ཆུ་ཚ་བོ་ཡོད་སའི་བོད་པའི་མགྲོན་ཁང་ཆུང་ཆུང་དེའི་ནང་དུ་བློ་བཟང་ཉིན་ལྔ་འགོར་བའི་ཕྱི་དྲོ་ཞིག་ལ། ལམ་པས་དེ་རིང་ལམ་པ་བརྟན་པོ་ཞིག་རྙེད་ཡོད་པ་མ་ཟད། ལམ་པ་དེས་ཕྱི་དྲོ་འགྲོ་རྒྱུ་ཡིན་ཟེར། ད་ཡིན་ན་ཁྱེད་རང་བདེ་འཇག་ངང་དུ་འགྲམ་དུ་སླེབས་ཐུབ་ངེས་ཡིན། དོ་ནུབ་ཁྱེད་རང་གཅིག་བུ་ཡིན་ས་མ་རེད། གང་ལྟར། སེམས་ཁྲལ་བྱེད་མི་དགོས་པ་མ་ཟད། ངས་ཁྱེད་རང་འགྲམ་དུ་སླེབས་ཡོད་པ་གོ་རེག་བར་དུ་འདི་ནས་སྒུག་འདུག་ཟེར་ནས་བློ་བཟང་གི་ཅ་དངོས་དེ་དག་བསྡུ་གསོག་བརྒྱག་དུ་བཅུགས།
བློ་བཟང་གིས། དེས་ན་འདི་ནས་གོམ་པ་བརྒྱབ་དེ་ནགས་གསེང་བརྒྱུད་འགྲོ་དགོས་པ་རེད་དམ། ཉིན་མ་ག་ཚོད་ཅིག་ལ་འགྲོ་དགོས་པ་རེད། ཉིན་མ་ཁ་ཤས་ཤིག་ལ་འགྲོ་དགོས་པ་འདྲ་ཡིན་ན། ངས་ཅ་ལག་འདི་དག་ཚང་མ་འཁུར་ནས་སོང་ན་དཀའ་ལས་ཁག་པོ་ཡིན་རྒྱུ་རེད།
ལམ་པས། དོ་ནུབ་ཆུ་ཚུད་གཉིས་གསུམ་ཞིག་ལས་འགྲོ་མི་དགོས་པར། ཁྱེད་ཚོ་ཆུ་འགྲམ་ནས་འདུག་ངེས་ཡིན་ལ། སང་ཞོགས་སྐྱ་རེངས་ཤར་མ་ཤར་གྱི་མཚམས་སུ་ཁྱེད་རང་ཚོ་ཆུའི་ཕར་རོལ་དུ་འཕེན་རྒྱུ་རེད། ཡིན་ཡང་། འགྲམ་ན་ཁྱེད་རང་ལ་འདུག་ས་འདྲ་ཡོད་དམ། མེད་དུས་དཀའ་ངལ་དངོས་ནས་དེ་རུ་འཕྲད་ངེས་ཡིན།
ཕྱི་དྲོ་ཉི་མ་རི་ལ་མ་ནུབ་ཙམ་གྱི་མཚམས་སུ། བློ་བཟང་གིས་ལམ་པ་དེས་རོགས་པ་བྱོས་དེ། རྒྱབ་ཁུག་ཆེན་པོ་དེ་ཁོ་རང་གི་འཁུར་བ་དང་ཆུང་ཆུང་དེ་གཉིས་ལམ་པས་འཁུར་ནས་བོད་པའི་མགྲོན་ཁང་གི་རྒན་རྒོན་གཉིས་དང་རོང་མོ་དེར་བདེ་མོ་བཞག
བོད་པའི་མགྲོན་ཁང་ནས་ཡར་ཅུང་ཙམ་སོང་དེ་རི་ངོས་ཀྱི་ནགས་གསེང་དུ་འཛུལ་ནས་སྐར་མ་ཁ་ཤས་ལས་མ་སོང་བར། དེ་རུ་རོང་བ་ཞིག་གི་སྒུག་ནས་ཡོད་པ་དང་འཕྲད་དུས། ལམ་པ་དེས་རོང་བ་ལམ་ཁྲིད་དེར་བློ་བཟང་ནི་ཁོ་རང་གི་སྤུན་མཆེད་ཅིག་ཡིན་རབས་དང་བདེ་འཇག་ངང་དུ་འགྲམ་ལ་ཐར་དུ་འཇུག་དགོས་པའི་བཅོལ་གཏམ་སོགས་བྱས་དེ། བློ་བཟང་ལ་བདེ་མོ་བྱོས། ངས་ཁྱེད་རང་འགྲམ་དུ་བསྐྱལ་མ་ཐུབ་ཀྱང་། སེམས་ཁྲལ་མེད། ཁྱེད་རང་ཁོས་འགྲམ་དུ་བསྐྱེལ་ཁོ་ཐག་ཡིན་ཞེས་བཤད།
བློ་བཟང་གིས་བོད་པའི་ལམ་པ་ངོ་ཤེས་དེར་བདེ་མོ་བཞག་ནས་རོང་བ་ལམ་པ་དེས་རྗེས་སུ་སྙེགས་ནས་ཆུ་ཚོད་ཕྱེད་ཀ་ཞིག་སོང་དུས། སྔོན་དུ་རོང་བ་ལམ་ཁྲིད་གཞན་གཉིས་དང་བལ་ཡུལ་ནས་ཁོ་རང་གི་གྲྭ་བ་ངོས་ཤེས་དེའི་གྲོགས་པོ་གྲྭ་བ་དགེ་འདུན་རྒྱ་མཚོ་ཡང་དེ་རུ་ཡོད་པ་མཐོང་མ་ཐག ཁོ་རང་གིས་རང་གི་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་དང་འཕྲད་པ་ལྟར་དགའ་ནས། ཁྱེད་རང་འདིར་ཇི་ལྟར་སླེབས་སོང་།
ང་རང་དེ་རིང་ཞོགས་པ་རོགས་པ་ཞིག་གིས་འགྲམ་དུ་བསྐྱེལ་མཁན་ཞིག་ཡོད་རབས་བཤད་པ་ལྟར། བལ་ཡུལ་ནས་ལམ་ལ་ཆས་དེ་འདིར་ཡོང་བ་ཡིན་ལ། སྒོར་མོ་མང་བོ་ཞིག་སྟེར་རྒྱུ་མེད་པ་གྲོགས་པོ་དེའི་ཤེས་ཀྱི་ཡོད་སྟབས། ཁོ་རང་གི་ཞུ་བ་བྱས་དེ་བལ་སྒོར་སུམ་སྟོང་གྱིས་ང་རང་ཁྲིད་རྒྱུ་བྱས་པ་རེད། ངས་ཁྱེད་རང་ད་ནི་འགྲམ་དུ་སླེབས་ཡོད་པ་རེད་འདོད་ནས་བསྡད་ཡོད། མ་བསམ་ས་ནས་དེ་རིང་འདི་ནས་ཐུག་པ་རེད་སོགས་སྐད་ཆ་མི་ཉུང་བ་ཞིག་གླེང་།
གཞན་བོད་པའི་ཕོ་གསར་ཞིག་རིང་གི་ཨ་མ་ལ་ཐུག་འཕྲད་བྱེད་དུ་བོད་དུ་ལོག་བཞིན་ཡོད་པ་དེ་ནི། རྒྱ་གར་དུ་ཕྱིན་ནས་མི་ལོ་བཅོ་ལྔ་འགྲོ་བཞིན་ཡོད་ལ། ཁོ་རང་ལོ་ལྔ་དྲུག་ཞིག་ཡིན་དུས་ཨ་མས་རྒྱ་གར་དུ་ཡོང་ནས་བོད་ཁྱིམ་སློབ་གྲྭར་བཞག་ནས་ཕྱིར་བོད་དུ་ལོག་པ་དེ་ནས་བཟུང་། ཡི་གེའི་འབྲེལ་བ་དང་ངག་ཐོག་གི་འབྲེལ་བ་སོགས་གང་ཡང་མེད་པར། ཕྱིར་རང་གི་ཨ་མའི་མིང་དང་ས་མིག་གཅིག་བུ་ཞིག་ཡིད་དུ་བཟུང་དེ་ཕ་ཡུལ་དུ་འགྲོ་བཞིན་པ་ཞིག་ཡིན་པ་རེད།
གྲྭ་བ་ཞིག་ཡོད་པ་དེ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གྲྭ་ས་ནས་ལོ་ངོ་བཅུའི་རྗེས་སུ་ཕྱིར་རང་གི་ཕ་ཡུལ་གྱི་ཉེ་མི་དག་ལ་ཐུག་འཕྲད་བྱེད་དུ་འགྲོ་བཞིན་ཡོད་པ་སོགས་ཁོང་ཚོས་རང་རང་གི་གནས་ཚུལ་གཅིག་གཅིག་ལ་ངོ་སྤྲོད་བྱེད་ཞོར་དུ། ནགས་གསེང་གི་ཤིང་ཁང་ཆུང་ཆུང་དེའི་འགྲམ་ནས་མེ་ཆུང་ཆུང་ཞིག་བཏང་ནས་ངལ་གསོས་དེ། ལམ་པས་སང་ཞོགས་གང་བྱེད་དགོས་མིན་སོགས་ལ་ཉན་རྗེས་ཚང་མ་སྔ་བོ་ནས་ཉལ།
ནམ་མ་བླངས་གོང་དུ། ཁོང་ཚོ་ཚང་མ་གཅིག་རྗེས་གཅིག་གི་འདེད་ནས་ནགས་གསེང་དེ་ནས་གང་དུ་འགྲོ་བཞིན་ཡོད་མེད་ཀྱང་མི་ཤེས་པར། རོང་བ་ལམ་པ་དེ་གསུམ་གྱིས་གཉིས་ཀྱིས་མགོ་ནས་ཁྲིད་པ་དང་། གཅིག་གིས་རྗེས་སུ་ཐག་པ་རིང་མོ་ཞིག་སྨྱུག་བསྲེ་ཞིག་གི་ནང་དུ་འཁུར་ནས་འགྲོ་བཞིན་ཡོད་པ་རེད། བློ་བཟང་གིས་རང་གི་རྒྱབ་ཁུག་ནག་པོ་ཆེན་པོ་དེ་ལས་ཆུང་བ་དེ་གཉིས་ལམ་པ་སྔོན་མ་གཉིས་ཀྱིས་ནང་གི་གཅིག་གི་འཁུར་ཡོད་པ་དེས་ཁོ་རང་ལ་དངོས་ནས་ཕན་ཡག་པོ་ཞིག་ཐོག་ཡོད་པ་རེད།
ནམ་མ་གསལ་མ་གསལ་གྱི་མཚམས་སུ། ཁོང་ཚོ་བོད་དང་བལ་ཡུལ་གྱི་ས་མཚམས་སུ་བཞུར་བཞིན་པའི་འགྲམ་ཆུ་དེའི་འགྲམ་དུ་འབྱོར། དེ་དུས་ཕར་ཕྱོགས་ནས་མི་ཞིག་གིས་ཤུ་རིང་བརྒྱབ་པ་དང་བསྟུན་ནས། ལམ་པ་ཞིག་གིས་རང་གི་རྒྱབ་དུ་འཁུར་དེ་འོང་བའི་སྨྱུག་བསྲེ་ནང་གི་ཐག་པ་དེ་ཕྱིར་བཏོན་ནས། དེ་ལས་ཐག་པ་ཕྲ་བོ་རིང་བོ་ཞིག་ཡོད་པ་དེའི་སྣེ་རུ་རྡོ་ཞིག་གཏག་ནས་ཆུ་བོའི་དེ་ཡི་ཕར་རོལ་དུ་གཡུགས། དེ་དུས་ཕར་ཕྱོགས་ཀྱི་ནགས་གསེང་དེ་ནས་མི་ཞིག་ཆུ་འགྲམ་དུ་རྒྱུགས་ཡོང་དེ། ཐག་པ་དེའི་སྣེ་ནས་འཇུས་དེ་ཤིང་སྡོང་ཆེན་པོ་ཞིག་ལ་འདོག་བཞིན་པ་དེ་མཐོང་དུས། གཟོད་ནས་བློ་བཟང་གིས་ཁོང་ཚོ་འགྲམ་ལ་འགྲོ་སའི་ལམ་ཁ་དེ་ཡིན་པ་ཤེས།
ཚུར་ཕྱོགས་ནས་རོང་བ་ལམ་པ་དེ་གསུམ་གྱིས་ཐག་པ་སྤོམ་པོ་དེ་རྡོ་ཕ་བོང་ཁང་བ་གཅིག་གི་ཆེ་ཆུང་ཙམ་ཡོད་པ་དེའི་སྟེང་དུ་བརྟན་པོ་ཞིག་བསྡམ། དེའི་རྗེས་སུ་ཅ་དངོས་ཚང་མ་ཕར་ཕྱོགས་སུ་ལྕགས་ཀྱི་ཤ་གཟོང་ཆེན་པོ་ཨ་ལོང་ཅན་ཞིག་གི་སྟེང་དུ་ཚང་མ་བསྡམ་ནས་ཕར་ཕྱོགས་སུ་བཏང་རྗེས། དང་བོ་བྱས་དེ་སུ་འགྲོ་རྒྱུ་ཡིན་ཞེས་རོང་བ་ལམ་ཁྲིད་དེ་དག་གིས་ཁོང་ཚོ་མི་བཞི་ལ་སྐད་ཆ་དྲིས།
ཚང་མ་ཁ་རོག་གེར་བསྡད་སྟབས། རོང་བ་ལམ་ཁྲིད་གཅིག་གིས་བློ་བཟང་ལ་འཛུབ་མོ་བཙུགས་དེ། ཁྱེད་རང་ཕོ་གསར་ཡིན་འདོག་ཁ་བོ་ཞིག་འདུག ཁྱེད་རང་དང་བོ་བྱས་དེ་སོང་། སྐྲག་དགོས་པ་མ་རེད་ཅེས་བློ་བཟང་གི་གཟུགས་པོའི་སྟེང་དུ་ཐག་པའི་བཞི་བཅུགས་ཀྱི་བསྡམ་ནས་དེའི་ནང་དུ་ལྕགས་ཀྱི་ཤ་གཟོང་ཨ་ལོང་དེ་བསྐོན་ནས། འདི་ལ་གཏན་པོར་འཛིན་དགོས། གཏན་ནས་ལག་ནས་གཏོང་མི་ཉན། གལ་སྲིད། ལག་ནས་ཤོར་བ་ཡིན་ན་ཆུའི་ནང་དུ་ཟེགས་སོང་བ་ཡིན་ན། ངེད་ཅག་གིས་ཁྱེད་རང་གི་རོ་ཡང་རྙེད་མི་སྲིད་པ་ཡིན་ཞེས་བཤད།
ཐག་པ་དེའི་སྟེང་ནས་ཕར་འགྲོ་ཞོར་དུ། བློ་བཟང་གིས་རང་ཉིད་ནི་ཚེ་སྲོག་གི་གཉེན་ཁ་ཡོད་སའི་ལམ་ཁ་ཞིག་ན་ཡོད་པ་ཡང་དྲན་གྱི་མེད་པ་ལྟར། གླུ་དབྱངས་ཤིག་ལེན་ཞོར་དུ་བོད་ཀྱི་ས་ཐོག་ལ་སྐར་མ་ཁ་ཤས་ཀྱི་རྗེས་སུ་སླེབས་པ་དེས་ཁོ་རང་གི་ཡིད་ལ་ཤར་མི་ཐུབ་པ་ཞིག་ལོས་ཡིན། ཁོ་རང་གི་གྲོགས་པོ་དེ་གསུམ་ཡང་རེ་རེ་བྱས་དེ་ཁོ་རང་ཡོད་སར་འབྱོར།
ཆུ་བོའི་ཕར་ཕྱོགས་སུ་བཙུན་མ་ཆུང་ཆུང་ཞིག་དང་། ཕོ་གསར་གཅིག ལམ་པ་གཉིས་བཅས་ཡོད་པ་དེ་དག་རེ་རེ་བྱས་དེ་བལ་ཡུལ་ཕྱོགས་སུ་ཐག་པ་བརྒྱུད་དེ་འགྲོ་ཁར་རོང་བ་ལམ་པ་ཞིག་གིས། ཁོང་ཚོ་ལ་བཤད་རྒྱུར། ད་ནི་ཁྱེད་རང་ཚོ་འགྲམ་གྱི་ས་ཐོག་ལ་སླེབས་ཚར་བ་རེད། འདི་ནས་ནགས་གསེང་བརྒྱུད་དེ་ཐད་ཀར་ཡར་སོང་བ་ཡིན་ན་གཞུང་ལམ་སྟེང་དུ་སླེབས་ངེས་ཡིན། མི་ཚང་མ་མཉམ་དུ་མ་འགྲོ གཉིས་རེ་བྱོས་དེ་སོང་། རང་རང་ལ་འགྲོ་ས་ཞིག་ཡོད་ན་དེ་རུ་སོང་། དེ་མིན་ཉེན་རྟོག་པའི་ལག་དུ་ཤོར་ངེས་ཡིན། ང་ཚོ་ཕར་ཕྱོགས་སུ་སླེབས་རྗེས་ཤིང་སྡོང་སྟེང་གི་ཐག་པ་འདི་གྲོལ་རོགས་ཞེས་བཤད་དེ་ཁོང་ཚོ་ཆུ་འགྲམ་དེ་ནས་སྐྱུར།
བློ་བཟང་གིས་སེམས་ནང་དུ་གཞི་ནས་འཇིགས་སྐྲག་ཞིག་སྐྱེ་ཞོར་དུ། ཡ་རོགས་པ་ཚོ། གྲྭ་བ་དགེ་འདུན་རྒྱ་མཚོ་ངེད་གཉིས་ལྷན་དུ་འགྲོ ཁྱེད་གཉིས་ལྷན་དུ་སོང་། གཞུང་ལམ་སྟེང་དུ་སུ་དང་བོ་སླེབས་པ་ཡིན་ན་ཡང་། རང་རང་གི་ས་ནས་ཁ་རོག་གེར་འགྲོ་རྒྱུ་ལས་ངོ་ཤེས་ཁུལ་མི་བྱེད་རྒྱུ་བྱེད་བཅས་བཤད་དུས། ལྷོ་ཕྱོགས་ནས་ཕེབས་པའི་གྲྭ་བ་དེས་ཕོ་གསར་དེ་དང་འགྲོག་ནས་ནགས་གསེང་སྟུག་པོ་དེ་ནས་སྔོན་དུ་ཕྱིན།
བློ་བཟང་གིས་ད་ནི་རང་གི་ཅ་དངོས་དེ་དག་ཚང་མ་རང་གི་འཁུར་དགོས་པ་ཡིན་དུས། དངོས་ནས་ལྗིད་ཁོག་ཆེ་བ་མ་ཟད། དེའི་སྒང་ལ་ཆར་བ་ཡང་ཤུགས་ཆུང་ཆུང་ཞིག་འབབ་བཞིན་ཡོད་ལ། ཁོ་རང་གི་གྲོགས་པོ་གྲྭ་བ་དགེ་འདུན་རྒྱ་མཚོ་ནི་རྒྱ་གར་དུ་ས་ཆུ་མ་འཕྲོད་པར་ནད་ཡུན་རིང་དྲགས་པའི་ནད་པ་ཞིག་ཡིན་སྟབས། ཁོ་རང་ལ་ཅ་དངོས་ཤིག་འཁུར་རོགས་བྱེད་ཐུབ་རྒྱུ་ཕར་ཞོག ཁོ་རང་གི་རྒྱབ་ཁུག་ཆུང་ཆུང་དེ་ཡང་ཡག་པོ་ཞིག་འཁུར་ཐུབ་ཀྱི་མེད་པ་དང་། ལག་དུ་དབྱུག་རྟེན་ཞིག་ཀྱང་བཟུང་ཡོད།
གནམ་རྒན་མས་ཀྱང་ཁོང་ཚོ་ལ་རོགས་པ་བྱས་པ་ལྟར། ཆར་ཤུགས་ཆེ་རུ་ཕྱིན་པ་དང་། འགྲམ་གྲོང་ཁྱེར་སྒང་གི་གད་སྙིགས་འཕྱོ་སའི་ཕྱོགས་དེ་ནས་གཞུང་ལམ་སྟེང་དུ་འབུད་དུས། ཆར་བ་ཤུགས་ཆེན་པོ་འབབ་བཞིན་ཡོད་པ་དང་། ཞོགས་པ་སྔ་བོ་ཡིན་སྟབས། མི་ཡང་རིག་རྒྱུ་མཐོང་རྒྱུ་མེད་པ་དེ་ནི་ཁོང་ཚོ་ལ་དངོས་ནས་བླ་མ་དཀོན་མཆོག་གིས་སྙིང་རྗེ་གཟིགས་པ་རེད་ཅེས་བཤད་ཀྱང་མ་ཆོག་པ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད།
འགྲམ་གྱི་གྲོང་ཁྱེར་སྣེ་མོ་ཟིན་མ་ཐག ཟ་ཁང་ཞིག་གི་སྒོ་བྱང་དུ་བོད་ཡིག་ཞིག་ཡོད་པ་དེ་མཐོང་མ་ཐག བློ་བཟང་གིས་ཟ་ཁང་འདི་ང་རང་གི་ས་ཕྱོགས་གཅིག་པའི་མི་ཞིག་གི་ཟ་ཁང་རེད་འདུག འུ་གཉིས་ཀྱིས་སྒོ་བརྡུང་ཟེར་ནས་ཁོ་གཉིས་ཀྱིས་སྒོ་བརྡུང་དུས། བུད་མེད་ལོ་ན་བཅུ་དྲུག་བཅུ་བདུན་ཅན་ཞིག་གིས་སྒོ་ཕྱེ་ནས་ཁྱེད་གཉིས་ལ་སུ་དགོས་ཟེར་ནས་དྲིས།
མིན།
སྤྱིན་བདག་གང་དུ་འདུག
ཕར་ཕྱོགས་ཀྱི་ནང་དུ་ཉལ་ཡོད་པ་རེད།
དེས་ན་སྐུ་མཁྱེན། ཁྱེད་རང་སོང་ནས་སྐད་ཅིག་མི་གཏོང་ངམ། ངེད་གཉིས་ཁོང་གིས་ངོ་ཤེས་ཤིག་ཡིན་ཟེར་ནས་བཤད་དུས། བུ་མོ་དེས་ཀྱང་། ཡིན་མིན་སོགས་མང་བོ་ཞིག་མི་བཤད་པར། ཡ་དེ་ན་ཁྱེད་གཉིས་ནང་དུ་བསྡོད་དང་། ང་སོང་ནས་སྐད་གཏོང་དེ་འོང་ཞེས་བུ་མོ་དེ་བུད་སོང་བའི་ཤུལ་དུ། བློ་བཟང་གིས་རང་གི་གོན་པ་ཆུ་བཙར་བཙར་བྱེད་བཞིན་པ་དེ་དག་འཕུད་དེ་རྒྱབ་ཁུག་ཆེན་པོ་དེའི་ནང་གི་གྱོན་ཆས་གསར་བ་དག་མགྱོགས་པོ་བརྗེ་བོ་བརྒྱབ་ནས། དགེ་འདུན་ལ་བརྗེ་བོ་རྒྱོབས་ཟེར་ནས་བཤད་བཞིན་པའི་སྐབས་སུ། བུ་མོ་དེས་བུད་མེད་ལོ་ན་ཉི་ཤུའི་ནང་དུ་ཡོད་པ་ཞིག་འཁྲིད་དེ་འབྱོར།
བུད་མེད་དེས་བློ་བཟང་མཐོང་མ་ཐག ཁྱེད་རང་ངའི་རྒན་པོ་ངོ་ཤེས་ཤིག་ཡིན་ནམ་ཞེས་དྲིས་དུས། སྐད་ལ་བལྟས་དེ་རང་གི་ཕ་ཡུལ་གཅིག་པ་ཞིག་ཡིན་པ་ཤེས་ནས། ངེད་གཉིས་ད་ལྟ་རང་རི་ཕར་ཕྱོགས་ནས་སླེབས་པ་ཡིན། ཁྱེད་ཚང་གི་ཟ་ཁང་གི་སྒོ་བྱང་མཐོང་མ་ཐག ཡུལ་ཕྱོགས་གཅིག་པ་ཞིག་ཡིན་པ་ཤེས་ནས་བུ་མོ་དེ་ལ་དེ་འདྲ་ཞིག་མི་བཤད་ཐུ་མེད་བྱུང་སོང་། ང་རང་ལ་འདི་ན་ཟ་ཁང་གཉར་ཡོད་པའི་ཉེ་འབྲེལ་ཞིག་ཡོད། རྒན་པོའི་མིང་ལ་ཨ་རྒ་ཚེ་རིང་དོན་འགྲུབ་དང་རྒན་མོའི་མིང་ལ་འཚོ་མོ་ཟེར་བ་རེད། དྲིན་ཆེན་མ། ང་རང་ཨ་ཅེ་འཚོ་མོ་ཚང་ཡོད་སར་གཅིག་མི་འཁྲིད་ལ། ངའི་རོགས་པ་འདི་གྲྭ་བ་ཞིག་ཡིན། ཁོ་རང་ནད་པ་ཞིག་ཡིན་པ་མ་ཟད། སྒོར་མོ་ཡང་མང་བོ་མེད། འདིའི་ཉེ་འཁོར་ཞིག་ནས་འདུག་ས་ཞིག་རོགས་བྱེད་ཐུབ་བམ་ཞེས་རང་གི་སེམས་ནང་གི་སྐད་ཆ་དག་བུད་མེད་དེར་བཤད།
བུད་མེད་དེས་བློ་བཟང་གི་སྐད་ཆ་དེ་དག་ལ་ཡིད་ཆེས་བྱས་པ་མ་ཟད། ངས་ཅང་ཤེས་ནི་མ་རེད། ཁྱེད་གཉིས་ཀྱི་འདི་ནས་ཅུང་ཙམ་སྒུག་དང་། ངའི་རྒན་པོ་ཐོན་ལ་ཡོད། དེ་ནས་ང་ཚོས་ལྟ་ཆོག
སྐབས་དེ་འདྲ་ཞིག་ལ་བློ་བཟང་གི་རོགས་པ་གྲྭ་བ་དེ་དང་ཕོ་གསར་དེ་གཉིས་ཀྱང་ཟ་ཁང་དེ་རུ་སླེབས། དེ་དུས་བུད་མེད་དེ་ཅུང་འཚབ་འཚབ་བྱེད་ཞོར་དུ། སྒོ་ནང་ནས་ཡར་ལྟ་མར་ལྟ་ཞིག་བྱས་དེ། ཁྱེད་ཚོ་ཚང་མ་ངོ་ཤེས་ཡིན་ནམ་ཟེར་ནས་བློ་བཟང་ལ་དྲིས།
མུ་འགོད།
སྤུན་ཟླ་ཚོས་སེམས་འཁུར་དང་ཁ་འདོན་སྨོན་ལམ་བཅས་ལ་བརྟེན་ནས་ལས་ངན་བློ་བཟང་འགྲམ་དུ་བདེ་བར་འབྱོར་ཡོད་ཀྱང་། འགྲམ་ནས་གང་བྱེད་ག་ལེར་གཟིགས་རོགས་ཞུ། ང་རང་ཡང་བློ་བཟང་གི་གཏམ་རྒྱུད་ཀྱི་གཙོ་སྐྱོང་བ་ཡིན་དུས། ཁོང་ལ་ཐུག་དུ་འགྲོ དེ་ནས་ངས་ཁྱེད་ཅག་ལ་ཞིབ་འབྲི་བྱེད།
འགྲམ་ཡིན་ན་དེ་ནས་ངོ་མ་ཞེད་སྣང་ཞིག་འདུག་དྰ། སྔོན་ཆད་ང་ཡང་གཉེན་འཕྲད་ཏུ་སོང་དུས་ལམ་འདི་བརྒྱུད་ནས་སོང་བ་ཡིན། ཞ་སྡེར་མགོ་ཅན་མཐོང་ན་སྐྱིད་པོ་མེད་ཡ།
ངོ་ནས་འགྲམ་ཡིན་ན་དུ་རྒྱུད་དུས་རྔམས་སྐྲག་ཟིག་ཡོད་ཐ།
བློ་བཟང་གི་ཆེད་དུ་སེམས་འཚམ་ལང་བཞིན་ཡོད། ཅིག་འདོན་གི་ད་ཡོད་ད