གལ་སྲིད། ང་སང་ཉིན་ཤི་སྲིད་ཀྱང་
དོ་ནུབ ངས་ཁྱེད་རང་ལ་སྐད་ཆ་ཞིག་བཤད་འདོད
རྒྱུ་མཚན། ང་རང་གི་ཚོར་བ་འདིའི་ཆེད་དུ
ཁྱེད་རང་གིས་མཁྱེན་གསལ་རེད
མིག་ཟུང་དང་མིག་ཟུང་གི་བར་ནས
ངོ་གདོང་དང་ངོ་གདོང་འཕྲད་མྱོང་བས
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཨོ་ད་ཡུམ་ཅིག་གོ་ཐ་ན། ཤ་ཁྲག་འདིས་ཅི་འདྲ་བཤད་ཀིན་ཡོད་ན།ཧཧཧཧཧ།
ངས་གཅིག་ར་མ་གོ་ཐ་ཡ།ཧཧཧཧཧ། ང་འདི་ལ་ཀླད་ལྡིབ་བྱུང་ཡོད་ས་རེད།
ཁོ་དང་ཁོ་མོ་ལྟ་བུའི་གནམ་འོག་འདིར
གཅན་བཟོད་རྒྱམ་ལགས།
ཁོ་དང་ཁོ་མོ་ལྟ་བུའི་གནང་འོག་འདིར
ང་ཚོ་སྙིང་རྗེ་བའི་ཡུལ་ནི་ཧ་ཅང་མང་
གྲངས་ཀ་ནི་གནམ་མཁའི་སྐར་ཚོགས་ལས་ཀྱང་མོད
ཡིད་སྐྱོ་བ་ཞིག་ལ
ཞུ་བ་འཐེན་པ་ལས་ཀྱང་སྙིང་སྟོབས་མེད་པའི་མི་བུ་ང་ཚོ
ཐག་རིང་གི་སྐད་ཞིག་ལས་ཀྱང་མི་གོ་བས
རྒྱང་རིང་གི་དཔག་ཚད་ཆེས་མང་བོའི་ཕར་རོལ་གྱི་རི་གྲོང་དེར
ཆས་འདོད་ཀྱི་རྨི་ལམ་མོད་པ་ཙམ་ནི
རང་ཉིད་ཀྱི་ངོ་གདོང་ལས་འཇིགས་སུ་རིང་བའི་རྨི་ལམ་གི་ཞིང་ན
སྒྱིད་ལུག་གི་ཁོར་ཡུག་རལ་བོ་དེར
བཟི་ཁ་ལྕི་བའི་ཚོར་སྨྱོན་གྱི་རྨུ་ཐག་སྲ་མོ་ཞིག
ཀླད་གཙུག་ནས་རྐང་འཐུལ་བར་ན
ལྷམ་མགོ་མ་འཕུད་པར་ཡུན་རིང་ལུས་པ་ལྟར
དྲི་ངན་དེའི་འབག་བཙོག་གིས
འགྲོ་བའི་མིའི་སེམས་བྱང་གི་རི་མོ
དྲི་མ་མེད་པའི་འདབས་བརྒྱབ་ཀྱི་མཆོད་རྫས་སུ་མ་གྱུར་སྟབས
འཇིགས་སྐྲག མི་ཁ། གླེན་ལྐུགས། རང་ཚུགས། སྡར་མ།
རང་རློམ། ཁེངས་དྲགས། རང་གཅེས། འཁོན་འཛིན།
དུག་ཚེར་བཞིན་འཛིང་ནས་འོང་བའི་ལམ་ཕྲན་དེ་ནས
ངས་ཁྱེད་རང་གི་བསམ་འདུན་རྟོགས
ངས་སྐུ་ཉིད་ཀྱི་རང་གཤིས་མཐོང་
ངས་སྤུན་ཟླ་ཁྱེད་ཀྱི་ན་ཟུག་ཤེས
ངས་རིགས་གཅིག་གི་ཞེན་རྩ་མྱོང་ཐུབ
གང་ལྟར། ང་ཚོ་ལམ་དུ་ཆས་འགྲོ
ཤུལ་དུ་ཡོད་ཚད་ཅིག རྗེས་རབས་པས་གླེང་གཞི་ཡིན
ངས་འདི་ལྟར་བསམ་ཞིང་བསམ་བཞིན་དུ་རང་གིས་རང་ལ་བདེན་ལུགས་གང་མང་ཞིག་སྤྲད་རྗེས།
སླར་ཡང་མིག་ཟུང་གིས་ནམ་མཁར་ལྟ་བཟིན་དུ།
ཀྱེ་ཧུད།
ངས་ད་བར་དུ་རང་ཉིད་ནི་རྣམ་དཔྱོད་དང་ལྡན་པའོ་སྙམ་བཞིན།
མི་དང་མིའི་བསམ་པའི་དཔལ་ཡོན་ལ་རིན་ཐང་ཅི་ཙམ་གྱིས་བལྟས་མྱོང་ཨང་། མ་གཞི་ནས་ངས་ནི་གཞན་གྱི་རིན་ཐང་གཞལ་ཐུབ་བམ།
ངས་ནི་གཞན་གྱི་ཤེས་རྟོགས་དེའི་ཆ་ཤོས་ཙམ་ཡང་རྟོགས་ཡོད་དམ།
ཤེས་སམ།
བསམ་གྱིན་བསམ་གྱིན་རང་ཉིད་ནི་ཆེས་བླུན་ཞིང་ལྐུག་ཁོ་ན་ཉིད་དོ།།
ནུས་མེད་རང་ངོ་།།
ཕན་ཐོག་མེད་པའི་སྤྱི་ཚོགས་འདིའི་གད་སྙིགས་སོ་སྙམ་བཞིན་དུ།
ཁོང་ཁྲོ་ཆེན་པོས་ངང་།
ང་རྒྱལ་དྲགས་པོའི་ངང་།
རང་ཉིད་ཀྱི་རྣམ་དཔྱོད་དམ་ཤེས་པ་སྙིང་རྗེ་པོ་དེ་ཕྱི་རུ་ཕྱུང་སྟེ།
རྡོ་བ་ཞིག་གི་སྟེང་དུ་བཞག་རྗེས།
ཐོ་བ་ར་མགོ་ཞིག་ཤུགས་འགའ་བསྣུན་པ་ན།
ཀེ་ཧེ་ཧེ།
ང་རྒྱལ་དྲགས་པོའི་ང་།
ཁོང་ཁྲོ་ཆེན་པོའི་ང་།
ང་འོ་དང་ང་ཡིན་ཟེར་བསྡད་པའི་ང་དེ་ནི།
ཇི་འདྲའི་སྙིང་མེད་ཅིག
ཇི་འདྲའི་སྟོབས་མེད་ཅིག
ཇི་འདྲའི་སྡར་མ་ཞིག
འགུལ་ཙམ་ཡང་བྱེད་མི་ཐུབ་པར།
ང་ལ་ཞུ་བ་འཐེན་གྱིན་འདུག
ཀྱེ།
ཁོ་ནི་འདི་འདྲའི་སྙིང་རྗེ་བ་ལ་ཨང་།
ཕྱི་ནང་ཁ་ཁར་
སྐར་ཁྲི་བཙན་ལགས། ང་ཤི་རྗེས་ལོ་འགར་མ་ཎི་འདོན་རྒྱུར་ཁས་ལེན་བྱས་པ་དེར་ཐུགས་རྗེ་ཆེ་ལགས།
བསེ་རུ་ལགས།
དངོས་ཐོག་བདེན་པ་མིག་གི་མདུན་དུ་ཡོད།།
སེམས་ཀྱི་གཡོ་ལོང་སྒྱུ་མའི་ཁྲོམ་དུ་ལུས།།
ལུས་ཀྱི་འདུ་རྒོད་རྒྱུ་ཡི་བྲན་དུ་བཙུར།།
ཕྱི་ནང་ཁ་པར་བཏང་སེམས་པ་སྡུག།
གཅན་བཟོད་རྒྱམ་ལགས།
མིའི་རྣམ་དཔྱོད་ནི་ཆེས་ལེགས་པོ་ཞིག་ཡིན་དུས། རྣམ་དཔྱོད་དེ་ཉིད་གོང་འཕེལ་དང་ཕན་ཐོག་ཞིག་ཡོང་ཆེད་མི་ཚེའི་ནང་དུ་དུས་ཚོད་ཆེས་མང་ཤོས་ཤིག་ལ་སློབ་སྤྱོང་ཟེར་ནས་གལ་ཆེན་དུ་བརྩིས་དེ་སྡུག་རུས་བྱས་པའི་མི་ཞིག་ཡིན་ན། མཐར་དེ་ཉིད་སེམས་ཁོང་དུ་བཅུགས་དེ་ཤི་སོང་བ་ཡིན་ན། དེ་ནི་གསོག་པའི་ནོར་རྫས་ཆུད་ཟོས་སུ་བཏང་བ་དང་ཁྱད་མེད་ཡིན་དུས། རྒྱ་ནག་ནི་གཏམ་དཔེ་དེ་ལས། བདག་གིས་ཉིད་ལ་གཏམ་དཔེ་ཞིག་ཞུ། བསྡོད་པ་ལས་འགྲོ་བ་དགའ་ཟེར་ནི་རེད་ལགས། ལྷག་པར་དུ་སྐྱེ་ཆེན་དམ་པ་དག་གིས་རྗེ་ཙོང་ཁ་ཆེན་པོའི་གསུང་འདི་ཉིད་སེམས་ལ་བཅིངས་ཡོད་པ་རེད། དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།
བར་དུ་གཞུང་ལུགས་ཐམས་ཅན་གདམས་པར་ཤར།།
ཐ་མར་ཉིན་མཚན་ཀུན་དུ་ཉམས་སུ་བླངས།།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།།
ཡིག་ནོར་ཡོད་ན་དགོངས་དག་ཞུ། བློ་ཐོག་ནས་བྲིས་པ་ཡིན་ལགས།
རེད་ཡ། ང་ནི་ད་ལྟ་རང་དུ་འཆི་སྲིད་པས།
ངས་ད་ལྟ་རང་དུ་ཁྱོད་ལ་སྐད་དེ་བཤད་ན་འདོད།
འོན་ཀྱང་།
ངའི་ཡ་ཆུང་གི་ཆེས་ཡང་སྦུགས་སུ་འཛུལ་བའི་ངས།
སྐད་ཆ་དེ་ཚོ་བཤད་ཀྱང་ཆོ་ཡོད་པ་མ་རེད་ཟེར།
དེ་བས། ངས་ཀྱང་།
སྐད་ཆ་དེ་ཚོ་མི་བཤད་པར་ཕྱི་མའི་ཡུལ་དུ་འཁྱེར་འགྲོ་རྒྱུ།
རྒྱ་ནག་ལ་གཏམ་དཔེ་ཞིག་ཡོད།
གསང་བ་དུར་ཁུང་ནང་དུ་འཁྱེར་ཟེར།
ངས་ཀྱང་བཤད་འདོད་པའི་སྐད་དེ་ཚོ།
དུར་ཁྲོད་དུ་འཁྱེར་ན་བཟང་བར་འདོད།
མི་རྟག་འཆི་བར་སུ་དང་གང་གིས་ཀྱང་།།
འདི་དང་འདིར་འོང་ཞེས་པ་འཆད་མི་ནུས།།
ད་ལྟ་ལས་སློབ་གང་ཞིག་བྱེད་པའི་ཚེ།།
འགྱོད་མེད་བྱ་བའི་ཕྱོགས་ལ་གཟབ་ན་དགེ།
གལ་སྲིད་ཁྱོད་སང་ཉིན་ཤི་སྲིད་ཀྱང་། ངས་ལོ་འགའ་རེར་མཎི་འདོན
རེད་དེ་ང་རང་དོ་ནུབ་རྩིས་འཁོར་ནང་དུ་མགོ་འཁོར་བཞིན་སྐབས་སུ་དབུགས་ཆད་སོང་ན་ག་རེ་བྱེད་ལགས། དེ་ལ་སྐུ་ཉིད་ཀྱིས་འགན་ཆགས་སམ།
སྤྱིར་ན་སང་ཉིན་ཤི་སྲིད། དེ་ངས་ཐག་གཅོད་ཐུབ།