་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
རྡ་སར་འགྲོ་བའི་རླངས་འཁོར་ས་ཚིགས་སུ་འབྱོར་ནས་རླངས་འཁོར་གང་ཡིན་འཚོལ་བཞིན་པའི་སྐབས་སུ། ཕ་ཡུལ་ནས་བཟུང་དེ་ངོ་ཤེས་པའི་གྲོགས་པོ་ཞིག་དང་འཕྲད། གྲོགས་པོ་དེའི་མིང་ལ་བདེ་གྲོལ་ཟེར་བ་དང་ཁོང་བཟའ་མི་གཉིས་རྡོར་གདན་ལ་སོང་དེ་རྙིང་མའི་སྨོན་ལམ་སྐབས་སུ་ཚོང་ཙག་ཙག་རིགས་བརྒྱབ་དེ་ད་ཆ་ཕྱིར་རྡ་སར་འགྲོ་བཞིན་ཡོད་པ་སོགས་ཞིབ་དུ་བདེ་གྲོལ་གྱིས་བློ་བཟང་ལ་བཤད།
བློ་བཟང་གིས་རང་གི་གནས་ཚུལ་ཚང་མ་བདེ་གྲོལ་ལ་བཤད་དུས། བདེ་གྲོལ་གྱིས་ད་དེ་ན་ཕྱིར་རྡ་སར་སླེབས་ནས་ལོ་སར་ཡང་སླེབས་གྲབས་འདུག འདུག་ས་རེག་མིན་སོགས་ལ་བསམ་བློ་མ་གཏོང་། ངེད་གཉིས་ལ་འདུག་ས་ཡོད་ལ་ལོ་སར་གྱི་སྔ་གཞུག་ཚང་མ་ལ་འགྲོ་སོང་སྐར་གང་ཡང་གཏོང་མི་དགོས། ལོ་སར་རྗེས་སུ་ངས་རྒན་མོར་རྡ་ས་མེག་ལོར་དུ་ངོ་ཤེས་མི་ཉུང་བ་ཞིག་ཡོད་པས་ཁྱེད་རང་ལ་ཁང་བ་ཞིག་བཙལ་ཆོག་ལ། ལས་ཀ་ཡང་རེག་འགྲོ་ངེས་ཡིན་ཞེས་བཤད།
བློ་བཟང་གིས་བདེ་གྲོལ་བཟའ་མི་གཉིས་ཀྱིས་སྐད་ཆ་དེ་དག་ཐོས་རྗེས་སུ་སེམས་གཏིང་དུ་དགའ་བ་ཚད་མེད་ཅིག་སྐྱེ་ཞོར་དུ། བདེ་གྲོལ་བཟའ་མི་གཉིས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞེས་བཤད།
ལོ་སར་ཁོང་ཚོ་གསུམ་གྱིས་ལྷན་དུ་རོལ་བ་དང་ལོ་སར་མ་ཐག ཉིན་བཅུའི་རིང་དུ་སྟོད་པ་སྐྱིད་སྡུག་ཚོགས་པའི་སྤྲོ་སྐྱིད་ལ་བདེ་གྲོལ་གྱི་རྒད་མོས་ཁ་ལག་བཟོ་བའི་མ་བྱན་བྱེད་རྒྱུའི་ལས་ཀ་ཞིག་རེག་ཡོད་སྟབས། བློ་བཟང་ལ་ཡང་ཉིན་རེར་ཧིན་སྒོར་བརྒྱ་རེ་སྤྲོད་རྒྱུ་བྱས་དེ་བདེ་གྲོལ་གྱིས་རྒད་མོའི་ལྷན་དུ་ཉིན་བཅུའི་རིང་དུ་ཁ་ལག་བཟོ་རོགས་བྱས། བློ་བཟང་གིས་ཉིན་བཅུའི་རིང་དུ་སྔར་ཤེས་ཀྱི་སྟེང་ལ་བདེ་གྲོལ་གྱི་རྒད་མོས་ས་ནས་ཁ་ལ་བཟོ་སྟངས་ཀྱང་མི་ཉུང་བ་ཞིག་ཀྱང་ཤེས་པ་རེད།
བདེ་གྲོལ་གྱིས་རྒན་མོས་ཐབས་ཤེས་གནང་བ་ལྟར། བློ་བཟང་ཁོ་རང་ལ་མི་གཅིག་ལ་རན་པའི་ཁང་ཆུང་སྒོ་ལས་སྒེའུ་ཁུང་མེད་པ་ཞིག་སྟོད་པ་གྲོང་གསེབ་དུ་རེག བདེ་གྲོལ་གྱིས་བློ་བཟང་ལ་སེམས་འཁྲལ་མ་བྱེད། ཁྱེད་རང་ལ་ལས་ཀ་ཞིག་་ཀྱང་མི་འགོར་བར་བཙལ་ཐབས་བྱེད་ཆོག་ཟེར་ནས་བཤད།
བློ་བཟང་གིས་ཉིན་གྲངས་བཅུ་ལྷག་ཞིག་ལ་ལས་ཀ་མེད་པར་དེབ་རེ་ཀློག་དེ་ཁང་ཆུང་ནང་དུ་བསྡད་ཡོད་པའི་སྐབས་ཤིག་ལ། ཐག་ཐག་ཐག་ཟེར་ནས་སྒོ་བརྡུང་བའི་སྒྲ་ཞིག་ཐོས་དུས། བློ་བཟང་གིས་ལག་ནང་གི་དེབ་དེ་ཕར་ཉལ་ཁྲིའི་སྒང་དུ་བཞག་ནས་སྒོ་ཕྱེ།
བདེ་གྲོལ་གྱིས་རྒད་མོས། བློ་བཟང་ཁྱེད་རང་ལ་ལས་ཀ་ཞིག་རེག་སོང་ཟེར་ཞོར་ནང་དུ་འཛུལ་ནས་བློ་བཟང་གི་ཉལ་ཁྲིའི་ཟུར་དུ་བསྡད། བློ་བཟང་གིས་སྒོ་འགྲམ་ནས་ཡར་བླངས་ཞོར་དུ་དངོས་ནས་བཟང་གི་ཡ་ཟེར་ནས་གདོང་ཡོངས་ལ་འཛུག་ཞིག་རྒྱས་དེ་བདེ་གྲོལ་གྱིས་རྒད་མོས་གང་ཞིག་བཤད་པར་བལྟས་དེ་བསྡད།
ལས་ཀ་བྱེད་ས་ནི་དངོས་ནས་ཡག་པོ་འདུག ཡིན་ཡང་། གླ་ཆ་ཧིན་སྒོར་བརྒྱད་བརྒྱ་དང་འདུག་སའི་ཁང་བ་ཞིག་སྤྱིན་བདག་དེས་ཁྱེད་རང་ལ་སྤྲོད་ཆོག་ཟེར་བ་མ་ཟད། གློག་རིན་ཆུ་རིན་སོགས་སྤྱིན་བདག་ཁོ་རང་གིས་སྤྲོད་ཆོག་ཟེར། སྤྱིན་བདག་ནི་སྐྱིད་རོང་གྲོང་གསེབ་ནང་གི་ཁྱིམ་ཚང་ཕྱུག་ཤོས་ཤིག་རེད། ཁོ་རང་ལ་ཟ་ཁང་ནང་དུ་ལས་ཀ་བྱེད་མཁན་བོད་པ་ཞིག་དགོས་ཀྱི་ཡོད་ལ། རང་གི་རིགས་ལ་ཡིད་ཆེས་བློས་འགེལ་བྱེད་ཆོག་སྟབས། ཁོ་རང་ཁྱེད་རང་འཁྲིད་དེ་ཁོས་སར་སང་ཉིན་ཐུག་འཕྲད་བྱེད་དུ་ཤོག་ཟེར། སྤྱིར་ན་གླ་ཆ་དངོས་ནས་ཆུང་ཆུང་རེད་ཟེར་ཆོག་ཡང་། འདུག་སའི་ཁང་བ་རིན་མེད་ཡིན་དུས་དངོས་ནས་ལྟ་ས་ཡག་པོ་འདུག་ཟེར་ནས་བཤད།
བློ་བཟང་གིས་བདེ་གྲོལ་གྱིས་རྒད་མོ་ལ་བཀའ་དྲིན་ཆེ། ང་རང་ལ་དེ་འདྲའི་ལས་ཀ་ཞིག་དངོས་ནས་རེག་ཁག་པོ་རེད། གླ་ཆ་མང་བོ་མེད་ཀྱང་མི་སྐྱོན། ཐོག་མར་གནས་བཅའ་ས་ཞིག་རེག་པ་དེ་ཙམ་གྱིས་ང་རང་དགའ་ནི་ཡིན། དེས་ན་ང་རང་ཁང་ཆུང་འདི་ཕྱིར་སྤྲོད་དགོས་དུས། ང་འདིར་བསྡད་དེ་ཟླ་གཅིག་ཡང་ཕྱིན་མི་འདུག་ན་ག་རེ་བྱེད་ཅེས་དྲིས།
བདེ་གྲོལ་གྱིས་རྒད་མོས། བློ་བཟང་ལ་དེར་ཁྱེད་རང་གིས་སེམས་འཁྲལ་མ་བྱེད། སང་ཉིན་ངས་ཁང་བདག་ལ་གནས་ཚུལ་གསལ་བོ་བཤད་དེ་རྩིས་བརྒྱབ་ན་འགྲིག་གི་རེད། སང་ཉིན་ཆུ་ཚོད་བཅུ་གཉིས་སྟེང་ལ་ཁྱེད་རང་ངེད་ཚང་དུ་ཤོག་དང་། དེ་ནས་འུ་གཉིས་ཟ་ཁང་གི་སྤྱིན་བདག་ལ་ཐུག་འཕྲད་བྱེད་དུ་འགྲོ་ཟེར་ནས་ཉལ་ཁྲིའི་སྟེང་ནས་ཡར་བླངས་དེ་ཁང་ཆུང་དེ་ལས་ཕྱིར་བུད།
བློ་བཟང་གིས་མགོ་བོ་སྒུར་ནས་བསྡད་ཡོད་ལ། བདེ་གྲོལ་གྱིས་རྒད་མོས་སྤྱིན་བདག་ལ་འདི་ལྟར་བཤད། ཁོའི་མིང་ལ་བློ་བཟང་ཟེར་བ་དང་། ཁོ་རང་དངོས་ནས་མི་ཡག་པོ་ཞིག་ཡོད། ཁྱེད་རང་གིས་ཡིད་ཆེས་བྱེད་ཆོག་པ་ཡིན། གལ་སྲིད། ནོར་འཁྲུལ་འདྲ་བྱུང་ན་ཚང་མ་ང་རང་གི་འགན་ལེན་བྱེད་ཆོག ང་རང་ནི་འདིར་བསྡོད་མཁན་ཡིན་པའི་ཁྱེད་རང་གི་ཤེས་གསལ་རེད། ཁོ་རང་ངའི་བཟའ་ཟླའི་ཕ་ཡུལ་གཅིག་པ་ཡིན། ངའི་བཟའ་ཟླ་དང་ཁོ་གཉིས་ཕ་ཡུལ་ནས་བཟུང་དེ་ངོ་ཤེས་རེད་སོགས་བསྟོད་པ་ལུང་བ་བཀང་བྱས། དེ་དུས་བློ་བཟང་ནི་འབག་སྐུ་ཞིག་དང་འདྲ་བར་བདེ་གྲོལ་གྱི་རྒད་མོ་དང་སྤྱིན་བདག་གསར་བ་དེ་གཉིས་ཀྱི་བར་དུ་བླངས་དེ་བསྡད་ཡོད།
སྤྱིན་བདག་དེས་བློ་བཟང་ལ་འདི་ལྟར་བཤད། སྤྱིར་ན་ང་རང་གི་ཟ་ཁང་ནི་ཆུང་ཆུང་ཞིག་ཡིན་ལ་མགྲོན་པོ་ཡང་མང་བོ་མེད། ད་ལྟ་ཟ་ཁང་ནང་དུ་བལ་ཡུལ་བ་ཕོ་གསར་ཁྱེད་རང་འདྲ་བ་གཅིག་ལས་མེད། ཁྱེད་རང་གིས་ཟ་ཁང་ནང་གི་འགན་འཛིན་དང་ནང་ལ་གཙང་མ་བཟོ་བ། དེ་མིན་ཅ་དངོས་ཚང་མ་ལ་འགན་ལེན་བྱེད་དགོས་ཀྱི་ཡོད་པ་རེད། གླ་ཆའི་བསྐོར་དེ་ཁྱེད་རང་ལ་སྒྲོལ་མས་བཤད་ཡོད་པ་དེ་རེད། ཟླ་བ་ཁ་ཤས་འགོར་ན་ངས་ཁྱེད་རང་ལ་གླ་ཆ་འཕར་ཆོག ཁྱེད་རང་ལ་ནད་ཚ་འདྲ་བྱུང་སོང་བ་ཡིན་ན་སྨན་རིན་ངས་སྤྲོད་ཆོག ཁྱེད་རང་ལ་སྐྱབས་བཅོལ་ལག་ཁྱེར་ཨེ་ཡོད་ཅེས་དྲིས།
སྐབས་དེར་བློ་བཟང་འགུལ་ཙམ་བྱེད་ཞོར་དུ། ཡོད་ལགས་ཟེར་ནས་ལན་བཏབ། མུ་མཐུད་དུ་སྤྱིན་བདག་གིས་བཤད་རྒྱུར། ངས་ཁྱེད་རང་ལ་སྐྱབས་བཅོལ་ལག་ཁྱེར་ཨེ་ཡོད་ཅེས་འདྲི་དོན་ནི། ངའི་ཟ་ཁང་ནང་དུ་སྤི་རག་ཚོང་གི་ཡོད་སྟབས། མཚམས་རེར་མགོ་སེར་དེ་ཚོས་སྐད་ཆ་འདྲི་སྲིད་པ་རེད། མེད་ན་ངས་ཁྱེད་རང་ལ་བཟོ་རོགས་བྱེད་དགོས་བསམ་སོང་། ཁྱེད་རང་གིས་རྒྱ་གར་སྐད་ཨེ་ཤེས་ཟེར་ནས་དྲིས།
བློ་བཟང་གིས་མགོ་བོ་ཐད་དུ་གཡུགས་ཞོར་དུ། མི་ཤེས་ལགས།
སྤྱིན་བདག་གིས་ག་ལེར་ཤེས་འགྲོ་ངེས་རེད། གལ་སྲིད། མགོ་སེར་དག་གིས་སྐད་ཆ་འདྲ་དྲིས་ན་ང་རང་ལ་ཁ་པར་གཏོང་། ངའི་ཁ་བྱང་འདི་རེད། ད་འུ་གཉིས་ངའི་ཟ་ཁང་ལ་འགྲོ་ཟེར་ནས་སྤྱིན་བདག་དེས་སྒྲོལ་མ་ལ་ཐུགས་རྗེ་ཆེ་ཞེས་བཤད་ཞོར། སྤྱིན་བདག་གིས་བློ་བཟང་སྤག་སྤག་གི་རྒྱབ་དུ་ཞོན་བཅུགས་དེ་སྤག་སྤག་བརྫིག་པོ་དེའི་དུ་བ་ནག་ཤུར་སེ་ཁོ་གཉིས་ཟ་ཁང་གི་ཕྱོགས་སུ་ཕྱིན།
མུ་འགོད།
འདྲེ་ཤིག་གསོན་པོ་ཁྱེད་རང་སླར་ཡང་སོ་ཞིག་རྒྱག་དུ་ཡོང་བ་དགའ་ནི་ཡིན། མུ་མཐུད་དུ་སོ་རེ་རྒྱག་རྒྱུ་ཁས་ལེན་བྱས་པ་དེར་རེ་བ་ཡང་བྱེད་ཆོག
ཇིང་སྲས་མིག་གསུམ་པ་ལགས། མ་རིག་པར་ཡུན་རིང་ཞིག་ཕྱིན་སོང་། དེ་རིང་ཐོན་མ་ཐག་དང་བོ་ནས་བརྒྱད་པ་བར་དུ་ཀློག་ཡོད་ན་ད་ནི་གཤམ་དུ་དགུ་བ་བཀོད་ཆོག ཀློག་དུ་ཕེབས་རྒྱུ་མ་བརྗེད་ཅིག བློ་བཟང་གི་གཏམ་རྒྱུད་ལ་ཞིབ་དུ་ཉན་རོགས་ཞུ།
ང་ད་ལྟ་ཡོང་ནས་དང་པོ་ནས་བརྒྱད་པ་བར་དུ་བཀླགས་ཚར་ཡིན་ངོ་མ་ཡག་གི
ཡག་པོ་ཞིག་ཉིན་རྒྱུན་ཀློག་གིན་ཡོད། མུ་མཐུད་ཕྲིས་དང་མ་རྫོགས་བར་བལྟ་ངེས་ཡིན།
སྐར་ཁྲི་བཙན་ལགས། འུ་ཅག་གིས་འབྲི་བཞིན་པ་འདི་ནི་ད་ལྟའི་དྲ་ཐོག་གི་སྤུན་ཟླ་ཁོ་ནའི་ཆེད་དུ་ཡིན་ན་ནི། སྐུ་ཉིད་ཀྱིས་གསུངས་པ་དེ་བདེན་པ་རེད། དེ་འདྲ་མིན་དུས་
གནམ་ལྕགས་ལགས། ཉིད་ཀྱིས་རེ་སྐུལ་དེ་སེམས་སུ་གཏན་པོར་གཉར་ནས་འབད་ངེས་ཡིན་ལགས།
གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱིས་ངས་ཁྱེད་ཀྱི་མཆན་པུ་ཞིག་གསུབ་འདུག་ཟེར་བཞིན་མེད་ལ་ཨ་རོགས། ང་དངོས་ནས་མི་ངན་གང་འདྲ་ཞིག་ཡིན་ཡང་དེ་འདྲ་ནི་གཏན་ནས་བྱེད་མི་སྲིད་ལགས། དཔེ་མེད། ངས་དུས་རྒྱུན་དུ་རང་གི་སྤུན་ཟླ་དག་ལ་དྲ་ཐོག་ནས་མཇལ་འདོད་དང་གླེང་མོལ་བྱེད་འདོད་ཡོད་པ་ནི་ལྟོགས་པ་ཟས་ལ་རྔམ་པ་ལྟ་བུ་ཡིན་པ་སྐུ་ཉིད་ཀྱི་སེམས་སུ་འཛིན་རོགས་ཞུ། ཡང་དང་བསྐྱར་དུ་བཟང་ངན་གང་ཡིན་ཚང་མ་གླེང་དུ་ཤོག སྒུག་ནས་འདུག དགའ་བཞིན་སྤྲོ་བཞིན་བསུ།
ང་ཡོང་ནས་བུད་སོང་ཟེར་བ་འདི་རིག་འདོད་མེད་ནི་མིན་ནམ། སྐར་ཁྲི་བཙན་གྱི་འཕྲོ་ནས་ངས་མཆན་བུ་བཏབས་ཡོད་མོད། མཐོང་རྒྱུ་མི་འདུག་གཱ ཨོ་རེད། ཁ་སང་གི་མཆན་བུ་དང་གཅིག་པ་ཆགས་པས་ཡིན་རྒྱུ་རེད། ངས་ཅི་ཟེར་ལ་ཧོན་རྡ་ཉན་དགོས་ནི་མ་རེད། ངའི་ཞི་ལིས་ཤུ་རེ་བྱོས་ཨེ་དགོ
ཤ་ཁྲག་ལགས།མུ་མཐུད་དུ་འབད་པས་ཕྲིས།སྒྲུང་རིང་ཞིག་ཏུ་འགྱུར་བའི་རེ་བ་རྒྱོབས།
འདི་དོན་མེད་དུ་འགྱུར་བ་ཞིག་ལ་བསམ་བློ་མ་གཏོང་རོགས།
མཚམས་རེར་བསམ་བློ་གཏོང་ན་སྒྲུངདང་སྙན་ངག་གང་ཡིན་ན་ཁོམ་མི་ཁོམ་གྱི་བར་ནས་ཐུང་ན་བཟང་ཆ་འདུག་ད།