མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་གནམ་འོག་འདི་ནས་སྐད་ཆ་བཤད་ས་མ་རེག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

                                                ་་་་་་་་་་་་་་་་་་་ང་ཚོས་བཤད་མ་ཤེས་པ་ཡིན་ནམ། བཤད་ས་མེད་པ་རེད།

སུ་ཚང་གི་སྒོ་འགྲམ་ཞིག་ནས། ངས་རང་ཉིད་ཅེས་པའི་ཐ་སྙད་དེར་བསམ་བློ་བཏང་བ་ནས་བཟུང་། གནམ་འོག་གི་འཇིག་རྟེན་འདི་ན་བདེན་པ་ཞིག་ཡོད་པར་ཡིད་ཆེས་བྱས་པ་ཡིན། ཡིད་ཆེས་དེ་ལ་བཅོལ་བའི་ང་ཡི་སྙིང་སྟོབས་ཀྱང་རིགས་ཀྱི་ནུས་པ་ལས་བྱུང་བ་ཡིན། དེ་ནས་བཟུང་། ངས་གནམ་འོག་ནས་སྐད་ཆ་ཞིག་བཤད་ས་བཙལ་ནས། རང་གིས་སྐད་ཆ་བཤད་རྒྱུར་མུ་མཐུད་དུ་སྤྱངས།

ལོ་ངོ་ནི་ཆུ་རྒྱུན་བཞིན་དུ་བཞུར། ང་རང་ཡང་དེ་དང་འགྲོགས་ནས་གནམ་འོག་འདི་ལ་སྐད་ཆ་བཤད་སའི་ཁོར་ཡུག་ཞིག་འཚོལ་དུ་བྱིན། རི་གཟར་ས་དང་ལམ་དོགས་ས། ཉེན་ཁ་ཆེ་ས་དང་མི་ཁ་རྒོད་ས། མ་སོང་བའི་ས་ཞིག་རང་གི་ཚོད་ཀྱི་མེད་པར་བྱས། ད་དུང་། ངས་གནམ་འོག་འདི་ནས་སྐད་ཆ་ཞིག་བཤད་ས་མ་རྙེད། གཅིག་བྱས་ན་རང་གིས་ཀྱང་བཤད་མ་ཤེས་པ་ཡིན་སྲིད་ལ། གཅིག་བྱས་ན་ཉན་མཁན་དག་གིས་ཀྱང་ཉན་མ་ཤེས་པ་ཡིན་སྲིད། གང་ལྟར། ཕྱོགས་གཅིག་ན་ནོར་འཁྲུལ་ཞིག་ཡོང་གི་ཡོད་པ་ནི་བདེན་པ་རེད་འདུག

ང་རང་ལ་མྱི་ཞིག་གི་སྐྱེ་བ་བླངས་ཡོད་པ་དང་། དེ་ཡི་ནང་ནས་བོད་རིགས་ཀྱི་ཁུངས་སུ་བོད་པ་ཟེར་བའི་མི་ཞིག་གི་སྐྱེ་བ་བླངས་པ་དེ་ནི་ང་རང་གི་སྐྱེ་བ་སྔོན་མའི་གདམ་ག་བྱས་པ་དེ་ལེགས་འགྲུབ་བྱུང་མིན་སོགས་བདག་གིས་མི་ཤེས་ཀྱང་། ལྡོག་དུ་མེད་པ། དངོས་སུ་མིག་གི་མཐོང་བ་དང་། ལག་པའི་རེག་རྒྱུ་ཡོད་པ་སོགས་ཀྱི་ལམ་ཕྲན་འདི་རྒྱུད་དེ་རང་ལ་བལྟས་དུས། ངས་བཤད་ཤེས་པ་བོད་སྐད་དང་། ང་རང་འཚར་ལོངས་བྱུང་ཡུལ། ངའི་སྐྱེ་ཡུལ། ང་ཡོང་སའི་ལྗོངས། གང་ལ་ཡང་བོད་ཟེར་ནས་འབོད་ཀྱི་འདུག དེ་ཡིན་དུས་ང་རང་ཡང་བོད་པ་ཡིན་དགོས་པར་ཐེ་ཚོམ་མི་འདུག་པ་ང་ཡིས་ཐག་བཅད་ཀྱང་འགྲིག

ཐག་གཅོད་དེ་ཡི་སྔ་གཞུག་ལ་ངས་རང་ཉིད་ཀྱི་གནམ་འོག་འདིའི་བོད་མི་དག་ལ་བཤད་འགོ་བཙུགས། བོད་མི་དག་གིས་ཀྱང་ང་རང་ལ་ཁོང་ཚོས་སྐད་ཆ་བཤད། ངས་ཀྱང་རང་གིས་བཤད་འདོད་པ་དག་བཤད། གང་ལྟར། ང་ཚོ་ཚང་མས་བཤད་ཀྱང་། གནམ་འོག་འདི་ན་དོན་དམ་པའི་སྐད་ཆ་ཞིག་བཤད་ས་མེད་པ་ཡིན་ནམ་ཅི། ང་ཚོ་ཡ་ལན་མེད་པའི་ལོ་ཟླ་ཞིག་གི་ཁྲོད་དུ་ལུས་འདུག ཨོ་རེད། གནམ་འོག་གི་མི་མང་ཤོས་དེར་ཁག་ཅི་ཡོད། ཁོང་ཚོས་བོད་སྐད་དང་བོད་ཡིག་མི་ཤེས། འོ་ན། ཤེས་མཁན་གྱི་རིགས་རུས་གཅིག་པ་དེ་དག་ལ་ཅི་ལན་ཡོད་དམ་སྙམ་ཞོར། ངས་གནམ་འོག་འདི་ནས་སྐད་ཆ་བཤད་ས་མ་རེག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༤ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 8

  1. sha tak ri sim says:
    ལོ་ 15 སྔོན།

    འཇམ་མགོན་ལགས།

    སེམས་ཀྱི་སྨོན་འདུན་ཞུས་པ་དགའ་ནས་ཡོད།།
    གཏམ་གྱི་ཀུ་རེ་ཡང་ཡང་འདིར་བྲིས་པ།།
    ཉེ་རྒྱང་རིང་གི་ཆོད་ཀྱང་རིགས་མཐུན་སྣང་།།
    ནམ་ཡང་མ་བྲལ་ལྷན་འདུས་བྱུང་བ་སྨད།།

    Reply
  2. jamgon says:
    ལོ་ 15 སྔོན།

    གྲོགས་ཐ་ཧྭར་སྐལ་བཟང་ལགས།
    ཁྱོད་ངོ་མ་ཁུ་བྱུག་འདྲ་ཞིག་རེད།།
    ཟླ་བཞི་བ་ཚེས་དུས་ཐོན་དང་གི།
    གསུངས་སྙན་མོ་མཚམས་རེ་སྒྲོགས་དང་གི།
    སས་དལ་དུས་གལ་ལེར་བུད་འགྲོ་གི།
    སེམས་སྐྱོ་བའི་གཞི་མ་དེ་དུས་རེད།།
    དུས་དེང་སང་གང་གི་ཕྱོགས་ན་ཡོད།།
    སྐུ་སྐྱིད་པོ་བདེ་མོ་ཨེ་ཡིན་ལགས།།
    ལག་ལས་ཀ་བྲེལ་བ་ཨེ་ཆེ་གི།

    Reply
  3. jamgon says:
    ལོ་ 15 སྔོན།

    བོད་ཤ་ཁྲག་ཨ་མའི་བུ་ཡིན།།
    བུ་ཁྱོད་ཀྱི་བརྩེ་བ་ལྷ།།
    ལྷ་བླ་མ་སྐྱབས་འཇུག་ངས་ཞུ།།
    ཐུགས་བརྩེ་བའི་ཟིན་བྲིས་འབྲི་རོགས།།

    Reply
  4. karmadentse says:
    ལོ་ 15 སྔོན།

    ད་ལྟ་ནང་ན་ཡོད། སང་ཉིན་ཡང་ཁོམ་བསྡད་ཡོད། ཁྱེད་རང་གི་འདོད་པ་ལྟར་བྱོས།
    ཧེ་འཇམ་མགོན་བདེ་མོ་ཡིན་ནམ།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    འཇམ་མགོན་ལགས།

    སེམས་བསམ་པ་ཨ་ཐང་ཆད་མེད་ཀྱང་།།
    ལུས་དར་མའི་སྒང་ལ་མ་འཇོན་དུས།།
    དུས་མི་རྟག་རྒས་གཉེར་སླེབས་དུས་སུ།།
    ཅིག་བྱེད་འདོད་ཡོད་ཀྱང་ཚར་བ་རེད།།
    དེ་བསམ་ནས་སེམས་པ་ན་བ་ཡིན།།

    Reply
  6. sha tak ri sim says:
    ལོ་ 15 སྔོན།

    རེད་ལགས། ཉིད་ནས་གསུངས་པ་དེར་དགའ་ཡོད། བདེན་པ་རེད། ཉིད་ནས་སྒུག་ཡོད་བཞག་རེད། མི་ཡུལ་ནས་དུས་ཚོད་ཁ་ཤས་ཤིག་ལ་རང་དབང་དུ་མི་ཡོང་་བའི་ཡོད་པ་ཁྱེད་རང་གི་ཤེས་གསལ་རེད། གང་ལྟར། དོ་ནུབ་ངས་ཁྱེད་ལ་ཁ་པར་གཏོང་གི་ཡིན།

    Reply
  7. jamgon says:
    ལོ་ 15 སྔོན།

    བོད་ཤ་ཁྲག་ཨ་ཐང་ཆད་གོ་གི།
    སེམས་བསམ་པའི་སྙིང་གཏམ་བརྗོད་གོ་གི།
    བོད་སྐད་ཡིག་ལས་དབང་གླེང་གོ་གི།
    བློ་ཞིབ་དུ་དཔྱད་ན་བདེན་གོ་གི།

    Reply
  8. karmadentse says:
    ལོ་ 15 སྔོན།

    སྐད་ཆ་བཤད་ས་བཀའ་འགྱུར་མེད་གི་ན། གདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་གྱི་ཆུ་ཚོད་ཁ་ཤས་ཀྱི་རིང་ལ་ངས་ཁྱོད་ཀྱི་ཁ་པར་ལ་སྒུག་པ་ཡིན། དེ་མིན་ཅང་མེད་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese