སེམས་པ་ནང་དུ་འཁོར་ནས་ཀུ་བཏབ་ཀྱང་།།
ཨ་ལན་སྟེར་མཁན་ཉུང་བའི་གྲུ་ཁ་འདིར།།
རིགས་ཀྱི་དུངས་ཞེན་ཟབ་མོའི་ངུ་ངག་ཞིག།
འདོད་དང་མི་འདོད་བར་ནས་བཙན་གྱིས་བཞུར།།
སྟོད་ནི་མངའ་རི་བསྐོར་གསུམ་བོད་ཀྱི་ཡུལ།།
བར་ནི་དབུས་གཙང་རི་བཞི་གངས་རིའི་ལྗོངས།།
སྨད་ནི་མདོ་ཁམས་སྒང་དྲུག་ཁ་བ་ཅན།།
ཤ་ཁྲག་རུས་རྒྱུད་གཅིག་པའི་མི་རིགས་ཡིན།།
དུས་རབས་ཉེར་གཅིག་སྟོན་པ་༧སྐྱབས་མགོན་མཆོག།
ད་ནི་ལ་ཁའི་ཉི་མ་ལྟ་བུ་རེད།།
གསུང་ལ་རྩིས་མེད་གནང་མཁན་རིགས་གཅིག་པའི།།
སྤུན་ཟླ་འགའ་རེ་མཐོང་དུས་ཡི་ཀ་ལོག།
མི་ལོ་ལྔ་བཅུར་ས་མཐའ་ལུས་ན་ཡང་།།
རང་གི་སྐད་ཡིག་འཐུས་ཚང་ཤེས་མཁན་གྱི།།
བུ་ཕྲུག་ཉུང་བའི་བྱེས་པ་མཐོང་དུས་སུ།།
སེམས་ཀྱི་རྩ་བ་ཁྲག་དང་བརྣག་གིས་གྱུར།།
རེ་བ་རིམ་བཀང་ཡོད་པ་བཤིག་གི་ཐལ།།
རྨི་ལམ་ཐུན་གཅིག་ཡོད་པ་གཏོར་དང་ཐལ།།
སྐྱིད་སྡུག་མཉམ་མྱོང་ཡིན་པ་བརྗེད་འདུག་པའི།།
སྤུན་ཟླའི་ཚོགས་རྣམས་མཐོང་དུས་གཟེར་ཟུག་ལྕི།།
བོད་ཤ་ཁྲག་རུས་གསུམ་ལགས། ཁྱེད་རང་ཅི་ཞིག་གི་ཆེད་དུ་ངུ་བ་ངའི་ཤེས་སོང་། ཁྱེད་རང་གི་མིག་ཆུ་ནི་ཁྱེད་རང་གི་ཤ་རུས་ལས་མཆེད་པའི་རིན་ཐང་ཡོད་པའི་མིག་ཆུ་ངོ་མ་དེ་རེད། ང་ཡང་ཁྱེད་རང་གི་རྗེས་སུ་ངུ་ནས་ཡོང་གིན་ཡོད། སྐབས་རེ་ང་རང་ངུ་ནས་སྡོད་བའི་སྐབས་སུ་ཡང་ནས་བསྐྱར་དུ་བསམ་བློ་དྲུག་སུམ་བཅོ་བརྒྱད་གཏོང་དགོས་མཁན་ཞིག་ཡིན། ང་ཚོ་བོད་རིགས་ཚོ་རྒྱའི་དབང་མ་བསྒྱུར་པར་ཨུ་རུ་སོག་དང་ཡང་ན་དབྱིན་ཇི་གང་རུང་གི་དབང་ཡོད་དུ་འཚུད་ཡོད་ན་དེང་སྐབས་རང་བཙན་གཙང་མ་ཐོབ་ཚར་ཡོད་རེད་དྲན་གྱིན་ཡོད། ད་ནི་ང་ཚོའི་མིག་ཆུ་ལ་རིན་ཐང་ལ་བརྩི་མཁན་སུ་ཡོད་དམ། ང་ཚོར་དོན་མེད་ཀྱི་ངུ་མཁན་མང་པོ་འདུག་ད།
ལགས་སོ་དགེ་མཐོང་ལགས། སེམས་སུ་བཟུང་ཡོད་ལགས།
རེད་ལགས་སྤུན་ཟླ་མི་ཉག་སྐལ་བཟང་ལགས། ཉིད་ཀྱིས་གསུངས་པ་དེ་ཅིས་མ་བདེན། བོད་ནང་གི་བོད་མི་དེ་དག་གིས་བོད་མི་རིགས་ཀྱི་སྐྱིད་སྡུག་དོན་དུ་རང་གི་སྲོག་ཡང་གཏོང་འཕོད་ཀྱི་ཡོད་པ་རེད། འདི་ན་ང་འདྲ་བ་ཁ་ཤས་ཤིག་འུ་ཐུག་ནས་ངུས་དེ་བསྡད་ཡོད་པ་རེད། མིག་ཆུ་ཡང་རིན་ཐང་མེད་པར་ལུས་པ་རེད། དོན་དངོས་སུ་སྟག་ཤར་ར་ཞིག་ངུ་བ་ལས་བྱ་བ་གང་ཞིག་བྱས་པ་ཡིན་ན་ཡག་པོ་ཡོད་པ་རེད།
དེང་སང་ངུ་ནས་མིག་ཆུ་གཏོང་མཁན་ཚོར་ཧ་ལས་དགོས་དོན་མི་འདུག བོད་རིགས་ཁག་ཅིག་རྒྱགས་ནས་མིག་ཆུ་གཏོང་མཁན་དང་། ང་རྒྱལ་དང་ཕྲག་ཏོག་གིས་མིག་ཆུ་གཏོང་མཁན་ཇེ་མང་ནས་ཇེ་མང་རེད། བོད་དུ་རྒྱ་མིས་བོད་མིར་གདུག་རྩུབ་ཀྱིས་བོད་མི་ཚོ་ཁག་ཅིག་གི་བོད་མི་རིགས་ཀྱིས་ཆེད་དུ་སྐྱག་པ་དང་གཅིན་པ་ཤོར་མཁན་ཚོ་སྙིང་རེ་རྗེ།
ཨ་རིག་པའི་ཁོང་གཏོགས་བོད་མིང་ཅན་ལགས། ད་ཐེངས་ཁྱེད་ཀྱིས་བྲིས་ནོ་ཧྲ་གི
དེ་མིན་ན་ཡིག་ནོར་དེ་ཚོ་བསེ་རུས་བཅོས་རྒྱུ་ཟེར་ངེས་རེད། འོན་ཀྱང་ཡིག་ནོར་དང་གཏགས་ནོར་ཁོ་པ་ཚོས་ཀྱང་འབྲི་གིན་འདུག་ན་ཁྱེད་ཀྱིས་ཁོ་ཚོ་ལ་སྐད་ཆ་ཞིག་དྲིས་ན་མི་ཆོག་ག ནམ་རྒྱུན་ཁ་རོག་གེར།
འབའ་པ་སྐལ་བཟང་འཕྲིན་ལས་ལགས། མིག་ཆུའི་ཞལ་འདེབས་རེ་གནོང་དང་། འུ་ཅག་གིས་མིག་ནས་མཆི་མ་གཟད་དེ་ཁྲག་བཞུར། ཁྲག་གཟད་དེ་མིག་ཀོང་སྐམ་པོ་ཆགས་རེག་བར་དུ་ངུ་ཡ། དེ་དུས་དངོས་ནས་གོ་མཁན་རེ་ཟུང་རེ་ཡོད་ངེས་ཡིན་ལ། འུ་ཅག་གི་མིག་ཆུ་ལ་རིན་ཐང་ཅུང་ཙམ་རེ་ཡོད་སྲིད་པ་ཡིན་ལགས།
བསེ་རུ་ལགས། ངས་དེ་རིང་ལས་ཀའི་བར་གསེང་དུ་ཁྱེད་རང་དེང་སང་དུས་བབ་ཚང་གི་སྤུན་ཟླ་དག་གི་ཟིན་བྲིས་སྤེལ་སར་རིག་རྒྱུ་མི་འདུག་ན་བ་འདྲ་མིན་འགྲོ་བསམ་ནས་ཕྱིར་ལས་ཀ་ནས་འབྱོར་དུས་སྐུ་ཉིད་ཀྱིས་བདག་གི་ཁྱིམ་དུ་སླེབས་ནས་ཟིན་བྲིས་ཤིག་བཏབ་པ་དངོས་ནས་དགའ་བོ་བྱུང་། རྒྱུ་མཚན་ནི་སྐུ་ཉིད་བདེ་ཐང་ཡིན་པ་ར་སྤྲོད་བྱུང་བས་ཡིན་ལགས། མི་ཟེར་བ་འདི་ནི་ཁོམ་པ་ཞིག་ཡོད་ནི་མ་རེད་ལགས། ཁོམ་དུས་ཁོམ་དུས་སྤུན་ཟླ་དག་མ་བརྗེད་པར་ཡང་ཡང་ཁྲིམས་དཔོན་གྱི་གོ་གནས་དེ་ལས་ཕྱིར་འབུད་མ་གནང་རོགས་ཞུ་རྒྱུ་ཡིན་ལགས།
མིག་ཆུ་ནི་སྐྱིད་སྡུག་གི་ཕོ་ཉ་རེད།ཁ་ཤས་དགའ་ནས་མིག་ཆུ་བཏང་།འགའ་རེས་སྡུག་ནས་མིག་ཆུ་བཏང་།ད་ཐེངས་ཤ་ཁྲག་གི་མིག་ཆུ་ནི་ཕྱི་མའི་ཁོངས་སུ་གཏོགས།དེ་ཡང་མི་རིགས་ཞིག་གི་ལས་ལ་མ་བཟོད་པའི་མིག་ཆུ་རེད།ཁྱེད་ཀྱི་མིག་ཆུ་ལ་རིན་ཐང་ལྡན།ངས་ཀྱང་ཁྱེད་ལ་མིག་ཆུས་ཞལ་འདེབས་སྤྲོད་ཆོག དྲ་གྲོགས་བཟང་པོ
ཆེས་ཐོག་མའི་དྲ་གྲོགས་ལགས།
ད་ཁྱེད་ཀྱིས་སྙན་ངག་འདི་ལྟར་སྐྱུག་ཡོང་དུས་ང་ཡང་ར་བཟི་གྲབས་བྱེད་ཀྱིན་འདུག
ད་དུང་ཕེབས་ཨང་། དེང་སྐབས་ང་ལ་ཁོམ་པ་མེད། གང་ལགས་ཤེ་ན། ཁྲིམས་ཁང་ལ་ཁ་མཆུ་མང་བས་ཁྲིམས་ཁང་ནང་གི་ལས་ཀ་ཚར་མ་ཇུས་ཏོག་བྱེད་དགོས་ཀྱི་འདུག
ཁྱོད་ངུ་འདོད་པ་བདེན་པ་རེད་ལ། དེང་སྐབས་བོད་མི་རྒན་བྱིས་བར་གསུམ་གྱི་ཁྲོད་ན་ངུ་མཁན་མང་ཡང་། སེམས་ནང་སྡུག་བསྔལ་གྱི་ཟུག་ངུ་དེ་རྟོགས་མཁན་དཀོན་པས། ཁྱོད་ཀྱང་ངུ་ན་འདོད་པ་མ་ཡིན་ནམ། ང་ཡང་མིག་ལ་མཆི་ཞག་འཁོར་གྱིན་འདུག།
གོང་གི་དབྱིན་ཡིག་གི་མིང་དེ།
ངས་བལྟས་ན་ཕལ་ཆེར་དོན་གླིང་བུ་ཞེས་ཡིན་འདུག་སྙམ།
ཁོང་གཞིས་ཁོངས་དོན་གྲུབ་གླིང་ནས་ཡིན་ཞིང་སྐྱེ་བ་ཕོ་ལུས་བླངས་པའི་གང་ཟག་ཉམ་ཆུང་ཞིག་ཡིན་པའི་སྣང་བ་འཆར།།
གཉའ་གནོན་ཐུབ་ཚོད་བྱས་དུས་མ་ངུས་ཀྱང་།།
འབྲོང་གི་བུ་རྒྱུད་རུལ་དུས་སྡུག་ཆེ་སྟབས།།
ཐུ་བ་མཆོག་གི་རྗེས་འགྲེང་ཡིན་ཟེར་ཀྱང་།།
བུ་ངན་དེ་དག་མཐོང་དུས་སེམས་སྐྱོ་སོང་།།
སྐུ་ཉིད་འདི་རུ་ཕེབས་ནས་སེམས་གསོ་ཞིག།
བཅོས་མེད་སེམས་ནས་གནང་བ་དགའ་ནི་ཡིན།།
ཡང་ཡང་ཕེབས་ནས་ཚོར་བའི་དབྱངས་རིས་དག།
ཤར་མར་འབྲི་བའི་རེ་སྐུལ་ཉིད་ལ་ཞུ།།
ཤ་ཁྲག་སྙན་ངག་གཙང་བོའི་སྒྲ་ལྷུང་ལྷུང་། །
ཤ་ཁྲག་ལྷག་བསམ་གངས་ཀྱི་མདངས་གསལ་གསལ། །
ཤ་ཁྲག་བརྟུན་པ་ཆུ་བོའི་རྒྱུན་བཞུར་བཞུར། །
ཤ་ཁྲག་མ་ངུ་ང་ཡང་སེམས་དུང་དུང་། །
སྐྲག་མི་དགོས། ང་ནི་ཤ་ཁྲག་རུས་གསུམ་གྱིས་གྲུབ་པའི་བོད་ལུས་ཤིག་ཐོབ་ཡོད་དམ། གང་ཡིན་ཟེར་ན་རང་ལུས་ད་ཐེངས་བོད་ལུས་ཤིག་བླངས་ཡོད་སྟབས། བོད་དོན་ཞིག་ལ་བྱས་རྗེས་མ་ཞོག་ཀྱང་། དོན་མེད་དུ་ངུས་དེ་འདུག་མི་སྲིད་ལགས།
ག་རེ་ག་རེ། ངས་ཧ་གོ་མ་སོང༌། ཁྱོད་ག་རེ་བྱས་ནས་ངུ་ན་འདོད་ཀི་ཟེ། དོན་མེད་ལ་ངུ་རྒྱུ་ཟེར་ན་ཅི་ཡིན། ཤ་ཁྲག་འདི་ལ་འདི་མོ་ཟིག་བྱུང་རྒྱུ་ཡོད་ཐལ་མོ། དེ་རིང་ཡང་དེ་བྱུང་འདུག་པ་འདྲ།
མྱུར་མགྱོགས་འཕྲུལ་རྩལ་ཅན་སྐར་ཁྲི་བཙན་ལགས། རེ་བ་རིམ་བཀང་དེ་ནི་གང་ནས་རྙེད་ཀི་རེད་ལགས།
ལྷོ་མཐའི་ཕུག་རོན་ལ་ལགས། འདི་རུ་ཕེབས་ནས་སེམས་གསོ་ཞིག་གནངས་པ་དེར་དགའ་ནི་ཡིན་ལགས།
གཅན་བཟོད་རྒྱམ་ལགས། སེམས་འཁྲལ་མ་བྱེད་ལགས། སྤྱིར་ཕོ་མོ་གཉིས་ཀའི་སུ་ཡིན་ཡང་རང་ཚུགས་ཤིག་དགོས་ཀྱི་ཡོད་པ་ལས། རྐུབ་གཅིག་བུའི་དོན་དུ་བསམ་བློ་གཏོང་མཁན་དེ་དག་ལ་དེ་འདྲའི་དཀའ་ངལ་ཞིག་ཡོང་ངེས་ཡིན་པས། བདག་གིས་དགའ་རོགས་མས་དེ་འདྲ་ཞིག་མི་བྱེད་པའི་རེ་བ་ཡོད་པ་ལས། བྱེད་མིན་མོ་རང་གིས་འདོད་མོས་རེད། ངས་དེ་ལ་བཀག་འགོག་མི་བྱེད་པ་མ་ཟད། ངས་སྔོན་ཆད་ཀྱང་ཁོ་མོ་ལ་བསམ་བློ་གཏོང་དགོས་པའི་སྐད་ཆ་ཁ་ཤས་ཤིག་བཤད་ཡོད་ལགས།
ཁ་རུ་ཁ་ཐག་ལགས། འུ་ཅག་གིས་མིག་ཆུ་འདི་ལ་རིན་ཐང་མེད་སོང་བ་ཡིན་ནམ། ཡང་ན་འུ་ཅག་་གི་མི་རིགས་ལ་འདི་ལ་རུས་ཞེན་མེད་སོང་བ་ཡིན་ནམ། གང་ལྟར། མིག་ཆུ་འཕུད་མཁན་རེ་ཟུང་ཞིག་གིས་གྲངས་ཀ་ལོངས་ཀྱི་མེད་པ་འདྲ། སྐུ་ཉིད་ལ་ཡང་ཁག་མི་འདུག དེང་སང་མིག་ཆུ་མེད་པ་ནི།
བསྟན་འཛིན་ཚེ་འཚོ་ལགས། ཉིད་ཀྱིས་རྟག་དུ་བདག་གི་རྒྱབ་སྐྱོར་གནང་བ་དེར་དགའ་ནི་ཡིན་ལགས། ཡང་ཡང་ཕེབས་ཀི་བསྡོད།
རྡོར་གླིང་བོད་ཡིན་ས་རེད། དེ་མིན་ན་དགོངས་དག གང་ལྟར། སྐུ་ཉིད་ཀྱིས་གསལ་བཤད་དང་རེ་སྨོན། བདག་ལ་རེ་སྐུལ་གནང་བ་བཅས་བདག་གིས་ཞིབ་དུ་བཀླགས་ཟིན། ཐུགས་རྗེ་ཆེ། བྱེས་སུ་འཚར་ལོངས་བྱུང་མཁན་བུ་ཕྲུག་ཞིག་གིས་རང་གི་སྐད་ཡིག་ལ་འདི་འདྲའི་གཙུག་ཆེན་གནང་བ་དེར་སེམས་གཏིང་ནས་དགའ་ནི་ཡིན་ལགས། རེད་ལགས། བོད་པ་ཡིན་པས་བོད་སྐད་ལོས་ཤེས། བོད་པ་ཡིན་པས་བོད་ཡིག་འབྲི་ཤེས་དགོས་པ་ལྡོག་དུ་མེད་པ་ཡིན་དུས། སྐུ་ཉིད་ཀྱིས་ངས་ཤེས་དང་ངས་འཇོན་གསུངས་པ་དེར་དགའ་ནི་ཡིན་ལགས།
སྙན་དངགས་དེ་ངོ་མ་ཡག་མོ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ། ངས་ཀྱང་མ་འོངས་པར་ཁྱེད་འདྲ་བའི་སྙན་དངགས་ཤིག་བྲི་ཐུབ་རྒྱུའི་ཐབས་ཤེས་བྱ་རྒྱུ་ཡིན།
ཤ་ཁྲག་རུས་གསུམ་ཡིན་ནའང་འདྲ་རུལ་ཟིན་པ་ཡིན་ནའང་འདྲ་གང་ལྟར་ངས་དེ་སྔོན་དབྱིན་ཡིག་གི་ཐོག་བསམ་ཚུལ་སྤེལ་བ་འདི་རང་ཉིད་ཀྱི་སྐད་ཡིག་ལ་མཐོང་ཆུང་ངམ་སྣང་ཆུང་བྱེད་པ་མིན་ཏེ། ངའི་སྡོད་སའི་གློག་ཀླད་དེར་བོད་ཡིག་གི་ཡིག་གཟུགས་དེ་མེད་པའི་དབང་གིས་ཡིན། ངས་ཁྱེད་འདྲ་བ་བོད་ཡིག་བྲིས་ཤེས་ལ་། ཁྱེད་འདྲ་བ་བོད་ཡིག་ཀློག་ཀྱང་ཤེས། གོ་སོང་ངམ། ཧ་ཧཧ་ཧཧཧཧ
དགོངས་པ་མ་ཚོམས།
ངའི་གོ་ཐོས་ལ་ཁྱེད་ཀྱིས་ཉིན་མཚན་སྟུད་མར་བོད་ཀྱི་དུས་བབ་ཀྱི་དྲ་རྒྱའི་ནང་ཟིན་བྲིས་མང་ཤོས་སྤེལ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག་པས། དེ་ལ་བསྔགས་བརྗོད་ཞུ་རྒྱུ་དང། སླད་ཕྱིན་ཁྱེད་ཉིད་ཀྱི་གང་ཞིག་བྲིས་ནའང་སྤྱི་ཚོགས་དང་རྒྱལ་ཁབ། མི་རིགས་སོགས་ལ་ཕན་པ་ཞིག་ལས་། དོན་མེད་སྤྱི་ཚོགས་དང་རྒྱལ་ཁབ་དཀྲུག་མཁན་ཞིག་མ་གནང་རོགས། དེང་གི་ཆར། ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་ཅན་ཡིན་ཟེར་མཁན་གྱི་མི་སྣ་འགས་རང་ཉིད་ཀྱི་ད་བར་བཙན་བྱོལ་གཞུང་དང་༸རྒྱལ་བ་རིན་པོ་ཆེའི་དྲིན་ལས་ཤེས་ཡོན་གྱི་གོ་སྐབས་ཤིག་ཐོབ་ནས་ད་ལྟ་ཤེས་ཡོན་ཅན་ཆགས་སྐབས་། རང་ཉིད་ཀྱི་ལྟོ་ཟ་ཟའི་སྣོད་དེར་མཆིལ་མ་འཕེན་འགོ་བཙུགས་ཀྱི་ཡོད་པ་དེ་ཚོ་ངོ་མ་ཞབས་འདྲེན་རང་རེད། རྗེས་མ་ཤི་བའི་སྐབས་ཡིན་ནའང་འདྲ་ཁ་ནས་ཁྲག་སྐྱུག་ནས་ཤི་རྒྱུ་ཉག་ཅིག་རེད། ང་ནི་རྒྱ་གར་གྱི་ནང་དུ་སྐྱེས་པའི་བོད་ཕྲུག་རྣལ་མ་ཞིག་ཡིན་ལ། ཕ་ཡུལ་གངས་ལྗོངས་ཀྱི་གྲིབ་ནག་ཙམ་ཡང་མཐོང་མ་མྱོང་མཁན་ཞིག་ཡིན། དེ་བས་ངས་དུས་དང་རྣམ་པ་ཀུན་ཏུ་བཙན་བྱོལ་གཞུང་དང་མི་མང་དཀྲུག་མཁན་རྣམས་མའོའི་ཡང་སྲིད་འཁྲུལ་མེད་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད།
གོང་གི་སྐད་ཆ་འདི་ཚོ་ངའི་སེམས་ཁོངས་ནས་འཕྱུར་ནས་ཡོང་བའི་སྐད་ཆ་ཞིག་ལས་བཅོས་མའི་ཚུལ་དུ་བྲིས་པ་ཞིག་རྩ་བ་ནས་མིན། མཐའ་དོན་ཁྱེད་ཀྱི་མ་འོངས་མི་ཚེའི་ནང་བྱ་བ་ལམ་འགྲོ་ཡོང་བ་དང་ནད་མེད་ཚེ་རིང་ངང་མི་ལུས་རིན་ཆེན་འདི་སྤྱོད་ཐུབ་པའི་སྨོན་ལམ་གྲངས་མེད་ཞུ་རྒྱུ་དང། མ་འོངས་ང་ཚོ་རྒྱལ་ས་ལྷ་སའི་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་མདུན་ཐང་དུ་མྱུར་དུ་མཉམ་འཛོམས་ཡོང་བ་ཞུ།
བོད། ཤ་ཁྲག་རུས་གསུམ་ལགས། སྐུ་ཉིད་འདི་ལྟར་ལར་ཞེན་གྱིས་བཞེངས་ན། ང་ཡང་ཉིད་ཀྱི་རྒྱབ་རྩ་རུ་བྲག་རི་བཞིན་བསྒྲེངས་སྙིང་འདོད།
ངུ་དགོད་ནི་རང་དབང་ན་ཡོད་པས་གལ་ཏེ་ཁྱེད་ལ་དངོས་གནས་ངུ་རྒྱུ་ཞིག་ཡོད་ན་ངུས་ཤིག་ལཱོ། མིག་ཆུ་རྫོགས་རག་བར་དུ་ངུ་རྒྱུ་ན་ལ་ཁྱེད་རང་གིས་ལྟོས།
ཨ་ལ་ཀུ་རེ་ཡིན། གནས་སྟངས་མང་པོ་མང་པོ་ཞིག་གིས་ང་ཚོ་ནམ་ཡང་
ངུ་དགོས་པའི་ཚད་ལ་ལྷུང་འཇུག་གིན་ཡོད། ང་ལ་མཚོན་ན་ངུས་ངུས་ནས་
ད་ནི་མིག་ཆུ་ཡང་ཟད་ཐག་ཆོད་སོང༌།
ཤ་ཁྲག་ལགས། སྙན་ངག་ཀློག་སྤྲོ་བོ་ཞིག་བྲིས་འདུག དེང་སང་ཁྱོད་སྙན་ངག་ལ་འཁོར་ཤུགས་ཆེ་གི་ར། ཨ་རོད། ཨ་ཡེ་གཞན་ལག་ཏུ་ཤོར་ཡོང་། ཕྱི་རྒྱལ་ནས་འདི་འདྲའི་ཕྱོགས་ནས་གུ་ཡངས་པོ་་ཡོད་རབས་བཤད་ཀ
སྙན་ངག་དེས་ཅུང་སེམས་འགུལ་ཐེབས་སོང་། ངོ་མ་སྙན་ངག་དེས་དམར་དམར་གླེང་འདུག་ཀཱ ཨ་ཡ་ཡ་
ཞོགས་པ་བདེ་ལེགས། བསམ་ཚུལ། ངུ་རྒྱུ་མེད་ན་ཨུ་ཚུགས་མ་རྒྱག རྗེས་མ་རེ་བ་རྒྱབ་ཁུག་ཆེན་པོ་གང་ཁུར་ཤོག་མ་གཏོགས་ཡང་རྫོགས་ཀྱི་རེད་ལོ། དུ་མི་མེད་ད་ང་འགྲོ་གི་ཡིན་ཇ་འཐུང་ཁོམ་མེད།