་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
ཕྱིར་ཡོང་བའི་ལམ་ཁར་བློ་བཟང་གིས་ལས་རོགས་རྒྱ་ཁོ་ལ། ཁྱེད་རང་གིས་བཤང་ཚོང་མ་ལ་འཁྲིག་པ་སྤྱོད་རྒྱུ་མིན་ན། ང་རང་དེ་རུ་འཁྲིད་དེ་རོགས་བྱེད་རོགས་ཟེར་ནས་བུད་མེད་དེ་དག་གི་གམ་དུ་སོང་དེ། བུད་མེད་རེ་ལ་སྒོར་མོ་ག་ཚོད་དགོས་མིན་སོགས་སྐད་དྲིས་དེ་ཅི་བྱེད། ངས་ཁྱེད་རང་ལ་སྒུག་ནས་བསྡད་ཡོད་པའི་སྐབས་དེར། བུད་མེད་གཉིས་ང་རང་ཡོད་སར་ཡོང་ནས་མགོ་ལ་རེག་པ་དང་ལུས་ལ་འཐམ་ནས་ནང་དུ་འགྲོ་ཟེར་ནས་ཨུ་ཚུགས་བྱས་སོང་ལ། ང་རང་ཁོང་ཁྲོ་སྐྱེ་བ་དང་སེམས་པ་སྐྱོ་བ་གང་ཡིན་མ་ཤེས་པར་བུད་མེད་དེ་གཉིས་ལ་འཕུད་རྒྱག་བཏང་བ་ཡིན་ཞེས་བཤད།
རྒྱ་ཁོས་མགོ་འཕུར་འཕུར་བྱེད་ཞོར་དུ། ཁྲོ་མ་བླངས། དེང་ཐོག་ངས་ངོ་མ་བུད་མེད་གཅིག་ལ་འཁྲིག་པ་སྤྱོད་དགོས་བསམ་མོད། ཁང་མིག་ཆུང་ཆུང་དེ་དག་གི་ནང་དུ་གད་སྙིགས་དང་འགྱིག་ཤུབ་དེ་དག་མཐོང་རྗེས་ང་རང་ཞེན་ཁ་ལོག་ནས་བྲོས་ཡོང་བ་ཡིན། རྗེས་མ་འདིར་མི་ཡོང་ཁོ་ཐག་ཡིན་ཟེར་ནས་ལན་བཏབ།
བློ་བཟང་དང་རྒྱ་ཁོ་གཉིས་འགྲོ་སའི་བཤང་ཁང་དེ་ནི་ཨང་གྲངས་དྲུག་བཅུ་རེ་བཞི་མ་ཡིན་པར། བཤང་ཁང་གཞན་ཞིག་ཡིན་པ་རྒྱ་ཁོས་ཤེས་འདུག་ན་ཡང་། ཟ་ཁང་དུ་སླེབས་རེག་བར་དུ་རྒྱ་ཁོས་བློ་བཟང་ལ་མ་བཤད་པ་རེད།
བློ་བཟང་གིས་དེ་ན་འུ་གཉིས་ལ་རྒྱ་གར་རྐང་གསུམ་འཁོར་ལོ་བ་དེས་མགོ་བསྐོར་བ་རེད་དམ། ཁྱེད་རང་གིས་ཨང་གྲངས་དྲུག་བཅུ་རེ་བཞི་མིན་པ་གང་འདྲ་ཤེས་སོང་ཞེས་དྲིས།
རྒྱ་ཁོས། རེད་འདུག རྒྱ་གར་བ་དེས་འུ་གཉིས་ལ་མགོ་བསྐོར་འདུག ཨང་གྲངས་དྲུག་བཅུ་རེ་བཞིའི་ནང་དུ་ང་རང་ཐེངས་ཤིག་ལ་གྲོགས་པོ་ཞིག་གིས་འཁྲིད་དེ་སོང་མྱོང་ཡོད། དོ་ནུབ་འུ་གཉིས་ཀྱིས་མཐོང་བའི་བུད་མེད་ནག་རིས་དེ་འདྲ་མ་ཡིན་པར། དངོས་ནས་ཤ་རྩ་དཀར་ཞིང་། ཆགས་ཉམས་དོད་པོ་དེ་འདྲའི་མང་བོ་འདུག་ཟེར་ནས་བཤད།
བློ་བཟང་གིས་གང་ཡིན་ན་ཡིན། རྗེས་ཕྱོགས་ངས་ཁྱེད་རང་ལ་འགྲོ་རོགས་བྱེད་མི་ཐུབ། ལྟས་ངན་བཤང་ཁང་དུ་ནད་ཚ་འགོས་རྒྱུར་མི་སྐྲག་གི་ཟེར་ཞོར་དུ་རྒྱ་ཁོའི་ཕྲག་སྟེང་ལ་ལག་པའི་ཤུགས་ཆུང་ཙམ་གཞུས།
བློ་བཟང་གིས་བུད་མེད་དེ་དག་དངོས་ནས་སྙིང་རེ་རྗེ་ཨང་། ཁོང་ཚོ་ལ་ཡང་། མི་ཡུལ་འདིར་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ཞིག་གི་ཨ་མ་བྱེད་འདོད་ལོས་ཡོད་ཀྱང་། འཚོ་བའི་དཀའ་ངལ་མ་ཐེགས་པར་ལམ་ཁ་འདིར་ཕྱིན་པ་ཡིན་རྒྱུ་རེད་སྙམ་ཞོར་དུ། རྐུབ་སྟེགས་སྒྲིག་ནས་རང་གི་ཉལ་ས་བཟོས།
ཟླ་ངོ་གསུམ་ལྷག་ནི་གར་སོང་ཆ་མེད་དུ་གྱུར། བློ་བཟང་གིས་ཉིན་གཉིས་རིང་དུ་ཟ་ཁང་གི་སྤྱིན་བདག་ཚང་ནས་ངལ་གསོས་དེ་བསྡད་ཡོད་པའི་སྐབས། སྤྱིན་བདག་གིས་བློ་བཟང་ཁྱེད་རང་ལ་ཨ་ཅག་ཞིག་ཐུག་འཕྲད་བྱེད་དུ་སླེབས་སོང་ཟེར་ནས་སྒོ་ཕྱེ་ནས་ནང་དུ་ཡོང་ཞོར་དུ་བཤད།
བློ་བཟང་གིས་ཞིབ་དུ་བལྟས་དུས། ཨ་ཅག་དེ་ནི་དར་རྒྱས་གླིང་ནས་ལྡི་ལུ་ལ་ལུ་ཀེ་ལར་དགུན་ཚོང་བྱེད་དུ་ཡོང་བའི་ཨ་ཅག་གཉོམ་ཆུང་། ཞི་དུལ། བག་ཡོད་ཅིག་ཡོད་པ་དེ་ཡིན་པ་ཤེས་མ་ཐག བློ་བཟང་ཅུང་ཡ་མཚར་ཞོར་དུ་ཡར་བླངས་དེ་ཨ་ཅག་ཡར་ཕེབས་ཟེར་ནས་བསུ་བ་བྱས།
ཨ་ཅག་དེས་རང་གི་རྒྱབ་ཁུག་ནང་ནས་ཁོག་སྟོད་དགུན་ལ་གསར་བ་ཞིག་དང་རྐང་ལམ་གསར་བ་ཞིག ཤོག་བུའི་ནང་དུ་བཏུམ་ནས་ཡོད་པའི་ཧིན་སྒོར་དང་བཅས་བློ་བཟང་ལ་སྤྲོད་ཞོར་དུ། བློ་བཟང་ཁྱེད་རང་དངོས་ནས་ཐུགས་རྗེ་ཆེ། ཁྱེད་རང་གིས་ང་ལ་ཟླ་གསུམ་གྱི་རིང་དུ་ཅ་ལག་བསྡུ་གསོག་རྒྱག་རོགས་དང་དོལ་ཁང་དུ་བསྐྱེལ་རོགས་བྱས་པའི་བཀའ་དྲིན་ཞུ་ཆེད་དུ་འདི་ན་མང་བོ་མེད་ཀྱང་། ང་རང་གི་སེམས་པ་མཚོན་བྱེད་ཅིག་ཡིན་པས་ལེན་རོགས་ཞུ་ཟེར་ནས་བློ་བཟང་གི་ཕྱོགས་སུ་གཏད།
བློ་བཟང་དེ་ལས་ཀྱང་དོག་མི་བདེ་བ་དང་ངོ་གདོང་ཡང་དམར་པོ་ཆགས་ནས། ཨ་ཅག་ལགས། དེ་འདྲ་བྱེད་དགོས་པ་མ་རེད། ང་རང་ཕྱི་དྲོ་ལས་ཀ་མེད་པར་ཁྱེད་རང་ལ་རོགས་རམ་ཞིག་བྱས་པ་དེར་དེ་འདྲའི་སེམས་འཚབ་བྱེད་དགོས་དོན་མེད་པ་རེད། ཁྱེད་རང་གིས་དེ་ལྟར་བསམ་ནས་འདི་རུ་ཕེབས་པ་ཙམ་གྱིས་ང་རང་དགའ་ནི་ཡིན། ང་རང་ལ་དངོས་ནས་མི་དགོས་ཟེར་ནས་ལག་པ་ནང་དུ་བཀུམ།
སྐབས་དེར་བློ་བཟང་གིས་ལས་ཀ་བྱེད་སའི་སྤྱིན་བདག་གིས་སྐྱོན་ནི་མ་རེད་ལེན་ཕྱོགས། ཨ་ཅག་ཁོ་རང་གི་སེམས་པ་མཚོན་བྱེད་ཙམ་རེད། དེ་ཡིན་དུས་མ་བླངས་པ་ཡིན་ན་ཨ་ཅག་ཁོ་རང་སེམས་འཕོང་གི་རེད་ཅེས་བཤད།
ཨ་ཅག་གིས་ཀྱང་མུ་མཐུད་དུ་གསུངས་དོན། བློ་བཟང་ཁྱེད་རང་ཕྱིར་རྡ་སར་སོང་ན། ནམ་ཟླ་ཇེ་འཁྱག་ལ་འགྲོ་བཞིན་ཡོད་སྟབས། དངོས་ནས་དྲང་གནས་ཀྱིས་གོན་པ་དྲོན་པོ་ཞིག་ཡོད་ན་ཕན་ཐོག་ནི་རེད། ངས་ཁྱེད་རང་ལ་རྔན་པ་སྤྲོད་རྒྱུའི་ཆེད་དུ་འདི་དག་གསར་དུ་ཉོས་པ་མིན། ང་རང་གི་ཅ་ལག་ནང་ནས་ལྷག་པ་རེད། ཁྱེད་རང་གིས་མ་བླངས་ན་ང་རང་དངོས་ནས་སེམས་པ་སྐྱོ་ས་རེད། ད་ལོ་ང་རང་ལ་ཚོང་ཡང་ཡག་པོ་བྱུང་འདུག འདི་ཙམ་གྱིས་ང་རང་ལ་གང་ཡང་གནོད་ཀྱི་མ་རེད་ཅེས་ཨུ་ཚུགས་བྱས།
བློ་བཟང་གིས་གོན་པ་དེ་དག་ཨ་ཅག་ཁོ་རང་གིས་ཚོང་རྫས་ནང་ནས་ལྷག་པ་མིན་པ་ཁོ་རང་གིས་གསལ་བོ་ཤེས་ཀྱི་ཡོད་པ་རེད། ད་ནི་མ་བླངས་ན་སེམས་པ་འཕོང་ས་རེད་སྙམ་ཞོར་དུ། སྒོར་མོ་དེ་དག་ང་དངོས་ནས་མི་དགོས། ཁྱེད་རང་གི་ནང་མི་དག་ལ་ལག་སྐྱེས་རེ་ཉོ་སྤྱད་བྱོས། གོན་པ་ངས་ལེན་ཆོག་ཟེར་ནས་ལག་པ་དེ་ཕར་བསྲིངས།
བློ་བཟང་རྡ་སར་འགྲོ་བའི་རླངས་འཁོར་གྱི་ས་ཚིགས་སུ་འགྲོ་ཁར། ལས་ཀ་བྱེད་སའི་ཟ་ཁང་གི་སྤྱིན་བདག་གིས། བློ་བཟང་རྗེས་ཕྱོགས་ལྡི་ལུར་ག་དུས་ཡོང་ན་ངེད་གཉིས་ཀྱི་ནང་དུ་ཤོག་དང་། ད་ནི་འུ་ཚོ་ངོ་ཤེས་ཆགས་པ་རེད། འདུག་ས་ཞིག་ཉན་ནི་རེད་ཅེས་བཤད་དུས། རྒན་མོས་ཀྱང་། རེད་རེད། བློ་བཟང་རྗེས་མ་ལྡི་ལུར་ཡོང་དུས་འདིར་ཡོང་རྐྱང་བྱོས་ཟེར་ནས་བཤད།
བློ་བཟང་གིས། ཡ་ཡ་། ཐུགས་རྗེ་ཆེ་ལགས། ཡོང་ཁོ་ཐག་ཡིན་ཟེར་ནས་རྡ་སར་འགྲོ་བའི་རླངས་འཁོར་ས་ཚིགས་ཕྱོགས་སུ་ལམ་ལ་འབུད།
མུ་འགོད།
འབུར་ཐོ་ལགས། སྐད་ཆ་གོ་སོང་། སེམས་པ་དགའ་ཡོད། དྲ་ཁང་གཞན་ཞིག་ནས་ཀློག་རྗེས་སུ་བསམ་ཚུལ་རེ་གསུང་རྒྱུ་མ་བརྗེད་ཅིག
ཤ་ཁྲག་རུས་གསུམ་ལགས། ངས་སྒྲུང་རྩོམ་དེ་ཀློག་འདོད་ཞེ་དྲག་བྱུང་། འོན་ཀྱང་དེ་རིང་ང་ཡོད་སའི་རྩིས་འཁོར་འདིའི་ནང་ནས་ཡི་གེ་ཆུང་ཆུང་རེད་འདུག དེས་སྟབས་ཀྱིས་ཀློག་ཐུབ་མ་སོང་། རྗེས་མར་དྲ་ཁང་གཞན་པ་ཞིག་ནས་ཀློག་གི་ཡིན།
བསེ་རུ་ལགས། བརྙན་འཕྲིན་རྒྱུན་མཐུད་འདི་ལ་གཉོབ་སྣང་ཞིག་སྐྱེ་བཞིན་ཡོད་ནི་མིན་ན་ལགས། དངོས་ནས་སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད་ཟེར་བའི་འཁྲབ་གཞུང་འདིས་ནང་དུ་ལེའུ་མི་ཉུང་བ་ཞིག་ཡོད་ངེས་ཡིན་ན། བདག་གིས་བྲིས་ཚར་རྗེས་སྐུ་ཉིད་འཁྲབ་ཁྲིད་འགན་འཛིན་བྱས་དེ་གློག་བརྙན་ཞིག་བཟོས་པ་ཡིན་ན་དངོས་ནས་རྒྱུ་ཐོག་ལ་རྒྱག་ངེས་ཡིན།
རེད་ལགས། བློ་བཟང་འདི་ད་དུང་སྡོམ་པ་ཤོར་ཡོད་ནི་མ་རེད་ལགས། དེ་མ་ཤེས་པ་རེད་དམ། དངོས་ནས་བསེ་རུ་ལགས། གྲྭ་ལ་འཕུད་པའི་ཉིན་ནས་སྡོམ་པ་ཤོར་བ་ནི་ཡིན་རྒྱུ་མ་རེད་ལགས།
དུར་ཁྲོད་ལགས། དངོས་ནས་ཞེན་རྩ་འཁྱག་པར་གཏོང་མཁན་གྱི་མི་ངན་ང་འདྲ་བ་མི་ཉུང་བ་ཞིག་ཡོད་ཀྱང་། དེ་དག་ལ་བལྟས་དེ་སེམས་ཤུགས་མི་ཆགས་པར་མདུན་བསྐྱོད་བྱེད་རྒྱུར་རེ་སྐུལ་ཞུ་ལགས། མི་ལ་སྙིང་རུས་ཤིག་དང་། ཆུང་དུས་ནས་རྒྱུད་དུ་བཞག་པའི་བག་ཆགས་ཟབ་མོ་ཞིག་ཡོད་རྒྱུ་དེ་ནི་གལ་ཆེན་ཡིན། དེ་ཡོད་མཁན་གྱི་འུ་ཅག་ད་དུང་གསོན་ཡོད་པ་དངོས་ནས་བྱེད་རྒྱུ་ཞིག་ཡོད་ངེས་ཡིན་པར་སྙམ། རང་རང་ས་ནས་གང་ཐུབ་ཅིག་བྱེད་དགོས་པར་བསམ་གྱི་ཡོད། མི་ངན་ང་ཡང་ཐུབ་ཚོད་ཅིག་གང་དུ་བསྡད་ཡོད་མེད་ལ་མ་བལྟས་པར་འདུར་ཁུལ་བྱེད་ཀྱི་ཡོད་ལགས།
གྱེར་ནག་ཚང་ཕེབས་འདུག ཀློག་ཁོམ་མེད་པ་ཁག་མེད། མི་རེད་ལ་རང་རང་གི་ཁོམ་པ་ཡོད་མེད་ཅིག་ཡོད་ངེས་རེད་བསམ་ཤེས་བྱེད་ངེས་ཡིན་ལགས།
གནམ་ལྕགས་ལགས་ཀྱིས་གསུངས་པ་དེར་སེམས་སུ་བཟུང་དེ་ཤུ་རེ་བྱེད་ངེས་ཡིན། བསྟོད་བསྔགས་གནང་བ་དེར་ཐུགས་རྗེ་ཆེ་ལགས།
གཉན་མདང་ཕོ་ཉ་ལགས་གོང་མཚུངས་གྱེར་ནག་ལ་ཞུས་པ་དང་གཅིག་མཚུངས་ཡིན་ལགས།
བོད།ཤ་ཁྲག་རུས་གསུམ་ལགས།
མི་རིགས་རྨོངས་འཐོམ་ཞིག་ལ་རེ་བ་ཡོད་ན།་
མི་རིགས་དར་རྒྱུས་ཤིག་ལ་འབྱུང་འགྱུར་ཨེ་ཡོད།
ཨོ་དྲ་གྲོགས་་་བཤད་རྒྱུ་ཞིག་ལ་འུ་ཚོའི་སྤྱི་ཚོགས་
ནང་ལ་དར་ཁུམ་བྱེད་མཁན་མི་གི་མོད།
རང་ཉིད་ཁོ་ན་མ་གཏོགས་བསམ་མཁན་མེད་ག།།
ལྷག་པར་བཙན་བྱོལ་ནང་གི་རྩོམ་པ་པོ་ག་གེ་མོ་
ཞིག་ལ་མི་རིགས་ཀྱི་་འགན་འདུ་མེད་གི་འདོད
བོད།ཤ་ཁྲག་རུས་གསུམ་ལགས།
མི་རིགས་རྨོངས་འཐོམ་ཞིག་ལ་རེ་བ་ཡོད་ན།་
མི་རིགས་དར་རྒྱུས་ཤིག་ལ་འབྱུང་འགྱུར་ཨེ་ཡོད།
ཨོ་དྲ་གྲོགས་་་བཤད་རྒྱུ་ཞིག་ལ་འུ་ཚོའི་སྤྱི་ཚོགས་
ནང་ལ་དར་ཁུམ་བྱེད་མཁན་མི་གི་མོད།
རང་ཉིད་ཁོ་ན་མ་གཏོགས་བསམ་མཁན་མེད་ག།།
ལྷག་པར་བཙན་བྱོལ་ནང་གི་རྩོམ་པ་པོ་ག་གེ་མོ་
ཞིག་ལ་མི་རིགས་ཀྱི་་འགན་འདུ་མེད་གི་འདོད
བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་འདིར་ལེའུ་ག་ཚོད་ཡོད་དམ།
སྦྱིན་བདག་མི་དགོས། གྲྭ་པ་མི་བྱེད། ཅེས་པའི་མིང་དེས་འཁྲབ་ཚན་དེའི་ལེའུ་ཆ་ཚང་མར་ཁྱབ་ཐུབ་པའི་མིང་ཞིག་ཡིན་ནམ།
དེ་ནི་ཀློག་པ་པོ་ཚོས་ཀློག་གིན་ཀློག་གིན་མིང་དང་སྒྲུང་གི་ནང་དོན་བར་གྱི་འབྲེལ་བར་ཡང་བསམ་བློ་གཏོང་གིན་ཕེབས་དགོས་པ་མ་རེད་དམ།
ཧ་ཧ་ཧ།
དེང་སང་ཡག་པོ་ཀློག་ཁོམས་མི་འདུག
མུ་མཐུད་དུ་ཕྲིས།རྗེས་སུ་བསྐྱར་དུ་བཟོ་བཅོས་རྒྱག་ཆོག
ཡག་པོར་མཐོང་སོང་།
གྲོགས་པོ་ལགས།
དགོངས་པ་མ་ཚོམས། ཚང་མ་ཀློག་ཁོམས་མ་བྱུང་།
ཤ་ཁྲག་རུས་གསུམ།
ཁོ་བོ་ཡང་འདིར་ཡོང་ནས་ཀློག་བཞིན་ཡོད།
སྐར་ཁྲི་བཙན་ལགས། སེམས་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ལགས། སྤུན་ཟླ་ཟེར་བ་དེ་ནི་གཏན་ནས་འདྲ་རྒྱུ་ཞིག་མི་འདུག འདི་ནི་དྲ་བ་ཡོད་པའི་དགོས་མཁོ་དང་སྤུན་ཟླ་དང་ས་ཕྱོགས་གང་དུ་ཡོད་མིན་ལ་མ་བལྟས་པར་ཕན་ཚུན་འགན་འཁུར་ལེན་བཞིན་པའི་བརྩེ་བ་དེ་རེད། དངོས་ནས་དགའ་ཡོད།
བོན་རྒྱ་ཚང་ཚར་གཅིག་ཕེབས་ནས་བསྟོད་བསྔགས་ཤིག་གནང་བ་དེ་ཕྱིན་འདུག་པ་དེར་དགའ་བསུ་ཞུ།
གཅན་བཟོད་རྒྱམ་ལགས། དེ་རིང་ཡོང་ནས་ཁ་ཡང་མ་གྲགས་པར་བུད་སོང་འདུག ཨ་ལ་ཀུ་རེ་ཡིན། རྗེས་ཕྱོགས་བསམ་ཚུལ་གང་ཡོད་དེ་གསུང་རྒྱུ་དེ་ནི་ཁྲིམས་དཔོན་གཞོན་པའི་འགན་རེད་ལགས། རེ་བ་ཡོད།
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས། ཁྱེད་ཚང་ལ་ཡོང་ཁོ་ཐག་ཡིན། རྗེས་མ་ཁོམ་པ་ཡོད་དུས་ཕེབས་རྐྱང་བྱོས།
ཐོག་མར་ཁ་བ་དཀར་པོ་ལགས། ཨ་རྒ་དགོན་པོ་དོན་འགྲུབ་གྲོངས་ནས་ཟླ་ངོ་ཁ་ཤས་ཤིག་ཕྱིན་ཚར་བ་རེད། དེའི་སྐབས་སུ་ངས་སྙན་ངག་ཐུང་ཐུང་ཞིག་ཀྱང་ཟིན་བྲིས་ནང་དུ་སྤེལ་ཡོད། སྐུ་ཉིད་ཀྱིས་ཐུགས་སྙམ་མ་བཞག་པ་རེད་མ་གཏོགས།
ཉིད་ཀྱིས་ཡིག་ནོར་གཅིག་བཟུང་བ་དེར་དངོས་ནས་ད་ལྟ་རང་བཅོས་ཡོད། ཐུགས་རྗེ་ཆེ་ལགས། རྗེས་ཕྱོགས་ཀྱང་ཁོམ་དུས་སུ་དེ་འདྲ་གནང་རྒྱུ་མ་བརྗེད་ལགས།
བོད་ལགས།ཤ་ཀླན་ཚང་ལ་ཤོ ག་དང་སྐད་ཅིག་བཞག་ཡོད།ངས་ད་ཐེངས་ཁྱེད་ཀྱི་སྒྲུང་དེ་ཡག་པོ་ཞིག་ཀློག་མ་ཐུབ་མོད།རྗེས་སུ་ཁོམ་པ་ཡོད་དུས་ཤིག་ལ་ཚན་པ་ཆ་ཚང་བཀླག་གི་ཡིན།
བླ་བྲང་ཨ་ཅག་མགོན་པོ་མཚོའི་ཁ་པར་ཨང་གྲངས༩༨༤༡༢༣༥༤༣༩ དེན་མིན་བལ་ཡུལ་རྒྱལ་ཁབ་ཀྱི་ཨང་གྲངས ༠༠༩༧༧ མི་འཕྲོད་པའི་དཀའ་ངལ་བྱུང་ཚེ་༠༠༩༧༧གྱི་སྟེང་དུ་༡སྣོན
ང་ཡོང་ནས་བུད་སོང་།
ཤ་ཁྲག་ལགས། ་དངོས་སྒྲུང་གསལ་བོ་ཞྀག་བྲིས་འདུག ཡག་པོ་རེད།
ཡ་ཡ་ཁྱོའི་བློ་བཟང་གི་སྒྲུང་ཕྲིས་དང་ངས་ཁྱོད་ལ་མགོན་པོ་མཚོའི་ཁ་པར་ཨང་གྲངས་རྙིང་པ་དེ་འགྲོ་གི་མི་འདུག་མོད་གསར་པ་ཞིག་ཡོད་པ་འདྲ། ངས་ཁྱོད་ལ་ཐབས་ཤེས་འཐེན་ཡོང་།
སྤྱིར་ན་ང་ནི་རང་གི་ཡིག་ནོར་ལ་བདག་པོ་རྒྱག་མ་ཐུབ་ནས་ལྷགས་བསྡད་ཡོད་པ་ཞིག་ཡིན། ཡིན་ན་ཡང་མི་གཅིག་གི་ཡིག་ནོར་གཅིག་ལ་དག་བཅོས་བྱེད་ཐུབ་ན་ཡང་བོད་པའི་ཡི་གེ་འདིའི་ཞབས་འདེགས་རེད་བསམ་བཞིན་ཡོད།
ཨོ། བྱང་ཚོང་མ་ཞེས་པའི་བྱང་དེ་བཤང་ལ་སྒྱུར་རོགས། སྤྱིར་ན་ཁྱོད་ལ་ཡིག་ནོར་ཧ་ཅང་ཉུང་། དགོངས་པ་མ་ཚོམས་འདི་ཙམ་ཐལ་སོང་།
ཨ་ཧ། མགོན་པོ་དོན་གྲུབ་གྲོངས་སོང་ངམ། ག་རེ་བྱས་ནས། ཁོང་ད་དུང་དགུང་ལོ་དེ་ཙམ་ཆེན་པོ་ཞིག་མ་རེད། སྙིང་རྗེ། གཞུང་ཞབས་ཞུས་ནས་ལོ་དེ་སྙེད་ཅིག་སོང་བ་རེད། མི་ཡ་རབས་གཉོམ་ཆུང་ཞིག་ཡོད།
སྐར་ཁྲི་བཙན་ལགས། སྐུ་ཉིད་བལ་ཡུལ་དུ་ཡོད་པ་དངོས་ནས་ཡིན་ན། ང་རང་ལ་སྣེ་ལེན་ཁང་དུ་ལོ་མང་རིང་ཕྱག་ལས་གནང་བའི་ཨ་རྒ་དགོན་པོ་དོན་འགྲུབ་ཐོ་རིས་པོའི་བཟའ་ཟླ་ཨ་ཅེ་མགོན་པོ་འཚོའི་ཁ་པར་ཨང་གྲངས་ཤིག་གང་མགྱོགས་མགྱོགས་ཤིག་རེག་ཐབས་མི་འགྲིག་ག ང་ལ་དངོས་ནས་དགོས་འཁོ་ཆེན་པོ་ཞིག་དང་འཕྲད་སོང་ལགས། ཨ་རོགས། མ་བརྗེད་ཅིག ང་དྲ་ཐོག་དུ་མི་འགྱངས་པར་ཡོང་ནས་ཁྱེད་རང་ལ་ལན་དུ་སྒུག་ངེས་ཡིན། དྲིན་ཆེན་པོ་ཨ་ཅེ་དགོན་པོ་འཚོའི་ཁ་པར་ཨང་གྲངས་ཤིག་ཁྱོད་ཡིན།