མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ལྔ་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བན་སྡེ་འཚོས་སྒྲུང་ལ་ཉན་ཞོར་དུ། བར་སྐབས་ཤིག་ལ་མོ་རང་གི་མགོ་བློ་བཟང་གི་བྲང་ཁར་བཞག་མ་ཐག བློ་བཟང་གི་སྙིང་ཆུང་ལྷོག་ལྷོག་ལྡིང་མགོ་བརྩམས་ན་ཡང་། བློ་བཟང་གིས་མ་ཤེས་ཁུལ་བྱེད་ཀྱིན། མུ་མཐུད་དུ་སྒྲུང་ཀློག

བློ་བཟང་། ཁྱེད་རང་གི་དམིགས་ཡུལ་དེ་མ་འགྲུབ་པ་ཡིན་ན། ཁྱེད་རང་གི་ཕ་མ་ཚོས་ཁྱེད་རང་གི་འདོད་པ་བཞིན་རང་གི་བཟའ་ཚང་འཚོལ་དུ་འཇུག་གི་རེད་དམ་ཞེས་དྲིས་པ་དེས། བློ་བཟང་དངོས་ནས་གློ་བར་དུ་སྒྲུང་གི་འཇིག་རྟེན་དང་བྲལ་ནས་རང་གི་བྲང་ངོས་སུ་མགོ་བོ་བཞག་ཡོད་པའི་ཆེས་མཛེས་སྡུག་ལྡན་པའི་བུ་མོ་བན་སྡེ་འཚོའི་དྲི་བ་དེ་ཡིས་ཁོ་རང་གི་ཤ་གསེང་རུས་གསེང་གཉིས་ལ་འདར་སུག་རྒྱག་ཞོར། ངས་དམིགས་ཡུལ་དེ་མ་འགྲུབ་པ་ཡིན་ན་ནི། ངས་རང་གི་བཟའ་ཚང་རང་གི་འདོད་པ་བཞིན་ལོས་བཙལ། དེ་ཡི་དབང་ཆ་ང་རང་ལོས་ཡོད། ཡོད་པ་རེད་ཅེས་ལན་བཏབ།

དེ་དུས་བན་སྡེ་འཚོས། ངས་ཁྱེད་རང་ལ་ལམ་བར་ནས་བཤད་པ་ལྟར། ང་རང་ལ་བཟའ་ཚང་བྱེད་རྒྱུའི་ཁས་ལེན་བྱེད་མྱོང་སའི་ཕོ་གསར་ཞིག་ཡོད་མྱོང་བ་མ་ཟད། ལས་ངན་མ་ང་ལ་དེ་མ་དབང་བར་ཁོ་རང་རླངས་འཁོར་བརྡབ་སྐྱོན་གྱིས་གྲོངས་པའི་ཕྱིར་ཉིན་དེ་ནས་བཟུང་། ངས་དངོས་ནས་ཕོ་གསར་གཞན་ལ་གཏན་ནས་ཁ་ཡ་བྱེད་འདོད་མེད་པར་ད་ལྟའི་བར་དུ་ལུས་པ་རེད། ད་རེབས་སྟོད་ཉི་མ་ལྷ་སར་སོང་། ཕྱི་རང་ཡུལ་དུ་ལོག་པའི་ལམ་བར་ནས་ཁྱེད་རང་དང་འཕྲད་པ་རེད། དེ་ཡང་ལས་དབང་ཞིག་ཡིན་རྒྱུ་རེད་ཅེས་རང་གི་ལག་ཟུང་གིས་བློ་བཟང་གི་ལག་པ་གཡས་ལ་དམ་པོར་འཇུས་དེ་རང་གི་འགྲམ་པའི་ངོས་སུ་སྤྱར།

བློ་བཟང་དངོས་ནས་འདི་བདེན་པ་ཡིན་ནམ་སྙམ་ཞོར་དུ། བན་སྡེ་འཚོའི་འགྲམ་པའི་ངོས་སུ་ལག་པའི་ཕུར་ཕུར་བྱེད་ཀྱིན། རེད་ཡ་་་ ལས་དབང་ལོས་ཡིན། དེ་མིན་ན། མི་བརྒྱ་འགྲོ་སྟོང་འགྲོ་དེ་འདྲ་ཞིག་གི་ནང་ནས་འུ་གཉིས་གཅིག་བུ་འདི་ལྟར་ངོ་ཤེས་ཆགས་ཐབས་ཤིག་གང་ན་ཡོད།

བན་སྡེ་འཚོས། ཁྱེད་རང་ལ་ང་དང་བཟའ་ཚང་བྱེད་འདོད་ཨེ་ཡོད་ཀི སྐད་ཆ་དེས་དངོས་ནས་དྲང་གནས་ཀྱིས་བློ་བཟང་ནག་འཐོམ་མེར་བཏང་བ་མ་ཟད། སྐད་ཅིག་དེར་འདི་རྨི་ལམ་ཡིན་རྒྱུ་མ་རེད། བུད་མེད་འདི་འདྲའི་ཡག་མ་ཞིག འདི་འདྲའི་ཞི་དུལ་བག་ཡོད་ཅིག ང་དང་ལྷན་དུ་མི་ཚེ་སྙམ་བཞིན། བློ་བཟང་གིས། བན་སྡེ་འཚོ། འུ་གཉིས་ལམ་ཐག་ཐུང་ཐུང་ཞིག་གི་ནང་དུ་ངོ་ཤེས་པ་རེད། ཁྱེད་རང་གིས་ང་ལ་ཡིད་ཆེས་བྱེད་ཐུབ་ཀྱི་འདུག་གམ་ཞེས་དྲིས།

བན་སྡེ་འཚོས། ལམ་ཐག་ཐུང་ཐུང་ཞིག་ལས་འགྲོག་མེད་པ་བདེན་ན་ཡང་། ངས་ཁྱེད་རང་མི་ག་འདྲ་ཞིག་ཡིན་པ་ཤེས་སོང་། ད་དུང་། དངོས་ནས་ཁྱེད་རང་མི་འཐད་རྒྱུ་མེད་ན། ང་དངོས་ནས་ཁྱེད་རང་ལ་འགྲོག་འདོད་འདུག་ཟེར་བས་སྐད་ཆ་དེ་བཤད་མ་ཐག བློ་བཟང་གིས་རང་གི་ལག་ནང་དུ་སྒྲུང་དེབ་དེ་ཅོག་རྩེ་སྒང་ལ་ཕར་གཡུགས་ནས།

ཁྱེད་རང་གིས་ནང་མི་ཚོས་འུ་གཉིས་ལ་ཁས་ལེན་བྱེད་ཐུབ་བམ། ང་རང་ལ་དངོས་ནས་ཁྱེད་རང་དང་འགྲོག་འདོད་མེད་པ་དེ་འདྲ་གཏན་ནས་མིན། དངོས་ནས་ཁྱེད་རང་ལྟ་བུའི་བུད་མེད་ཡ་རབས་ཤིག་དང་འགྲོག་རྒྱུ་བྱུང་ན་དེ་ལས་ལྷག་ཞིག་དངོས་ནས་དགོས་དོན་མེད། ད་དུང་། ང་རང་ནང་དུ་སོང་ནས། ངས་དམིགས་ཡུལ་འགྲུབ་ཐུབ་མིན་ལ་བལྟ་དགོས་ཀྱི་ཡོད་པ་རེད། གལ་སྲིད་འགྲུབ་སོང་བ་ཡིན་ན། ཐུང་ན་ལོ་ངོ་གསུམ་བཞི་ཞིག་ལ་སྒུག་དགོས་པ་ཐུག་གི་རེད། ཁྱེད་རང་གིས་ང་ལ་སྒུག་ཐུབ་ས་རེད་དམ་ཟེར་ནས་བན་སྡེ་འཚོའི་ལག་ཟུང་སྙིང་རྗེ་མོ་དེར་འཇུས་དེ་བཤད།

བན་སྡེ་འཚོས། བློ་བཟང་ཁྱེད་རང་དངོས་ནས་ང་དང་འགྲོག་འདོད་ཀྱི་སེམས་ཐག་གཅོད་ཐུབ་ཀྱི་ཡོད་ན་ནི། ངས་ཁྱེད་རང་ལ་དངོས་ནས་སྒུག་ཐུབ། དེ་ཡི་ཕྱོགས་ལ་ཁྱེད་རང་གིས་སེམས་ཁྲལ་བྱེད་མི་དགོས་ཟེར་ཞོར་བློ་བཟང་གི་བྲང་ཁར་བཞག་པའི་མགོ་བོ་དེ་ཡར་བརྗེ་བཞིན། སྐྲ་ལོ་རིང་བོ་དེ་རྒྱབ་དུ་གཡུགས་ནས་བློ་བཟང་གི་གདོང་ལ་ཐད་ཀར་བལྟས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

སྐར་མ ༥༠ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 7

  1. sha tak ri sim says:
    ལོ་ 17 སྔོན།

    ཁྱེད་ཅག་ཚང་མ་ཕེབས་པ་དགའ་ཡོད། མུ་མཐུད་དུ་ཕེབས་ཤོག སྒུག་ནས་འདུག བལྟས་ནས་འདུག

    Reply
  2. kawakampo says:
    ལོ་ 17 སྔོན།

    དྲ་གྲོགས་ལགས་དེ་ནས་ཅི་བྱས་མྱུར་དུ་གསུངས་དང་།

    Reply
  3. triyungdrung says:
    ལོ་ 17 སྔོན།

    འོ་ཡ་
    ཕྱག་རྩོམ་ཞིག་སྤེལ་འདུག་གཱ
    མུ་མཐུད་དུ་ཀློག་བཞིན་ཡོད་
    དེ་ནས་བསམ་འཆར་ཡང་འདོན་ཨེ་ཐུབ་བལྟ་རྒྱུ་ཡིན།
    བཀའ་དྲིན་ཆེ།

    Reply
  4. hortsangdhondup says:
    ལོ་ 17 སྔོན།

    ཨ་ཁུའི་སྒྲུང་འདི་ཀློག་འདོད་མོད་རིང་དྲགས་པས་ཀློག་ཁོམ་མི་འདུག ཡང་སློབ་ཚན་ལ་འགྲོ་རན་སོང་ཕྱིར་ཡོང་ནས་ཀློག་ངེས་ཡིན་

    Reply
  5. arigman says:
    ལོ་ 17 སྔོན།

    ཀློག་ཟིན་བྲེལ་ཚོར་ཞིག་དང་མཉམ་ཏུ་སྙིང་ཁྲག་ཀྱང་འཕར་ཡོང་གི་འདུག
    བློ་བཟང་གི་དམིགས་ཡུལ་མ་འགྲུབ་ན་ཡག་ས་རེད

    Reply
  6. hortsangdhondup says:
    ལོ་ 17 སྔོན།

    ཨ་ཁུ་ཤ་ཁྲག་་་ ཁྱེད་ཀྱིས་དྲོ་བ་དེ་མ་རྙེད་པའི་རྒྱུ་མཚན་ནི་ངའི་ཚིག་ཚོགས་དེ་ལ་དོན་སྙིང་ཞིག་མེད་པས་ལེ་ཡིན། ནོར་ཁྲིད་དམ་ཞན་ཆའི་ཐད་ལ་ལམ་སྟོན་གནང་རོགས།

    Reply
  7. chentsasopa says:
    ལོ་ 17 སྔོན།

    དགོངས་དག ང་ལ་དུས་ཚོད་ཁོམ་པོ་མེད་པའི་སྟེང་ལ་ཁྱོས་འདི་ལྟར་ཆང་འཐུང་ཞིག་གི་སྐྱུག་པ་ནང་བཞིན་ལུད་ཡོང་ན་དེ་བས་ཀྱང་ཀློག་ལོང་ཞིག་གང་ན་ཡོད། ལེའུ་ལྔ་བཅུ་བར་དུ་སླེབས་འདུག གཤམ་ན་ད་དུང་མུ་འགོད་ཅེས་བྲིས་འདུག ད་འགྲོ་རྒྱུ་ཡིན། ལས་ཀ་འཚང་ཀ་ཤིག་ཤིག་གིས་སྒུག་བསྡད་ཡོད། རྗེས་སུ་ཡང་ཡང་སྐོར་རྒྱུགས་རེ་བྱེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese