད་པ་འདྲ་ལགས།
ང་ཚོའི་ཁྲིམས་ཁང་གི་ལས་འགན་ནི་ཁྲིམས་
ཐག་གཅོད་རྒྱུ་དེ་ཡིན་པ་ལས་གྱོད་ཡ་གང་ཟག་བྱེ་བྲག་པར་རྡུང་རྡེག་དང་མནར་གཅོད་སོགས་གཏོང་རྒྱུའི་ལས་འགན་དེ་ཡོད་པ་མ་རེད། དེ་རིགས་ཁྲིམས་ཁང་དུ་ཁྲིམས་ལ་མ་སྦྱར་བའི་སྔ་རོལ་ཏུ། ལྟ་སྲུང་ཁང་དང་། བཀག་བསྐྱིལ་ཁང་། འཕྲལ་སེལ་བཙོན་འཇུག་ཁང་སོགས་ནས་དྲི་བརྩད་སྣ་ཚོགས་བྱེད་སྐབས་ཡ་ང་སྙིང་རྗེ་མེད་པར་རྡུང་རྡེག་སོགས་གཏོང་གི་ཡོད་པ་རེད། ཁྱེད་ལ་དྲ་ཐོག་ནས་རྡུང་རྡེག་སྣ་ཚོགས་ཕོག་ཟིན་སྟབས།
སྐུ་ཉིད་ལ་རྡུང་རྡེག་བཏང་ན་ཡང་ཚོར་བ་བཏང་སྙོམས་ཤིག་མ་གཏོགས་ཡོང་གི་མ་རེད། དཀའ་སྡུག་སྣ་ཚོགས་མྱངས་ཟིན་པས།
ད་ལྟ་ཁྱེད་ཉམས་མྱོང་རྒན་པོ་ཆགས་ཟིན་པ་རེད།
གཞན་ལ་མི་ཚེའི་ཉམས་མྱོང་དང་སྦྱར་ཏེ་བསླབ་བྱ་རྒྱག་པའི་དུས་ལ་སླེབས་ཟིན་པ་རེད།
ཁྱེད་རང་ཐུགས་བློ་བདེ་བར་བཞུགས་ཨང་།
རྨི་ལམ་ནི་ལས་དབང་གི་ཕོ་ཉ་རེད་།ད་ཐེངས་ཁྱེད་ཀྱི་རྨི་ལམ་དེས་ཁྱེད་ཀྱི་རྒྱབ་མདུན་གང་རུང་ཞིག་གསལ་སྟོན་བྱས་ཡོད་སྲིད།
དངོས་ནས་ཁྱེད་རང་གིས་གོ་ནོར་རེད་ལགས། ངས་ཉིད་ཀྱིས་དྲང་བདེན་བཤད་ཀྱི་མི་འདུག་པ་ཞིག་ནམ་ཡང་ཞུ་མྱོང་མེད་ལགས། ཁྲིམས་དཔོན་ལགས། ཁྲིམས་ཐག་བཅད་ཟིན་པའི་བཙོན་པ་ང་ལ་བརྡུང་ནས་གཅིན་སྐྱག་ཤོར་རེག་བར་དུ་སྐད་ཆ་དྲིས་ཀྱང་། ང་རང་ལ་སྐད་ཆ་དྲང་མོ་ཞིག་ལས་བཤད་རྒྱུ་མེད་ལ། སྐད་ཆ་དྲང་མོའི་ཆེད་དུ་ཁྲིམས་ཐག་གཅོད་མཁན་སྐུ་ཉིད་ལ་དགའ་ནི་ཞིག་རེད། བརྡུང་ན་བརྡུང་། གསད་ན་གསད། ན་ས་ཞིག་རེད་ན་དཀར་རོ་ཚང་གི་བུ་ཨོ་ཡ། ཁོམ་དུས་ཁོམ་དུས་ཕེབས་ཀི་བསྡོད། ད་ང་རང་ཕྱིར་ལས་གསེང་གི་བར་ནས་ནང་དུ་སླེབས་བསྡད་ཡོད་སྐར་མ་ཁ་ཤས་ཀྱི་རྗེས་སུ་ཕྱིར་ལས་ཀར་འགྲོ་དགོས་ནི་རེད། སང་ཉིན་ཁོམ་པོ་ཡོད་ན་ཕེབས་ཤོག་དང་། འདྲི་རྒྱུ་གང་ཞིག་ཡོད་ན་དྲིས་ཤིག བཙུར་འདོད་གང་ནས་ཡོད་ན་བཙུར་བར་ཕེབས་ཤོག་དངོས་ནས་དགའ་བསུ་ཡོད།
ཁྱོས་ཚིག་ཤུགས་ན་ངས་དྲང་བདེན་མི་བཤད་ཀི་མདོག་མདོག་ཡིན་ན་ང་མ་ཡོང་ནའང་ཆོག དེ་མིན་ཟེར་ན་མུ་མཐུད་ནས་ཡོང་གི་ཡིན། ངས་ཁྱོད་སྐྱག་ཤོར་ཤོར་བར་བཙིར་ཡང་ཡོང་རྒྱུ་ཅི་ཡོད། བཙིར་གི་ཡང་མ་རེད་ལོ།ཧ་ཧ་ཧ། ཀུ་རེ་རྩེ་རྒྱུར་ལོབ་སོང་ཟིག ཡི་གེ་འབྲི་སྟངས་འདི་ཚོ་བསེ་རུ་ར་མའི་རྭ་ཅོ་ཅན་པོ་དེར་མ་བཤད། འུ་གཉིས་ལ་བྲོ་བ་ཡོད་ནི་རེད་མ་གཏོགས་ཁོའི་གོ་མདོག་ཁ་བོ་མ་རེད། ཡང་ཁྲིམས་ལ་སྦྱོར་རྒྱུ་ཟེར་ན་ཐང་། རང་གིས་ཀྱང་ང་ལ་ཅི་བཤད་འདོད་ན་བཤད་ཀི་སྡོད་དང་ཆོག འཛེམས་དགོས་ནི་མ་རེད་ལོ།
ཁྲིམས་དཔོན་ཆེན་མོ་བསེ་རུ་ལགས། བདག་གིས་ཁྱེད་ཚང་གི་བདག་ལ་ཁྲིམས་བཅད་འཕོག་པའི་བསྐོར་གྱི་བཅད་ཁྲ་དེ་ལ་བལྟས་ཚར་ཡིན་ལ། དེ་ནས་ཀློག་ཞོར་དུ་རང་ཉིད་གཅིག་བུར་གློག་ཀླད་ཀྱི་མདུན་ནས་བགད་མོ་མི་ཉུང་བ་ཞིག་ཀྱང་ཤོར་དུ་བཅུགས་སོང་། ཞོར་དུ་ཟིན་བྲིས་དེར་མཆན་པུ་ཞིག་ཀྱང་བཏབ་ཡོད་ལགས། སང་ཉིན་བདག་གི་གུང་གསེང་ཡིན་ལ། ཁྲིམས་དཔོན་རྣམ་གཉིས་ཆིབས་བསྒྱུར་གནང་ཐུབ་པ་ཡིན་ན་ང་རང་ལ་ཁྲིམས་ཐག་ལོ་ག་ཚོད་ཡིན་མིན་ཞིག་ཉན་འདོད་ཡོད་ལ། སྐབས་དེར་དུས་བབ་ཚང་གི་སློབ་དཔོན་བསྟན་འཛིན་ཚེ་དཔག་གིས་ཀྱང་གསན་ངེས་ཡིན་ལ། ང་རང་ལྟ་བུ་ནག་ཉེས་ཅན་ཚོ་ཁྲིམས་ཐག་བཅད་པ་ཁོང་གིས་གསན་ན་ཐུགས་བློ་བདེ་ངེས་ཡིན།
དྲ་གྲོགས་ལགས། ཁྱེད་ལ་གཅེས་མཁན་གྱི་གང་ཟག་མང་དུ་འགྲོ་གིན་འདུག་པས།
ཁྱེད་ཀྱིས་ཀྱང་རིག་པ་སྒྲིམས་ཤིག་ཨང་། ངའི་ཟིན་བྲིས་སུ་སྐུ་ཉིད་ཀྱི་སྐོར་ཞིག་རྩེད་མཚར་གྱི་ཚུལ་དུ་བྲིས་ཡོད། དེར་དགོངས་ཚུལ་ཞིག་གསུངས་དང་།
གཅན་བཟོད་རྒྱམ། བསེ་རུ། གཅེན་པོ། གནམ་ལྕགས། ཁྱེད་ཅག་གིས་ཐུགས་འཁུར་འོག་དུ། སྤུན་ཟླ་ང་ཤི་འཐམ་རོ་འཐམ་བྱས་དེ་ཡོང་གི་ཡོད། འགྲོ་བཞིན་ཡོད། ནོར་འཁྲུལ་ཡོད་ས་ནས་སྡིག་དམོད་བྱེད་རྒྱུ་མ་བརྗེད་ཅིག མི་ཤེས་ས་ནས་ལམ་སྟོན་གནང་རྒྱུ་དེ་བས་ཀྱང་ཐུགས་སུ་འཛིན་རོགས་ཞུ།
གཅན་བཟོད་རྒྱམ་ལགས། ང་རང་བཙུར་ན་འདོད་ཀི བཙུར་ཁོམ་ཡོད་ཁོ་ཐག་ཡིན་ནི་རེད་ལགས། སང་ཉིན་ང་རང་གུང་གསེང་ཡིན། སྐུ་ཉིད་ག་དུས་ཕེབས་ན་འགྲིག་གི་རེད་ལགས། སྐྱག་པ་ཤོར་རེག་བར་དུ་མ་བཙུར་རོགས། དེ་མིན་གཅིན་པ་ཤོར་ན་ཤོར་དུ་བཅུགས། དེ་ཡང་སྤུན་ཟླ་ཞིག་གིས་བཙུར་ནས་ཤོར་ནི་རེད། སེམས་འཁྲལ་མི་འདུག རེད་དེ། རྒྱ་ནག་གིས་ང་རང་དེ་ལྟར་བཙུར་རྒྱུ་ཟེར་ན་ནི་གཏན་ནས་ཁ་མི་ཉན་ཁོ་ཐག་ཡིན་ནི་རེད། མི་ཐུབ་ཀྱང་བྲོས་འགྲོ་ནོ་ཁོ་ཐག་ཡིན་ནི་རེད། གང་ཡིན་ཟེར་ན་དྲང་བདེན་བཤད་ས་མེད་པ་དེ་ནས་བྲོས་ན་ཡག་གི་མ་རེད་དམ་ལགས།
གནམ་ལྕགས་ལགས། ཨ་ཁུ་ཚང་ལ་སང་ཉིན་རྒྱ་གར་གྱི་ཆུ་ཚོད་ལྔ་བའི་རྗེས་སུ་ཁ་པར་གཏོང་ཆོག་ཟེར་ནས་ཞུ་རྒྱུ་མ་བརྗེད་རོགས།
ཁྲིམས་དཔོན་བསེ་རུ་ལགས། གོང་གོ་ཚིག་བཅད་མཆན་བུ་དཔར་གློག་བརྒྱབས་ཏེ་ངའི་ཟིན་བྲིས་གྱི་མཆན་བུར་ཡང་འདེབས་རོགས་གནོང་།ཧ་ཧ་ཧ།
སྙིང་གི་ཐིག་ལེ་ཤ་ཁྲག་རུས་གསུམ་ལགས།།
བསེ་རུར་སྙིང་རྗེ་མེད་པ་མིན་ན་ཡང་།།
ཁྲིམས་ལུགས་བྱམས་བརྩེ་བྲལ་བའི་ཕྱག་རྒྱ་ཡིས།།
དྲ་བའི་ཁྲིམས་ཁང་ནང་ནས་ཁྲིམས་ཆད་བཏང་།།
འཆར་ཡན་རྟོག་བཟོའི་ཁྲིམས་ཆད་ལྕི་མོ་འདིས།།
དྲ་གྲོགས་བ་སྤུ་ཙམ་ཡང་འགུལ་མི་སྲིད།།
སེམས་ཚོར་གྱུ་གྱུའི་རྣམ་རྟོག་ཅི་ལ་འཆར།།
འདི་ཡང་ཐབས་ལམ་གསར་པའི་བགྲོད་ཐབས་ཤིག།
ད་དུང་ཕེབས་དང་སྙིང་གི་ཐིག་ལེ་ཁྱོད།།
ཇི་སྲིད་ཚེ་སྲོག་རྒྱུ་བ་མ་འཇིག་བར།།
དེ་སྲིད་དྲ་རྒྱའི་འཇིག་རྟེན་ཀུན་མྱུལ་ཏེ།།
རིགས་ཀྱི་དོན་ཆེན་སྒྲུབ་པར་ལྷག་པར་རེམས།།
གཅེན་པོ་ལགས། གཅུང་པོས་ཞལ་འདེབས་ཤིག་འབུལ་ཆོག
འབྱུང་བཞིའི་རྟེན་གནས་ལུས་ཀྱི་བཟུང་བཅུད་ཟད།།
འབྱུང་བཞིའི་རྟེན་གནས་ལུས་ཀྱི་ཟུངས་བཅུད་ཟད།།
དག་པ། ཟུངས་བཅུད།
ཁ་བ་ཅན་ན་རྒྱ་ཡི་རྟགས་ཏུ་གནོན།།
ཁ་བ་ཅན་ན་རྒྱ་ཡིས་རྟག་ཏུ་གནོན།།
དག་པ། རྒྱ་ཡིས་རྟག་
རིགས་ཞེན་དཀར་པོས་སེམས་ཀྱི་བུ་ཆུང་བསླུད།།
འབྱུང་བཞིའི་རྟེན་གནས་ལུས་ཀྱི་བཟུང་བཅུད་ཟད།།
ལ་རྒྱའི་དཔའ་བོ་ཤ་ཁྲག་རུས་ཅན་ལ།།
ལ་རྒྱའི་རྨི་ལམ་མང་དུ་རྨིས་པ་དགའ།།
ཁ་བ་ཅན་ན་རྒྱ་ཡི་རྟགས་ཏུ་གནོན།།
ཁ་བའི་བུ་ལ་རང་དབང་མེད་གྱུར་ཀྱང་།།
ཁ་བ་ལྟར་དུ་དཀར་བའི་སེམས་པ་དེ།།
ཁ་བའི་བུ་ཡིས་མི་འགྱུར་དགའ་བ་ཞིག
ཤ་ཁྲག་རུས་གསུམ་ལགས། ང་གནམ་ལྕགས་ཡོང་ནས་བཀླགས་ཟིན། པར་ཡག་པོ་ཞིག་བཞག་འདུག ཨོ་བརྗེད་སོང་བ་ཞིག་ལ་ནོར་གླིང་གི་ཨ་ཁུ་ཚང་གིས་འཚམས་འདྲི་བྱེད་ཀྱིན་འདུག
གཅན་བཟོད་རྒྱམ་ལགས། སེམས་ཁྲལ་མ་བྱེད་ཨང་།
དྲ་གྲོགས་ཁོང་དེ་རིང་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་ཟིན་འདུག
བཅད་ཁྲར་གཟིགས་ན་བསེ་རུའི་ཟིན་བྲིས་སུ་བཀོད་ཡོད།
ཝ་ཡེ ཏོག་ཙམ་སྒུག་དང་། ཁྱོད་ཀྱིས་ང་ལ་རྒྱ་གར་གྱི་དུས་ཚོད་ནམ་ཞིག་ལ་ཕྱིར་ལོག་ཐུབ་མིན་ཤོད་དང་། ངས་དངོས་གནས་ཁྱོད་ལ་བཙིར་དག་ཅིག་གཏོང་ན་འདོད་ཀི ཧ་ཧ་ཧ་ཧ། ཨ་ལ་ཀུ་རེ་ཡིན། སྐྱེས་མ་ཞིག་གི་ཁྱོ་ག་དང་བུ་མོ་ཞིག་གི་ཕ་རྒན་རྒན་འཁོག་ཁྱོད་ལས་ཀར་མ་སོང་ན་ག་ལ་འགྲིག རྒྱུགས་རྒྱུགས། ལས་མཚམས་ནམ་བཞགས་ལ་དྲ་ཐོག་ཏུ་སྐོར་རེ་བརྒྱག་གི་སྡོད་ཨེ་གོ
ཁྱོས་རང་གིས་རང་ཉིད་ཁྲིམས་དཔོན་དུ་བཞག་པ་རེད། ང་གཞན་གྱིས་བདམས་པའི་ཁྲིམས་དཔོན་རེད། དམངས་ཀྱིས་བདམས་པ་རེད། དེ་རིང་འུ་གཉིས་ཀྱིས་ཤ་ཁྲག་འདི་ཁྲིམས་ལ་སྦྱོར་དགོས་ས་རེད། འདིས་ཡི་གེ་ནམ་བྲིས་ཀྱང་དོ་སྣང་ཁྱོན་ནས་བྱེད་ཀྱི་མི་འདུག དངོས་གནས་དག་ཆ་ཟེར་བ་ལ་ལྟ་སྲོལ་ཞིག་མི་འདུག འོན་ཀྱང་ཁོང་ལ་”བཀའ་བཀྱོན”བྱས་ན་ཁྲོ་མི་ལང་མོད། དག་ཆའི་ཕྱོགས་ནི་སྔར་བཞིན་གཅིག་པ་རང་རེད་འདུག
དགོངས་དག སྤུན་ཟླ་དག་ལ་གླེང་མོལ་བྱེད་རྒྱུར་དགའ་བོ་ཡོད་པ་ནི་དངོས་ནས་བདེན་པ་ཡིན་ཡང་། རང་གི་བྲིས་པའི་ཟིན་བྲིས་འོག་དུ་མཆན་པུ་མང་ནས་གང་ཡང་ཕན་ནི་མ་རེད། རྒྱབ་ལ་མི་ཕན། ཁ་ལ་མི་ཕན་ནོ་བདག་གི་ཤེས་ཡོད་ལགས། རེད་དེ་ཁྲིམས་དཔོན་ཉིད་ཀྱིས་བདག་གི་རེ་འདོད་ལ་བཀའ་འདྲི་གནངས་པ་དེར་ཐུགས་རྗེ་ཆེ་ལགས། ད་ནི་དུས་ཚོད་མང་བོ་མེད། ལས་ཀར་འགྲོ་རན་འདུག དུས་ཚོད་བཞིའི་རྗེས་སུ་མ་གཏོགས་ཕྱིར་ནང་དུ་འབྱོར་ནི་མ་རེད་ལགས།
བསེ་རུ་ལགས། སྐུ་ཉིད་ཀྱང་དུས་ཚོད་ཏག་ཏག་ཞིག་ལ་ཕེབས་འདུག ད་ཁྲིམས་དཔོན་བཟོད་རྒྱམ་ལགས་ཀྱིས་འདི་ན་ཁྲིམས་གཤེར་བྱེད་ཀྱི་འདུག་ལགས། ཧཧཧཧ སླར་ཡང་མཇལ་ངེས་ཡིན།
ཁྲིམས་དཔོན་ཟེར་ན་དྲང་བདེན་ལ་དགའ་བ་ཙམ་མ་ཟད། དྲང་བདེན་སྐྱོང་མཁན་ཞིག་ཡིན་དགོས་པ་རེད། གཅན་བཟོད་རྒྱམ་ངས་ཁ་སྔོན་ཁྲིམས་ལ་སྦྱར་ཟིན་པ་རེད། དེ་དྲན་པར་བྱོས། ཧ་ཧ་ཧ།
ཁྲིམས་ལུགས་ཟེར་བ་ཚིག་གཅིག་ཀྱང་སྦྱངས་མྱོང་མེད་པས་རྒྱ་ཁྲིམས་བོད་ཁྲིམས་གང་ལའང་འོབ་ཚོད་ཀྱི་ཞབས་འདྲེན་བྱེད་འདོད་མེད། ཁྱོད་ཉིད་མཆན་གྲངས་ལ་མྱོས་པོ་ཡོད་ན། དེ་རིང་འུ་གཉིས་ཀྱིས་མཆན་གྲངས་བརྒྱ་ཕྲག་ལོངས་པར་བྱ་ཆོག་གོ།
ལགས་སོ་ཁྲིམས་དཔོན་བཙན་པོ་ཁྱོད། ད་ནི་ངས་རང་གི་སྤུན་ཟླ་དག་ལ་ལན་ཡང་སྤྲོད་རྒྱུ་དེ་ལ་ཡང་ཁྲིམས་ཐག་གཅོད་རྩིས་རེད། ཁྲིམས་དཔོན་ཁྱེད་ཀྱིས་རྒྱའི་ཁྲིམས་ཤིག་ལས་སྤྱང་མེད་ནི་མིན་ན། ཧཧཧཧཧཧ
ཧ་ཧཧ་། ཤ་ཁྲག་ཁྱོད་ཀྱིས་ལྟོས་དང་། ངས་བཤད་པ་ནོར་མི་འདུག་སྙམ། གོང་དུ་མཆན་བཅུ་གཅིག་འདུག་པ་ལས་ལྔ་ཁྱོད་ཀྱི་རེད། ང་ལ་ཁྲིམས་དཔོན་གྱི་མིང་འདི་ཁྱོད་ཀྱིས་བཏགས་པ་རེད། རྗེས་ཕྱོགས་ངའི་ཁར་མ་ཉན་པ་འདྲ་བྱུང་ཚེ་འཇིག་རྟེན་ན་མེད་པའི་ཁྲིམས་ལ་སྦྱོར་ངེས་ཡིན། ད་དུས་ངོས་ལེན་མི་བྱེད་མ་ཟེར་ལོ།
བསྟན་འཛིན་མིང་འཛིན་པའི་སྤུན་ཟླ་ལགས། ངེད་ཅག་གི་་དྲ་ཚིགས་འདི་ལ་བོད་ཡིག་མ་གཏོགས་དགའ་བསུ་ཞུ་བཞིན་ཡོད་པ་མ་རེད་ལགས། སྐུ་ཉིད་བོད་ཡིག་སྤྱོད་ས་མེད་པའི་ཁུལ་ཞིག་ན་ཡོད་སྲིད་ཀྱང་། རང་གི་གློག་ཀླད་ནང་དུ་འདི་རུ་ཡིག་གཟུགས་ཕབ་ལེན་བྱེད་ས་ཡོད་ངེས་རེད་ལགས། རྗེས་ཕྱོགས་དབྱིན་ཡིག་འདི་རུ་མ་འབྲི་ལགས། དངོས་ནས་དགའ་བསུ་ཞུ་ཐུབ་ཀྱི་མི་འདུག་ལགས།
མིག་གསུམ་པ་ལགས། རྨི་ལམ་ནི་ང་རང་སྐྱེ་ནས་བཟུང་དེ་མེད་དུས་ཀྱི་མཚན་མོ་ཞིག་ཕལ་ཆེར་ང་རང་གིས་ཤེས་པ་ནས་བཟུང་མེད་ཚོད་ཡིན་ལགས། རེད་དེ། རྨི་ལམ་ལ་གོ་རིམ་མེད་པར་ངས་ཀྱང་བསམ་མྱོང་ཡོད་ལགས། རེད་དེ། ཁ་སང་དེ་རིང་གི་རྨི་ལམ་འདི་དག་ནི་དངོས་ནས་ཉལ་ས་གཅིག་པོའི་དོན་དག་ཞིག་མིན་པ་འདྲ་སྙམ་ནས་འདི་རུ་དྲངས་པ་ཡིན་ལགས། གཅིག་བྱས་ན་རྒད་པོ་ང་དྲན་རྒྱུ་མང་དྲགས་པས་ཡིན་སྲིད་པ་རེད་ལགས།
གཅན་བཟོད་རྒྱམ་ལགས། སྐུ་ཉིད་དངོས་ནས་དུས་བབ་ཚང་གི་ཁྲིམས་དཔོན་ལ་བཞག་ནས་དངོས་ནས་འཚམ་པོ་འདུག དྲང་བདེན་སྐྱོང་རྒྱུར་རང་གི་སྲོག་ལ་ཡང་མི་འཛེམ་པ་ཞིག་ཡིན་ཁོ་ཐག་རེད། བོད་གཞུང་ལ་ཁྲིམས་ཁང་ལྷན་ཚོགས་ཤིག་ཡོད་པ་དེ་རུ་དངོས་ནས་སྐུ་ཉིད་དངོས་ནས་འགྲིག་གི་ཡ་་ཧ་ཧ་ཧ་ཧ་ ཨ་ལ་ཀུ་རེ་མིན་ན་ཁྱོས་སྐེ། དངོས་ནས་སྐུ་ཉིད་ཀྱིས་ཐེར་འདོན་དུས་ཐོག་ནས་གནངས་པ་དེར་དགའ་བསུ་ཞུ་ལགས། ང་རང་གི་གཙོ་བའི་སྤུན་ཟླ་སུ་ཞིག་གིས་ནོར་འཁྲུལ་གང་བྱས་པ་དེ་དག་ལ་འཛུབ་མོ་འདི་ལྟར་ཐད་ཀར་འཛུགས་རྒྱུར་སེམས་གཏིང་ནས་དགའ་བསུ་ཡོད་ལགས།
ཆུ་ཐིགས་སྔོན་མོ་ལགས། མདོ་ལུང་ཞིག་དྲངས་དེ་ཕེབས་ཟིན་འདུག ཚིག་བཅད་ཤོ་ལོ་ཀ་གཅིག་་བུ་འདི་ངས་ཀྱང་རྒྱུན་དུ་འདོན་བཞིན་ཡོད་ལགས། རེད་དེ། ང་ལ་དེ་ཙམ་གྱིས་ཕན་ཐོག་གི་མི་འདུག སྐུར་འདེབས་མིན། ང་རང་གི་སེམས་པ་གཙང་མ་མིན་སྟབས་ཡིན་ཤས་ཆེ། ཉལ་ཁ་ལངས་ཁར་དྲན་རྒྱུ་རྒོད་པའི་ཡིན་ས་རེད་ལགས།
གངས་རི་སྐྱབས་ལགས། ད་ནི་དེ་འདྲ་ཡིན་ས་རེད། འདང་མི་རྒྱག་ཟེར་ན་ང་རང་གི་སེམས་འདི་འདུག་ཐུབ་ནི་མ་རེད། འདུག་མི་ཐུབ་ནོ་ཚོད་ཀྱིས་གང་ཡང་འཇོན་ནི་མ་རེད་དེ། བོད་པ་ཡིན་ཟེར་ནས་བོད་ཡིག་དག་ལ་མ་དག་ལ་རེ་བྲིས་དེ་དྲ་ངོས་འདི་ནས་ཉིན་མ་འཕུད་རྒྱུ་དངོས་ནས་དགའ་བོ་ཞིག་ཆགས་འདུག་པ་འདི་ཡང་ང་རང་ལ་བྱུང་བའི་ནད་ཚ་ཞིག་ཡིན་པ་འདྲ། མཚམས་རེར་ཕན་གང་ཡང་ཐོག་གི་མེད་པ་ལྟ་བུ་ཞིག་དུ་སེམས་ལ་སྣང་དུས། དྲ་ངོས་འདི་དག་ཁ་གྱེས་དེ་བསྡོད་དགོས་མིན་ནམ་སྙམ་པའི་ཚོར་བ་རབ་རིབ་རེ་ཡང་དྲན་གྱི་འདུག་ལགས། གང་ལྟར། རང་ཉིད་བོད་ཡིན་པ་འདི་ཤི་རེག་བར་དུ་བཅོས་ཐབས་མེད་པ་ཞིག་ཡིན།
good
དྲ་གྲོགས་བཟང་པོ་ཤ་ཁྲག་རུས་གསུམ་ལགས། ནམ་རྒྱུན་རྨ་ལམ་རྐྱང་རྐྱང་རྨིས་ཚུལ་ལ་བལྟས་ན་ཁྱོད་རང་གི་ཉལ་ས་དེ་ཅིག་འགྲིགས་མེད་པ་འདྲ། སང་ཉིན་ཉལ་ས་བརྗེ་བོ་བརྒྱབ་ནས་་ཇི་འདྲ་ཞིག་་ཡིན་མིན་ལ་གཟིགས་རོགས།་་ཧ་ཧ་ཧ་ཧ་ཧ་ཧ་ཨ་ལ་ཀུ་རེ་ཡིན། ངོ་མའི་སྙན་མོ་ཞིག་དང་བསམ་རྒྱུ་ཡོད་པ་ཞིག་རེད་འདུག
ཨ་ལ་ལ་ལ། འདིས་ཡ་མེད་ཅིག་གསུངས་འདུག དེང་སང་མི་འདི་ཚོས་གཞན་ཚིགས་གཡར་རྗེས་ཁུངས་གང་ཡིན་སོགས་འདྲེན་རྒྱུ་སྣང་མེད་བྱས་ཏེ། རང་གི་ཡིན་མདོག་མདོག་གིས་ཤར་མར་བྲིས་ཏེ་བུད་འགྲོ་གི ངས་བལྟས་ན་འདི་ལྟ་བུའི་ལུང་ཚིག་རེ་འདྲེན་དུས་ངེས་པར་དུ་ལུང་ལས། ཇི་སྐད་དུ། མདོ་ལས། ལྟ་བུ་དྲངས་པའི་ཚིག་གང་ཡིན་པ་དེའི་ཁོངས་ཙམ་བསྟན་ན་བཟང་སྙམ། དེ་མིན་ནམ་ཞིག་གཞན་གྱི་རྩོམ་ཡིག་དུམ་པུ་རེ། ཡང་གཞན་རྩོམ་ཆ་ཚང་བ་རེའི་གཤམ་དུ་རང་ཉིད་ཀྱི་མཚན་བཀོད། (འདིའི་སྐོར་ངས་ཟིན་བྲིས་གཞན་ན་གསལ)ད་དུང་ཤར་མར་སྤེལ་ཡིན་ན་ཅིག་ཟེར་ནས་མཐོང་རྒྱ་ཆུང་བའི་མི་ཚོར་ངོམས་སོ་བྱེད་ཀི འདི་ལྟ་བུའི་ཐོག་མའི་གོམས་གཤིས་ཀྱང་དབུ་འདི་ལྟར་བཙུགས་པ་ཡིན་པས། སླད་ནས་གཞན་ཚིག་དུམ་པུ་གཅིག་དྲངས་པའང་ཁུངས་ལུ་གང་ཡིན་གཏུགས་རྒྱུ་མཁྱེན་ཞེས་འབོད་སྐུལ་ཞུས་པ་ལས། ཁྱེད་གཟོས་པ་ནི་གཏན་མིན་ནོ།།
སྐར་མ་རབ་རིབ་མར་མེ་དང།།
རྒྱུ་མ་ཟིལ་བ་ཆུ་བུར་དང།།
རྨི་ལམ་གློག་དང་སྤྲིན་ལྟ་བུ།།
འདུས་བྱས་ཆོས་རྣམས་དེ་ལྟར་ལྟ།།།
ནོར་བཅོས། ༡ རྨི་ལམ་ཏན་ཏན ༢ ཕ་ཡུལ་དང་གཉེན་མིར་
ཤ་ཁྲག་ལགས། ངའི་ཞི་ལི་སྐྲག་དང་ང་། རྨི་ལམ་འདི་ང་ཚོའི་ཆག་འཇིག་གི་ཟུར་ངོས་ཤིག་གི་སྣང་བ་ཕྱིར་མངོན་བྱས་པ་ཞིག་རེད་ཟེར་ཆོག རྩ་ཁམས་དངས་པའི་བཙན་བྱོལ་བ་ཞིག་ཡིན་ན་ཧ་ལམ་འདི་འདྲའི་སྣང་བ་དང་རྨི་ཏན་ཏན་ཡོད་ཆོག་པ་རེད། མི་ལོ་ལྔ་བཅུར་མི་ཡུལ་འགྲིམ་པའི་དཀའ་ཚེགས་ཁྲོད་ནས་ཕ་ཡུལ་གཉེན་མིར་ངོ་མ་འཕྲད་པར་རི་བོ་ཧི་མ་ལ་ཡའི་རྒྱབ་མདུན་ནས་མང་བོ་མང་བོ་ཞིག་ཕྱིར་མི་འོང་བའི་གནས་སུ་བཞུད་སོང་བ་དང་། སྐོར་ཞིག་དེ་མུར་རྒས་བཞིན་པའི་སྣང་ཚུལ་ཡ་ང་ཞིང་ཡིད་སྐྱོ་བའི་བཤུལ་ལམ་རིང་མོ་འདིར། འདང་རྒྱག་ཆེ་བའི་མིའི་འབྱུང་ཁམས་འཁྲུགས་ཏེ་དགོང་མོའི་གཉིད་ཡུལ་མི་བདེ་བ་ཆོས་ཉིད་ལྟ་བུར་སོང་འདུག་ན། རང་གི་འཕྲོད་བསྟེན་ལ་གཟབ་གཟབ་གནང་གལ་ཆེ་བ་དང་། ཞོར་དུ་རྩོམ་ཡིག་རེ་ཀློག་པ་པོའི་གཟིགས་མོར་འགྲེམས་པའང་བརྩོན་པ་མུ་བཞིན་སྐྱོངས་དགོས།