མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཉེར་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཉེར་གསུམ།


བློ་བཟང་མགོ་བྱས་དེ་གྲོགས་པོ་བདེ་གྲོལ་ཚང་ནས་ཕྱི་རུ་ཐོན་ནས་མེག་ལོར་དུ་འགྲོ་བའི་རླངས་འཁོར་གཞུང་ལམ་དུ་རྐང་ཐང་དུ་བསྐྱོད་བཞིན་པའི་ལྷན་དུ། བདེ་གྲོལ་གྱི་རྒན་མོ་ལྷ་མོ་དང་ནོར་བུ་བཟང་མོ་གཉིས་ཀྱང་ཡོད་ལ། ཁོང་ཚོས་དེ་རིང་ནི་རྒྱུན་ལྡན་ལྟ་བུ་སྐད་ཆ་རེ་བཤད་ཞོར་དུ་འགྲོ་བཞིན་ཡོང་ཀྱང་། བློ་བཟང་གི་སེམས་ནང་དུ་ད་དུང་དོགས་པ་དེ་ཡོད་སྟབས། སྐད་ཆ་མང་བོ་ཞིག་འཛེམ་བཟོད་མེད་པར་བཤད་ཐུབ་ཀྱི་མེད་པ་ན་ཡང་། ཁོ་རང་ནི་གཞས་གཏོང་རྒྱུར་དངོས་ནས་དགའ་བོ་ཡོད་ལ། སྐད་ཤུགས་ཆུང་ཆུང་གིས་སྒོ་ནས། རྒྱང་རིང་གི་གྲོང་བརྡལ་ཆུང་ཆུང་། ངའི་ཡིད་སེམས་དྲངས་པའི་ཕ་ཡུལ། ཕ་ཡུལ་གྱི་ཕྱོགས་སུ་འཕུར་བའི་ལྷ་བྱ་ཁྲུང་ཁྲུང་། ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས་ཟེར་ནས་བླངས།

ནོར་བུ་བཟང་མོས། བློ་བཟང་ཁྱེད་རང་གི་གླུ་དབྱངས་དེ་ཆ་ཚང་ཤེས་ཀྱི་ཡོད་དམ། ཡོད་ན་ང་རང་ལ་ཡིག་ཐོག་དུ་ཕབ་ན་འགྲིག་གི་རེད་དམ། ང་དངོས་ནས་གླུ་དབྱངས་དེར་ཧ་ཅང་དགའ་བོ་ཡོད་ཅེས་བཤད་དུས། བློ་བཟང་གིས་ངའི་སྐད་ངག་ནི་སྙན་པོ་མེད་པ་ང་རང་གི་ཤེས་གསལ་རེད། དངོས་ནས་གླུ་དབྱངས་འདིས་ཚིག་ལ་དགའ་བ་ཡིན་ངེས་རེད་སྙམ་ཞོར་དུ། འགྲིག་དང་འགྲིག ངས་ནོ་ནུབ་སོང་དེ་བྲིས་ནས་ཉིན་ཁ་ཤས་ཀྱི་རྗེས་སུ་ང་རང་ཁྱེད་ཚང་དུ་ཡོང་དུས་འཁྱེར་ནས་ཡོང་ཆོག་ཟེར་ནས་ལན་བཏབ།

མེག་ལོར་གྱི་སུམ་མདོ་ནས་བློ་བཟང་ཁོ་རང་གི་འདུག་སའི་ཕྱོགས་སུ་ཕྱིན་པ་དང་། ལྷ་མོ་དང་ནོར་བུ་བཟང་མོ་གཉིས་གཙུག་ལག་ཁང་གི་ཕྱོགས་སུ་ཆས། བློ་བཟང་གིས་ད་ནི་མི་རིང་བར་རྡ་ས་ནས་ཁ་གྱེས་ན་ཡག་ས་རེད། ལས་ཀ་མེད་པའི་སྒང་ལ་དོན་དག་གང་ཞིག་མགོ་ལ་ཡོང་མིན་མི་ཤེས་ཟེར་ནས་སྟོང་འདང་ཞིག་རྒྱག་ཞོར་དུ་ཙོང་ཁ་ཟ་ཁང་འོག་གི་བོད་དྲན་ཟ་ཁང་འགྲམ་དུ་སླེབས་མ་ཐག གློ་བུར་དུ་མི་ཞིག་གིས་ཕྱི་ལོག་ནས་བློ་བཟང་ཟེར་ནས་བོས་པ་ཐོས།

བློ་བཟང་། ཁྱེད་རང་གི་འདུག་རོགས་ཀྱིས་བཤད་ན། ཁ་སང་དེ་རིང་ཁྱེད་ལ་ལས་ཀ་མེད་པར་བསྡད་ཡོད་པ་རེད་ཟེར། དེས་ན་རབ་ན་ང་རང་གི་ཟ་ཁང་ནང་དུ་མུ་མཐུད་དུ་ལས་ཀ་བྱེད་རོགས་ཞུ། མ་བྱུང་རང་ཟླ་གཅིག་གི་རིང་དུ་ང་རང་ལ་རོགས་ཤིག་གི་ཚུལ་དུ་བསྡད་པ་ཡིན་ན་ག་འདྲ་འདུག་ཟེར་ནས་བཤད་མཁན་དེ་ནི་བློ་བཟང་གི་གྲོགས་པོ་ཞིག་གི་རང་ཉིད་ཀྱི་ཟ་ཁང་གསར་དུ་འཛིན་བཞིན་ཡོད་ཀྱང་། ཉམ་མྱོང་ཡོད་མཁན་གྱི་གྲོགས་པོ་ཟ་ཁང་དུ་ལས་ཀ་བྱེད་མྱོང་མཁན་མེད་སྟབས་བློ་བཟང་ལ་རེ་བ་ཞུས་པ་དེར་བློ་བཟང་གིས་དང་ལེན་མི་བྱེད་ཐབས་མེད་དུ་གྱུར།

བློ་བཟང་གིས་གྲོགས་པོ་དེའི་ཟ་ཁང་གསར་དུ་སྒོ་ཕྱེ་བ་དེའི་ནང་དུ་ལས་ཀ་རེ་བྱེད་བཞིན་ཡོད་ལ། ཟ་ཁང་དེའི་ནང་གི་མ་བྱན་ལྟེ་བ་དེ་ཡང་བོད་པའི་ཕོ་གསར་ཞིག་ཡིན་པ་མ་ཟད། ཁོ་གཉིས་ཀྱང་འདྲིས་པར་ལས་སླ་བ་ནས་ཕན་ཚུན་ནང་ཚག་ལྟ་བུ་ཞིག་དུ་ཉིན་ཁ་ཤས་ཀྱི་རྗེས་སུ་ཆགས་པ་རེད། དེ་ནི་ས་མཐའི་སྐྱིད་སྡུག་གཅིག་གི་འོག་གི་མི་སྤྱི་མཚུངས་ཀྱི་གོམ་གཤིས་ཤིག་ཀྱང་ཡིན་སྲིད་པ་རེད། ཡིན་ཡང་། བློ་བཟང་གི་ལས་རོགས་མ་བྱན་ལྟེ་བ་དེ་ནི་རྩྭ་རུ་འབོད་པའམ་དུ་ནག་འཐེན་རྒྱུར་དགའ་མཁན་ཞིག་ཆགས་ཡོད་པ་རེད།

བློ་བཟང་། ཁྱེད་རང་གིས་སྔོན་ཆད་འདིའི་རིགས་འཐེན་མྱོང་ཡོད་དམ་ཟེར་ནས་ཁོ་རང་གི་ལག་ནང་གི་རྩྭ་དང་བསྲེས་སྤྱོར་བྱེད་པའི་ཐ་མག་ནག་པོ་ཕུར་ཞོར་དུ་བློ་བཟང་ལ་དྲིས།

བློ་བཟང་གིས་གཏན་ནས་འཐེན་མྱོང་མེད། དེ་ནི་དངོས་ནས་གོམ་སོང་བ་ཡིན་ན་གཏན་ནས་གཏོང་ཐབས་མེད་པ་ཞིག་ཡིན་ཚོད་འདུག་ལ། དེས་མི་མང་བོ་ཞིག་གི་ཚེ་སྲོག་ལ་ཡང་གནོད་བསྐྱེལ་བཞིན་ཡོད་ཚུལ་མང་བོ་ཞིག་ཐོས་མྱོང་ཡོད་ཟེར་ནས་བཤད།

མ་བྱན་ཕོ་གསར་དེ་དགོད་ཞོར་དུ། རེད་ཡ། ང་ལྟ་བུ་ཡུན་རིང་ལ་གསོན་འདོད་མེད་པ་དང་རང་གི་མི་ཚེ་ལ་སྐྱིད་པོ་བྱེད་འདོད་ཡོད་མཁན་དག་གིས་འདི་ལོང་སྤྱོད་བྱེད་བཞིན་ཡོད་པ་རེད་ལ། འདིས་སྤྲད་པའི་ཚོར་བ་དེ་ནི་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཚོར་སྣང་བདེ་ཚོར་བ་ཞིག་ཡིན་ནི་རེད། གཅིག་གཉིས་ཤིག་འཐེན་པ་ཙམ་གྱིས་སྐྱག་བླངས་དུ་ཤོར་མི་སྲིད་པ་ཡིན། ངས་ཀྱང་མཚམས་རེར་སྒོར་མོ་ཡོད་དུས་རེ་ཉུང་ཉུང་རེ་འཐེན་པ་ཡིན། ག་དུས་ཡིན་ན་འཐེན་ཐུབ་ནི་མ་རེད་ལ། ལག་དུ་རེག་རྒྱུ་དེ་ཡང་ལས་སླ་བོ་མ་རེད། ཁྱེད་རང་གི་ཚོད་ལྟ་ཞིག་བྱས་ཀྱང་སྐྱོན་ནི་མ་རེད། འདི་ཟེར་ནས་བློ་བཟང་གི་ཕྱོགས་སུ་ལག་པ་བསྲིངས་དེ། མེ་ལ་བསྒོས་ཟིན་པའི་ཐ་མག་ནག་པོ་དེ་བློ་བཟང་ལ་སྤྲད།

བློ་བཟང་གིས་དེ་མ་ཐག བཟང་ངན་ཡག་བཙོག་གི་ཚིག་ལན་ཡང་འདེབས་དབང་མེད་པར་ལག་དུ་བླངས་དེ་ཁ་ནང་དུ་བཙུགས་དེ་ཧུབ་གཅིག་གཉིས་ཤིག་འཐེན་ནས་ཚོད་ལྟ་ཙམ་བྱས་དེ་ཁོ་རང་ལ་ཕར་ལོག

མ་བྱན་དེས་དེ་འདྲ་ཉུང་ངུ་ཞིག་གིས་ཚོར་བ་གང་ཡང་སྤྲོད་ཐུབ་ནི་མ་རེད། སེམས་པ་སྐྱིད་པོའི་ཕྱོགས་སུ་བསམ་བློ་བཏང་ནས་ག་ལེར་འཐེན་དང་། བར་སྐབས་ཤིག་ལ་མགོ་བོ་ན་བ་ལྟ་བུའི་ཚོར་བ་ཞིག་སླེབས་ངེས་ཡིན། དེ་དུས་མཚམས་བཞག་ནས་བསམ་བློ་སྐྱིད་པོ་བཏང་ན་དངོས་ནས་སྐྱིད་པོ་ཡོང་ངེས་ཡིན་ཟེར་ནས་བློ་བཟང་གི་ལག་གི་ཐ་མག་ནག་པོ་ཁོ་རང་གིས་ཕྱིར་མ་བླངས།

བློ་བཟང་གིས་ཀྱང་བདེན་པར་བསམ་བཞིན་དུ། ག་ལེར་འཐེན། དངོས་ནས་འཐེན་བཞིན་འཐེན་བཞིན། བར་སྐབས་ཤིག་ལ་མགོ་བོ་ན་བ་ལྟ་བུའི་ཚོར་བ་ཞིག་སླེབས་སྟབས། རོགས་པ་དེར་དངོས་ནས་ད་ལྟ་ང་རང་མགོ་བོ་ན་གྲབས་བྱེད་ཀྱི་འདུག་ཟེར་ནས་བཤད།

རོགས་པ་མ་བྱན་དེས། ཨོ་་་ ད་དེས་ན་ཁྱེད་རང་ག་ལེར་ནང་དུ་སོང་དེ་གཉིད་ན་ཡག་གི་རེད། དོ་ནུབ་མི་ཡང་མང་བོ་མེད་པས་ཁྱེད་རང་ད་ལྟ་རང་ནང་དུ་ལོག་ན་འགྲིག་གི་རེད།

བློ་བཟང་གིས་སྐད་ཆ་དེར་བདེན་ཁ་སྤྲད་དེ། ཡོངས་གླིང་གི་སྒེའུ་འཛེག་རིང་མོ་དེ་བརྒྱུད་དེ་མར་འབབ་བཞིན་སྐབས་སུ་ཁོ་རང་གིས་རང་གི་རྐང་བ་དེ་གཉིས་ནི་བར་སྣང་ཞིག་ནས་བསྐྱོད་བཞིན་པའི་སྣང་བ་ལྟ་བུ་ཞིག་སླེབས་ཞོར་དུ་རང་གི་བསྡོད་གནས་སུ་སྙེགས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 5

  1. sha tak ri sim says:
    ལོ་ 17 སྔོན།

    རྒྱུན་ལྡན་ལྟར་སྤུན་ཟླ་ཁྱེད་ཅག་ཕེབས་བཞིན་བསྡོད་དང་། ངས་ཀྱང་འབྲི་བཞིན་འགྲོ བློ་བཟང་འདི་ལ་བར་ཆད་ཆེ་ས་རེད། གང་ལྟར། འུ་ཅག་གིས་མཉམ་གཅིག་དུ་བློ་བཟང་གི་སྡོམ་པ་སྲ་མོ་ནས་སྙི་མོ་སོགས་འགྱུར་བའི་བསྐོར་ལ་ལྟ་ཆོག

    Reply
  2. gangdra says:
    ལོ་ 17 སྔོན།

    ཤ་ཁྲག།
    ཁྱོད་ཀྱིས་སྒྲུང་རིང་ཞིག་འབྲི་འདོད་ཡིན་ནམ།
    ངོ་མས་སེམས་ཤུགས་ཡོད་ཀི་ཡ།
    ཧཧཧ་་་་ཧཧཧ

    Reply
  3. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན།

    Reply
  4. chentsasopa says:
    ལོ་ 17 སྔོན།

    སྒྲུང་མུ་མཐུད་ནས་བྲིས་བ་བཟང་གི་མོད། ཡིག་ནོར་ལ་གཟབ་དགོས་སྙམ་པའི་ཚོར་བ་ཙམ་ཡང་ཡོད་ས་མ་རེད། ངའི་འདི་ན་དག་ཡིག་རེ་གཉིས་ཤིག་ཡོད་པ་ཁྱེད་རང་གིས་”བོད་ཡིག”གི་དག་ཆ་ཅུང་ཙམ་ཡར་རྒྱས་སུ་གཏོང་འདོད་ན་ངས་ཁྱེད་ཀྱི་ཁ་བྱང་ཐོག་གམ་ཡང་ན་མཆན་བུ་འགོད་སར་བཀོད་ནའང་ཆོག དེ་མིན་ཅང་བཤད་རྒྱུ་མེད།

    Reply
  5. Baichung says:
    ལོ་ 17 སྔོན།

    མགོ་བདེ་མོ་ཅན་ཚོའི་བསླུ་བྲིད་ཀྱིས།།
    མི་དྲང་མོའི་རིགས་ཀྱི་བླུན་རྟག་སྟོན།།
    ཕོ་ལས་ངན་འགྲོ་བའི་ལམ་ཁ་ན།།
    བགེགས་བར་ཆད་འཕྲེངབ་སྟར་ནས་ཡོད།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese