འཛམ་གླིང་འདིར་ལུགས་སྲོལ་དང་གོམ་གཤིས་འདྲ་མིན་ཞིག་ཡོད་ལ། དེ་དག་གི་ཁྲོད་དུ་ང་ཚོས་སློབ་སྤྱོང་བྱེད་དགོས་ས་ཆེས་མི་ཉུང་བ་ཞིག་ཡོད་པ་ཡིན། ལས་འགུལ་སྤེལ་སྟངས། ཆིག་སྒྲིལ་གྱི་ནུས་པ། མཉམ་གནས་ཀྱི་སྟོབས་ཤུགས། འགན་འཁུར་གྱི་འདུ་ཤེས། རང་རིགས་ཀྱི་རྗེས་དྲན་ཞུ་སྟངས་སོགས་རྣམ་པ་ཆེས་མི་འདྲ་བ་མང་བོ་ཞིག་ཡོད་པ་རེད། དེ་དག་གི་ཁྲོད་ནས་འུ་ཅག་གིས་ང་རང་ད་ལྟའི་འཆར་བསྡོད་སའི་རྒྱལ་ཁབ་འདི་ལ་སྔ་མོ་ནས་མི་མང་བོ་ཞིག་གི་སློབ་སྤྱོང་བྱེད་ས་མང་བོ་ཞིག་ཡོད་པ་གསུངས་ཀྱི་ཡོད།
དམིགས་བསལ་གྱིས་རྒྱལ་བ་རིན་པོ་ཆེ་ཡིས་ཀྱང་ང་ཚོས་ཨེས་སུ་རལ་མི་དམངས་ཀྱི་སྙིང་སྟོབས་ལ་སློབ་སྤྱོང་བྱེད་རྒྱུ་མང་བོ་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། དེ་ཡིན་དུས་དེ་རིང་གི་ཉིན་མོ་འདི་ནི་ཨེས་སུ་རལ། རྗོའི་མི་རིགས་ཀྱི་ཟས་སྤོང་དགེ་སྒྲུབ་སྡུག་སྤོང་གི་ཉིན་མོ་ཞིག་ཡིན་ལ། ངས་འདི་ནས་དེ་ཡི་སྐོར་མདོར་བསྡུས་ཤིག་ཁྱེད་ཅག་ལ་ངོ་སྤྲོད་བྱེད།
ཁོང་ཚོས་ཉིན་མོ་འདི་ལ་ཁོང་ཚོས་སྐད་ནས་ཡོམ་ཀེ་པོས་ཟེར་གྱི་ཡོད། དགེ་སྒྲུབ་སྡིག་སྤོངས་ཀྱི་ཉིན་མོ་ཟེར་གྱི་ཡོད། འདི་ལ་རྒྱལ་ཁབ་འདི་ནས་སྲང་བར་དུ་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་དུ་བསྡོད་ཆོག་ན་ཡང་མགྲོན་ཁང་དུ་ཟ་མ་བཟོ་ཡི་མེད་ལ། ཟ་ཁང་དང་ཚོང་ཁང་ཡོངས་སུ་རྫོགས་པ་སྒོ་བརྒྱབ་ནས་བཞག་ཡོད། རྗོའུ་མི་རིགས་ཡིན་ཚད་ཀྱི་ཉིན་མོ་འདི་ལ་ཟ་མ་མི་ཟ་བར་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་གཤེགས་དང་། ཕྱིས་འབྱུང་གི་བྱ་བ་ལ་དམ་བཅའ་བའི་ཉིན་མོ་ཞིག་ཡིན།
ཆུ་ཚོད་ཉེར་བཞིའི་རིང་ལ་སྲང་བར་དུ་རླངས་འཁོར་གཅིག་ཀྱང་གཏན་ནས་མཐོང་རྒྱུ་མེད། མི་དག་གིས་དངོས་ནས་མཉམ་གནས་ཀྱི་སྟོབས་ཤུགས་འདི་བེད་སྤྱོད་བྱེད་ཀྱི་ཡོད། གལ་སྲིད། ཆོས་ལུགས་པ་ཞིག་མིན་ན་ཡང་། ཁོང་ཚོས་ལུགས་སྲོལ་དེར་བརྩི་བཀུར་བྱེད་དགོས་ཀྱི་ཡོད་སྟབས། ཉིན་འདི་ལ་སྲང་བར་དུ་རླངས་འཁོར་དང་སྤག་སྤག མེ་འཁོར་སོགས་གང་ཡང་མཐོང་རྒྱུ་མེད། དེ་ནི་ཆུ་ཚོད་ཉེར་ལྔའི་རིང་དུ་ཡིན།
འདི་ནི་ང་ཚོས་སློབ་སྤྱོང་བྱེད་དགོས་སའི་ལས་འགུལ་ཞིག་ཡིན། ཆོས་ཕྱོགས་ནས་བཤད་ན། བོད་མི་དག་ལ་སྟོན་པ་སངས་རྒྱས་པའི་ཉིན། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མོ་ལྟ་བུ་ཡོད། དེ་ལ་ཚང་མས་མཉམ་གནས་ཀྱི་སྟོབས་ཤུགས་དེ་བེད་སྤྱོད་འདི་འདྲ་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་ལ། མི་རིགས་ཀྱི་ལས་འགུལ་སྤེལ་སྟངས་ཀྱི་ཐད་ནས་བཤད་ན། སུམ་བཅུའི་དུས་དྲན་ཉིན་མོ་ལྟ་བུ་ཡང་བོད་མི་ཚང་མས་ཟ་ཁང་དང་ཚོང་ཁང་། ལས་རིགས་གང་ཞིག་ཡིན་ཡང་ཆུ་ཚོད་ཉེར་བཞིའི་རིང་དུ་མཉམ་གནས་ཀྱི་སྟོབས་ཤུགས་འདི་འདྲ་བེད་སྤྱོད་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག
ང་ཚོ་བོད་མི་འདུས་བསྡོད་ཀྱི་ཁོར་ཡུག་ཆེ་ཤོས་སུ་གྱུར་བ། བྱེས་ཁུལ་གཙོ་བོ་བྱས་ནས་བཤད་ན། རྡ་ས་ནི་བོད་མི་བཙན་བྱོལ་གྱི་ལྟེ་གནས་ཆགས་ཡོད་པ་རེད། ང་ཚོ་ལ་ད་ལྟའི་བར་དུ་མཉམ་གནས་ཀྱི་སྟོབས་ཤུགས་དེ་བྱུང་མེད། དེ་ནི་ཐོག་མ་དེ་ནི་རང་ཉིད་བོད་མི་ཡིན་པ་དང་བོད་མིའི་ལས་འགུལ་གྱི་ཆིག་སྒྲིལ་ལ་འགན་མ་འཁུར་བའི་རྟགས་ཤིག་ཡིན། སུམ་དུས་ཉིན་མོ་གཅིག་བུར་མཚོན་ན་ཡང་། ཉིན་རྒྱབ་དུ་ཟ་ཁང་དང་ཚོང་ཁང་གི་སྒོ་ཕྱེ་བ་དང་། ཚོང་གཉེར་བ་ཚོ་ཆུ་ཚོད་ཉེར་བཞིའི་རིང་དུ་ཡང་ཅི་ཞིག་གི་མ་འདང་བའི་མེད་མུག་གི་ནད་ཚ་ཞིག་གི་བཟུང་ཡོད། དོན་དངོས་ཐོག མི་རིགས་ཀྱི་བླ་སྲོག་ལ་སེམས་འཁུར་བྱེད་པ་དང་སྲོལ་རྒྱུན་གྱི་འདུ་ཤེས་སླ་བར་གྱུར་བའི་གོམ་གཤིས་རེད།
མཐའ་དོན་དུ། ང་ཚོས་གཞན་མི་དག་གི་བྱེད་ཚད་ལ་ལད་ཟློས་བྱེད་དགོས་པ་མེད་ཀྱང་མི་རིགས་ཀྱི་འདུ་ཤེས་དང་མཉམ་གནས་ཀྱི་སྟོབས་ཤུགས། ཆིག་སྒྲིལ་གྱི་ནུས་པ་ལ་ཕན་པ་དེ་དག་ལ། ཨེས་སུ་རལ་གྱི་སྡིག་སྤོང་དགེ་སྒྲུབ་ཀྱི་ཉིན་མོ་བཞིན། མི་རིགས་ཀྱི་འདུ་ཤེས་ཟབ་མོ་དང་གོམ་སྲོལ་གྱི་རྒྱུན་འཛིན་སྲ་མོ་ཞིག་ཡོད་ན་དངོས་ནས་ཡག་པོ་འདུག
ཨེས་སུ་རེལ་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ཉིན་མོ་ནང་དུ་འཛུལ་ཞོར་དུ་བྲིས་པ་ཡིན། ༡༨།༩།༡༠
ལྷ་མོ་ལགས། ཉིད་ནས་གསར་འཕྲིན་བསྐྱེལ་དུ་ཡོང་བ་བཀའ་དྲིན་ཆེ་ལགས། ཁོམ་པ་ཞིག་བཙལ་ནས་འབྲེལ་ཐག་འདི་འཁྱེར་ནས་འགྲོ་ཆོག
གཅན་བཟོད་རྒྱམ་དང་གཅེན་པོ་གཉིས་ཀྱིས་གསུངས་པ་དེ་སེམས་ལ་བཟུང་ཡོད། དེ་ལྟར་བྱོས། ཁས་ལེན་བྱེད། རྣམ་པ་གཉིས་ཀྱིས་གསུངས་དུས་བདེན་པ་ཞིག་ལོས་ཡིན། དེ་ཡང་རྣམ་པ་གཉིས་ཀ་རིགས་ཀྱི་ཤ་ཚ་དང་ཡོད་མཁན་དང་། དུས་རྒྱུན་དུ་བདག་གི་ཁྱིམ་གཞིས་འདིར་ཕེབས་མཁན་ཡིན་དུས་ཚིག་ལ་གདེང་འཇོག་ལོས་བྱེད།
དྲ་གྲོགས་ཚོ། ཉེ་ཆར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁོང་གི་ཟིན་བྲིས་སུ་བསམ་ཚུལ་ཞིག་སྤེལ་ཡོད་པ་དང་། དེའི་ནང་གསུང་བཤད་ཅིག་གི་གློག་བརྙན་ཁུངས་སྐྱེལ་དུ་བཞག་ནས་གསུང་བཤད་དེའི་ནང་དོན་གྱི་ཐོག་ལ་ཧ་ལས་པའི་སྒོ་ནས་སྐྱོན་བརྗོད་དང་བློ་ཕམ་བྱས་འདུག གནད་དོན་འདིའི་ཐད་འདི་ལ་ལྟ་ཚུལ་གང་ཡོད་ཀྱང་དོ་སྣང་ངེས་པར་བྱེད་དགོས་པ་ཞིག་རེད། གཤམ་ལ་འཇམ་དབྱངས་ནོར་བུ་ལགས་ཀྱི་དྲ་བ་དང་། གློག་བརྙན་གྱི་འབྲེལ་ཐག་བཅས་བཞག་ཡོད། གནས་ཚུལ་འདི་ལ་ཕྱོགས་ཡོངས་ནས་དོ་སྣང་བྱེད་རོགས། དྲ་གྲོགས་ཚོ།
༡ འཇམ་དབྱངས་ནོར་བའི་ཟིན་བྲིས་ཀྱི་ནང་བཀོད་པའི་རྩོམ་དང་བཅས་པའི་ཁ་བྱང་། http://www.jamyangnorbu.com/blog/2010/09/10/dangerous-liaison-i/
༢ འཇམ་དབྱངས་ནོར་བུ་ལགས་ཀྱི་ཟིན་བྲིས་སུ་དྲངས་པའི་གསུང་བཤད་གློག་བརྙན་གྱི་དྲ་ཐག http://www.youtube.com/watch?v=c-_7sBcuyqA&feature=player_embedded
ང་རང་ཚོས་ཀྱང་དེ་ལྟ་བུའི་མཉམ་ལས་རྒྱ་ཆེར་བཏང་ན་ད་གཟོད་གངས་ཅན་ཆིག་བསྒྲིལ་གྱི་ནུས་པ་དེ་ཐོན་གྱི་རེད།
ད་ལྟ་བར་ང་རང་བོད་རིགས་རྣམས་ཆིལ་བསྒྲིལ་བྱུང་མྱོང་ཡོད་པ་མ་རེད།
དོན་དངོས་ཐོག་ཁ་སྟོང་པ་རྐྱང་རྐྱང་བཤད་ནས་ཕྱིན་པ་རེད།
དམིགས་དཔེ་ལས་མིག་དཔེ་མཐུན་པ་དང་དུང་དགོས་ན་མིག་ལྟོས་ཞེས་འབྲི་ན་ཤིན་ཏུ་ཐད།
དོན་དག་ཁ་གསལ་དག་ཡིག་དག་ན་ཡོད་པ་རེད། བོད་པའི་ཤེས་ཡོན་པ་མང་པོས་མ་ཟེར། འདི་ཀུང་ལུང་དང་འགན་རང་གིས་མ་འཁུར་བའི་སྐད་ཆ་རེད། ད་ནས་བཟུང་དམིགས་དཔེ་ཟེར་བ་ལས་མིག་དཔེ་ཞེས་བྲིས་དང་། འདི་ཚད་ལྡན་ཡིན་རྒྱུ་རེད་འདོད། ཧེ་ཧེ་ཧེ། རྒུན་ཆང་གིས་ངར་ཁ་འདི་ཅིག་མི་འདྲ་གི་ཡ།
གཅན་བཟོད་རྒྱམ་ལགས། བདག་གིས་དམིགས་དཔེ་དང་མིག་དཔེ་གཉིས་ཀྱིས་གང་བདེ་མིན་ཐད་དུ་གསལ་བོ་ཞིག་ཞུ་ཤེས་མ་སོང་། འོན་ཀྱང་། ང་རང་གི་གོམ་ཕྱོགས་ཤིག་དང་བོད་མི་ཤེས་ཡོན་པ་མི་ཉུང་བ་ཞིག་གིས་དམིགས་དཔེ་ཟེར་ནས་བྲིས་པ་མང་བོ་མཇལ་མྱོང་ཡོད་ལ། དེ་དག་ལ་གཞི་བཟུང་བ་ཡིན་ཟེར་ན་ཆོག དེ་མིན་རང་ཉིད་ཀྱི་མིག་ལ་འཛའ་དང་མི་འཛའི་སྐོར་བསམ་བློ་བཏང་མེད་ལགས། དེ་ལྟར་ཡིན། བསམ་ཚུལ་ཐད་ཀར་ཞུས་པ་ཡིན།
གླག་སྨྱོན་ལགས། ང་ཚོས་གང་ས་ནས་དམིགས་དཔེར་བལྟ་འོས་པའི་བྱ་དངོས་གང་ཅིའི་རིགས་བོད་མི་དག་ལ་ངོ་སྤྲོད་དང་སྐུལ་ལོངས་ཤུགས་ཆེན་བྱས་པ་ཡིན་ན། གྲུབ་འབྲས་གཏན་ནས་མེད་པ་ཞིག་ཡིན་མ་སྲིད། ང་ཚོས་རང་རང་ས་ནས་འགན་རེ་བླངས་དེ་རེ་སྐུལ་ནན་པོ་བྱེད་ཡ
བརྗོད་གཞི་གསར་པ་དང་བཀླགས་སྤྲོ་བོ་བྱུང་།
དྲི་བ་གཅིག་རང་གཅིག་ཡོད།
དམིགས་དཔེ་ཟེར་བ་འདི་ལ་ཁྱོད་ཀྱིས་གོ་བ་ཅི་ལྟར་ལེན་གི་ཡོད། དེ་བས་མིག་དཔེ་ཟེར་ན་དོན་གནས་པར་འདོད། ངས་ནམ་རྒྱུན་དམིགས་དཔེ་ཟེར་བ་འདི་བློར་འབབ་ཀི་མེད།
ཤ་ཁྲག་ལགས་ཀྱིས་བཤད་པར་ཧ་ཅང་བདེན། ཡིན་ན་ཡང་ང་ཚོ་བོདཔའི་མི་རྣམས་དཔལ་འབྱོར་ལ་རྔམ་དྲག་ནས། དེ་འདྲའི་དུས་ཚོད་ཞིག་བེད་སྤྱོད་བཏང་རོགས་བྱེད་སྲིད་དམ། མ་གཞི་ནི་དེ་འདྲའི་རྩ་འཛུགས་ཞིག་ཀྱང་སུས་བྱེད་རྒྱུ་རེད། གོང་ས་མཆོག་གིས་ནི་དེ་འདྲའི་བཀའ་སློབ་ཞིག་ཆབ་སྲིད་ཀྱི་ངོས་ནས་གནང་མི་ལོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ལ་དེ་འདྲའི་ནུས་པ་ཞིག་མེད། ད་ཇི་ལྟར་བྱས་ན་བཟང་གི་རེད།
ཉི་ཟླའི་མགྲོན་བདག་ལགས། སྐུ་ཉིད་དངོས་ནས་གཞི་བདག་དུ་སྐྱེ་བ་བླངས་ཚར་འདུག དེ་འདྲའི་མགྱོགས་པོ་ཞིག་ཕེབས་འདུག དགའ་ནས་ཡོད། བསམ་ཚུལ་རེ་གསུང་རྒྱུ་མ་བརྗེད་ཅིག
དྲ་གྲོགས་ལགས་དེ་དེ་བཞིན་ནོ། བོད་པ་ཚོས་དེ་འདྲའི་མིག་དཔེ་ཞིག་བཞག་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན།སྤེལ་བ་དགའ་བོ་བྱུང་།