མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་ཁ་ཤས་རིང་དུ་བདེ་མོ་བྱོས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

དྲ་ཐོག་གི་སྤུན་ཟླ་ཚོ། ཉིན་མ་ཁ་ཤས་ཀྱི་རིང་དུ་བདེ་མོ་བྱོས། ང་རང་འདི་ནས་བོད་རིགས་སྤུན་ཟླ་འགའ་དང་ལྷན་དུ་རྒྱབ་ཁབ་འདིས་ནུབ་ཕྱོགས་སུ། རྗོར་ལྡན་གཙང་བོ་ཟེར་བའི་ཡུལ་དེར། ཁོང་ཚོ་དང་ལྷན་དུ་ཤིང་སློང་ངམ་སྤྲོ་གསེང་དུ་འགྲོ་བཞིན་ཡོད།

ང་ཚོ་འདིར་གནས་པའི་བོད་རིགས་ཁྱིམ་ཚང་ཁ་ཤས་ཤིག་འགྲོག་ནས་སྤྲོ་གསེང་དུ་འགྲོ་བཞིན་ཡོད་ལ། ན་ནིང་དེར་སོང་ནས་ང་ཚོ་དངོས་ནས་སྐྱིད་པོ་བྱུང་། གློག་དང་གློག་ཀླད་ཁ་པར་སོགས་གང་ཡང་བེད་སྤྱོད་བྱེད་མི་ཐུབ་པའི་ས་གནས་ཤིག་ཡིན། ས་གནས་དེར་ང་ཚོ་གདོད་མིའི་ལུགས་སྲོལ་ལྟར་རས་གུར་ཆུང་ཆུང་རེ་ཕུབ་ནས། སྟབས་བདེ་བའི་ཁ་ལག་རེ་བཟོས་དེ། སྤྲོ་གསེང་བྱེད་རྒྱུ་ཡིན། སྤྲོ་གསེང་དེ་ན་ངེད་ཅག་གིས་མེ་ཕུང་གི་སྐོར་བྲོ་དང་། སྤུ་རག་གི་བཟི་ཁ། སྙིང་གཏམ་གྱི་ལབ་གླེང་བྱེད་ངེས་ཡིན།

སྤྱིར་ན་གཞན་ཡུལ་ནས་རང་ཡུལ་ལྟ་བུའི་སྤྲོ་སྣང་ཞིག་ཁག་པོ་ཡིན་ཡང་། སྤུན་ཟླ་ལྷན་འདུས་ཀྱི་སྣང་བ་དེས་རང་ཡུལ་གྱི་གོམ་གཤིས་དང་རང་ཡུལ་གྱི་སྣང་བ་སོགས་ལ་རྗེས་དྲན་བྱེད་ཐུབ་ལ། དུས་ཐུང་གི་སྤྲོ་སྐྱིད་ཅིག་གི་ཕན་ཚུན་གྱི་སྐྱིད་སྡུག་ལྷོད་ལྷོད་ཀྱིས་ཁ་བརྡ་བྱེད་ཆོག་པ་ཡིན། ང་ཚོས་རང་རང་གི་ཕྲུ་གུ་ཚོའི་མ་འོངས་པ་གླེང་ངེས་ཡིན་ལ། རང་རང་གི་མི་རིགས་ལ་བཅིངས་པའི་བརྩེ་སེམས་ཀྱང་ལྷུག་པོར་བརྗོད་ཐུབ། འོན་ཀྱང་། ཚང་མ་ལག་ལེན་དུ་འཁེལ་ཐུབ་མིན་དེ་ནི་སྐྱེ་བོ་སྒེར་སོ་སོའི་འབད་བརྩོན་དང་གྲུབ་འབྲས་ལ་རེག་ལས་པ་དེ་ནི་བཤད་ཅི་དགོས།

ད་གཟོད་དེ་རིང་ང་ཚོ་ལམ་དུ་ཆས་བཞིན་ཡོད། ཆས་ཤུལ་དུ་ཉིན་ཁ་ཤས་རིང་ལ་ང་རང་དྲ་ཐོག་གི་སྤུན་ཟླ་ཚོ་དང་ཉིན་ཁ་ཤས་རིང་དུ་སྐྱིད་སྡུག་མཉམ་གླེང་གི་བསམ་ཚུལ་སྤེལ་མ་ཐུབ་ཀྱང་། ང་རང་སེམས་པ་དུས་རྒྱུན་དུ་དྲ་ཐོག་གི་སྤུན་ཟླ་རིགས་ཞེན་ཅན་ཁྱེད་ཅག་གི་ལྷན་དུ་ཡོད། བཟང་ངན་ཡག་ཉེས་གང་ཞིག་གླེང་ན་ཡང་། ང་ཚོས་རང་གི་ཉམ་མྱོང་དང་། མ་འོངས་བོད་ཀྱི་འཆི་གསོན་གླེང་གི་ཡོད་དུས། གླེང་སྟངས་ཀྱི་ཆ་ལ་ཡང་མི་རེ་ཡི་རྣམ་དཔྱོད་དང་། ཁོར་ཡུག་དང་བསམ་བློའི་བབས་དང་བསྟུན་ནས་གླེང་གི་ཡོད་དུས། ཚང་མ་འདྲ་མཉམ་ཞིག་མི་ཡོང་ན་ཡང་། ཚང་མས་བོད་དུ་ཕྱོགས་པའི་རིགས་ཞེན་དེ་ནི་ནམ་ཡང་གཙང་མ་ཡིན། ང་རང་མེད་ཤུལ་གྱི་ཉིན་མ་ཁ་ཤས་རིང་དེར་ཁྱེད་ཅག་གིས་བོད་དོན་གྱི་སྐོར་དང་། སྐྱེ་བོ་སྒེར་གྱི་ཉིན་རེའི་དགའ་སྐྱོ་ཆགས་སྡང་། འགྲུལ་བཞུད་ཟིན་ཐོ། ཚོར་བའི་སྙན་ངག དྲན་ཤིང་དང་འུ་ཐུག་པའི་སྐབས་ཀྱི་སྣང་བརྙན་སོགས་དྲ་ཐོག་ནས་རྒྱུན་མ་ཆད་པར་གླེང་རྒྱུར་བདག་གིས་རེ་སྐུལ་ཞུས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 7

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། ང་རང་ཕྱིར་སླེབས་ཡོད་ལ། ལྷན་དུ་འཆམ་པ་ཞིག་ཀྱང་འཁུར་ནས་སླེབས་སྟབས། ཉིན་གཉིས་རིང་དུ་དྲ་ཐོག་དུ་ཡོང་ནས་ཟིན་བྲིས་རེ་ཀློག་པ་ལས་རང་གིས་ཟིན་བྲིས་གང་ཡང་འབྲི་ཐུབ་མ་སོང་། དོ་ནུབ་ངས་ཟིན་བྲིས་ཤིག་འབྲི་བཞིན་ཡོད། ཁྱེད་ཅག་ཚང་མ་བདེ་མོ་ཡིན་ནམ། སྔར་བཞིན་དུ་དྲ་ཐོག་དུ་ཡོད་དམ། གནས་ཚུལ་གསར་བ་འདྲ་ཡོད་དམ།

    Reply
  2. jigme says:
    ལོ་ 16 སྔོན།

    ཁྱོད་ཚོའི་སྤྲོ་གསེང་སྤྲོ་བོ་ཡོང་བའི་རེ་སྨོན་ཡོད། དྲ་འབྲེལ་མེད་ས་ནས་ཤ་ཁྲག་ཁྱོད་སྡོད་ཨེ་ཚུགས་མི་ཤེས་དེ། ཕྱིར་སླེབས་རྗེས་དྲ་ཐོག་ལ་པར་འགའ་ཤས་འཇོག་རོགས།

    Reply
  3. lingkalsang says:
    ལོ་ 16 སྔོན།

    ཨ་རོ་ཁྱོད་གུང་སེང་ལ་འགྲོ་རྒྱུ་མང་ག ད་ཐེངས་བོད་པ་ཁ་ཤས་ཀྱི་མཉམ་དུ་གུང་སེང་འགྲོ་རྒྱུ་ཡིན་པ་གོ་ནས་དགའ་སོང་།

    Reply
  4. sarchen says:
    ལོ་ 16 སྔོན།

    ཨ་རོ།དྲ་གྲོགས་ལགས།ཨ་ཙི་ཁྱོད་འདི་ཅི་འདྲའི་མྱི་སྐྱིད་ཞིག་རེད་ཨང།ང་རང་ཡང་ཁྱེད་ཅག་དང་མཉམ་དུ་སྤྲོ་སྐྱིད་གླིང་ཀ་རུ་ཕ་ཡུལ་གྱི་གནའ་གཏམ་གླིང་ན་འདོད།ཨ་ལ་ཀུ་རེ་ཡིན་ཐལ།སྤྲོ་སྐྱིད་གླིང་ཀ་བཏང་ནས་ཕེབས་ཤོག་དང་ངེད་ཅག་གིས་སྒུག་ནས་སྡོད།

    Reply
  5. dorjee108 says:
    ལོ་ 16 སྔོན།

    ཉིན་ཁ་ཤས་དེ།
    སྐྱེད་མེད་ཀྱང་སྐྱོ་བ་སངས་རོགས།
    ཞེས་པའི་དཔེ་བཞིན་ངོ་མ་སྐྱོ་སངས་ཞིག་ཡིན་ངེས་རེད།
    ཉིན་ཁ་ཤས་གི་རིང་ངས་ཁྱེད་རང་དྲན་བཞིན་སྒུག་འདུག

    Reply
  6. sha shoung says:
    ལོ་ 16 སྔོན།

    ང་ཚོ་ཚང་མས་ཁྱོད་དྲན་གི་འདུག་ཡ། དེའི་རྒྱུ་མཚན་ད། ཕལ་ཆེར་ཅིག་ཚལ་མོག་མོག་ཡིན་རྒྱུ་རེད་དགོད། ཧ་ཧ་ཧ།

    Reply
  7. sha shoung says:
    ལོ་ 16 སྔོན།

    ཅིག་ཚལ་མོག་མོག་བཟོ་གི་ཨེ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese