སྐབས་དེར ངས་ཅི་ཡང་མ་ཤེས
དེ་འདྲའི་སྐྱིད་སྣང་ཅིག
ས་སྒང་དེ་ནི་ང་རང་གཅིག་བུ་ལ་དབང་
ལམ་ཆེན་ཞིག་གི་སུམ་མདོ་དེ་ནས
ག་ལེར་ཕྱིར་མིག་ཞིག་འཕངས
རིག་མྱོང་བ་ནས་འཐིམ་འགྲོ་བཞིན་པའི་ང་
མཚམས་དང་དབྱེ་བ་མེད་པར
དུས་ཚོད་ཀྱི་གསེང་དང་ལས་ཀའི་བར
སྐྱེ་འཆི་དང་དགའ་སྡུག་གི་རྨི་ལམ་ཆེས་མོད་པ་ཞིག་གི་ཁྲོད་ནས
གཉིད་སོང་ན རི་བོ་དེ་ཡང་ཚུར་ལ་འོང་མཁན་ཞིག
མ་གཉིད་གོང་དུ འཁྲིས་ཀྱི་མི་དེ་ཡང་འབོད་དགོས་ཀྱི་འདུག
མཛེས་སྡུག་གི་སྒྱུ་མ་མཐའ་དག
ཁྱེད་ཀྱི་སྟེང་དང་འོག
རྐུབ་དང་བརྒལ་གཞུང་ཡོད་ཚད་ན
དགའ་ཚུལ་དེས་ང་རང་བསླུས་པ་གྲངས་ཀྱི་མི་ལོངས
རྩིས་ཀྱང་རྫོགས་པ་ཞིག་མེད
དོན་དངོས་སུ ཁྲེལ་གཞུང་གི་ལཽ་ཟླ་ཞིག་ཡིད་དུ་འོང་
ཚིག་འབྲི་རེ་རེ
ཁ་ནས་དབང་མེད་དུ་ཤོར སྐར་ཆ་རེ་རེ
གནམ་འོག་གི་ཆེས་སྐྱིད་པའི་དུས་ཤིག
འཛུབ་དཀྲུས་ཤིག་སྐོན་འདོད་ཀྱང་
ཐག་རིང་ཐག་རིང་གི་ས་དེ་ན
ཁྱེད་ལ་གནས་ཚང་ཞིག་ཡོད་པར་བཤད
མེད་སོང་ན་ཁྱོད་ལ་སྡུག་ཆེ་འམ
མེད་སོང་ན་ཁྱོད་ལ་སྟབས་བདེ
འདོད་རྔམས་ཀྱིས་འཇིག་རྟེན་ལ་བལྟས་པས
རང་ཉིད་ལ་ཇི་ཡང་མེད་པ་འདྲ་ཞིག
དོན་ངོ་མར་ཁྱོད་ཀྱིས་ཡོད་ཚད་རྙེད་འདུག