མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

འཆི་བ་ལ་སྒུག་པའི་རྒན་མོ་ལོ་ལོན་གཉིས་དང་ཐུག་འཕྲད་བྱེད་དུ་བཅར། གཉིས་ཀ་མཛའ་མོའི་ཉེ་འབྲེལ་ཡིན། ངས་འདི་ནས་འཆི་བ་ལ་སྒུག་པའི་མི་ཟེར་དོན་ནི། འཇིག་རྟེན་ཡོངས་གྲགས་ནས་བཤད་ན། ལོ་ལོན་ནས་ལོ་བརྒྱད་བཅུ་ཟིན་དུས་སུ། ལ་ཁའི་ཉི་མ་ཞེས་འབོད་སྲོལ་ཡོད་པ་དེ་ཡི་སྟབས་ཀྱི་བཏགས་པ་ལས། ང་ཚོ་ལ་འཆི་བ་མེད་ཟེར་བའི་དོན་མིན། ང་ཚོ་ཡང་སྐྱེ་ནས་བཟུང་འཆི་བ་འགོ་བཙུགས་པ་ནི་སུས་ཀྱང་ཤེས་པ་ཞིག་ཡིན་མོད། ལོ་ནམ་ཚོད་ཀྱི་བཤད་ན་གཞོན་དུས་སུ་འཆི་བ་ནི་ཉུང་དུ་གྲགས་པས་ཡིན། འོན་ཀྱང་། འཆི་བ་ལ་གཏན་འཁེལ་ཞིག་ག་ལ་ཡོད། ཆུང་དང་ཆེ། གཞོན་དང་རྒན། དར་དང་རྒས་ཀྱི་ས་མཚམས་ཤིག་གང་ན་ཡོད།

འཆི་བ་སྒུག་པའི་མི་ཞེས་བཤད་མ་ཐག དངོས་ནས་ང་རང་གིས་བཤད་ནོར་ཞིག་ཐེབས་པ་མིན་འགྲོ་སྙམ་ཞོར་དུ། རྒན་མོ་ལོ་ལོན་གཉིས་ལ་ཐུག་འཕྲད་བྱེད་དུ་སོང་ཡུལ་ཡང་མི་འདྲ་བ་ཡིན། གཅིག་ནི་ལོ་༨༥དང་། གཞན་དེ་ནི་ལོ་༩༤ཡིན། གཅིག་བྱས་ན་ངས་འདི་ལྟར་འཆི་བ་ལ་སྒུག་བཞིན་པའི་ལོ་ལོན་གཉིས་ཞེས་བཤད་པ་དེར་རྒྱུ་མཚན་མེད་པ་ཞིག་ཀྱང་མིན། རྒན་མོ་གཉིས་ཀྱི་གནས་སྟངས་དང་འཚོ་ལུགས་གཏན་ནས་མི་འདྲ། ལོ་༨༥ལ་སོན་པའི་རྨོ་རྨོ་དེ་ནི་ངའི་མཛའ་མོའི་རྨོ་རྨོ་ཡིན། གཞན་དེ་ནི་མོ་རང་གི་ཨ་ནེ་ཞིག་རེད།

ལོ་ན་༨༥ལ་སོན་པའི་མོ་རང་གི་རྨོ་རྨོ་ནི་གཅིག་བུར་བསྡད་ཡོད་ལ། ཁོང་ཚོས་བཤད་ན་ཁོ་མོ་དེ་ལྟར་འདུག་རྒྱུར་དགའ་བོ་ཡོད་ཟེར། ངས་བསམ་པའི་ནང་དུ་དངོས་ནས་དེ་འདྲའི་སྟབས་བདེ་བོ་ཞིག་མ་བྱུང་། བོད་མི་ཞིག་གི་ངོས་ནས་བཤད་ན་རང་གི་ཕ་མ་རྒས་དུས་སུ་བུ་ཕྲུག་དག་གིས་གཉོར་སྐྱོང་བྱེད་པ་ཡིན་ལ། གཉོར་སྐྱོང་བྱེད་སྟངས་དེ་ཡང་ཕ་མ་རྒན་རྒོན་ཆགས་དུས་བུ་ཕྲུག་གི་མཉམ་དུ་ཡོད་པ་མ་ཟད། དེ་དག་ལ་སྲུ་ཞུ་གང་ལེགས་བྱས་ནས་ཟས་སྤྲོད་པ་སོགས་དགོས་ངེས་ཀྱི་མཐུན་རྐྱེན་ཡོངས་སུ་བྱེད་པ་དེར་ཕ་མ་ལ་སྲུ་ཞུ་སྒྲུབ་མཁན་གྱི་སྲོལ་དུ་ཡོད་པས་ཡིན། ཡིན་ཡང་།འདི་ནི་ཕྱི་རྒྱལ་གྱི་མི་ཚང་མས་བྱེད་སྲོལ་ཞིག་ཡིན་མིན་ལ་ང་རང་གསལ་ཆ་ཆེར་མེད། ངས་དེ་རིང་རང་གི་མིག་མདུན་དུ་ཡོད་པ་དེ་དག་བཤད་ཀྱི་ཡོད། རྨོ་རྨོ་ཁོང་ནི་སྐད་རིགས་བཞི་ཤེས་མཁན་ཞིག་ཡིན་པ་དང་། དུས་རྒྱུན་དུ་ཁྱིམ་རྒྱུད་ཀྱི་ཟིན་ཐོ་འབྲི་བར་ཧ་ཅང་དགའ་མཁན་ཞིག་རེད།

རྨོ་རྨོ་ཁོང་གི་མཚན་ལ་རོ་སུ་ཟེར་བ་དང་། ཁོང་གིས་བྲིས་པའི་ཟིན་ཐོ་དག་ནི་མི་སྡུག་རུས་མེད་མཁན་ཞིག་ལ་མཚོན་ན་ཀློག་པར་ཡང་དངོས་ནས་དཀའ་ངལ་འཕྲད་ངེས་རེད་འདུག  རྨོ་རྨོ་ཁོང་གིས་ཁང་ཆུང་ནང་དུ་དེབ་དང་འབྲི་ཤོག་གི་བཀང་ནས་བསྡད་འདུག ཁོ་མོས་དཔར་བསྐྲུན་བྱས་ཟིན་པའི་དེབ་གཅིག་གཉིས་ཤིག་ང་རང་ལ་བསྟན་བྱུང་། དེབ་དེ་དག་མི་ཡོངས་གྲགས་ཀྱི་ཆེད་དུ་དཔར་བསྐྲུན་བྱས་པ་ཞིག་མ་རེད། ཁོ་མོས་རང་གི་ཁྱིམ་རྒྱུད་ཀྱི་མི་ལ་དྲན་རྟེན་དུ་བཞག་པ་ཞིག་རེད་འདུག དེ་ལྟར་ཁོ་མོ་གཅིག་བུའི་དེབ་དང་ཤོག་སྨྱུག་གི་ཁྲོད་དུ་མི་ཚེ་ཡི་མཐའ་མཇུག་བསྐྱེལ་བཞིན་ཡོད་ཀི ཁོ་མོས་བྲིས་ཚར་བའི་དེབ་ནི་བརྒྱ་ཕྲག་ཁ་ཤས་ཤིག་འདུག་ན་ཡང་། དེ་ཡི་ཁྲོད་ནས་སྐད་ཡིག་གཞན་དག་ལ་དཔར་བསྐྲུན་བྱས་པ་ཡང་རེ་ཟུང་ཞིག་འདུག ཁོ་མོས་ང་ལ་གསུང་རྒྱུར། མོ་རང་ནི་དུས་རྒྱུན་དུ་ཟིན་བྲིས་འབྲི་བར་ཧ་ཅང་དགའ་བོ་ཡོད། དེ་ནི་མོ་རང་གི་མི་གཞན་དག་དང་མཉམ་དུ་གླེང་མོལ་བྱེད་པ་དང་གཅིག་རེད་ཟེར། ད་དུང་། མོས་མིའི་སེམས་ནང་དུ་གཙང་གྲྭ་བྱེད་དགོས་པ་གལ་ཆེན་པོ་ཡིན། ཕྱི་ཚུལ་གྱི་གཙང་གྲྭ་ནི་གལ་མི་ཆེ་ཟེར་བཞིན་རྐང་ལག་འདར་ཞོར་དང་དབུགས་མགྱོགས་པོ་ལེན་གྱི་འདུག སྐབས་དེར་ངས་འཇིག་རྟེན་འདིར་ཁེར་རྐྱང་གི་འཚོ་ལུགས་གསར་བ་ཞིག་མཐོང་བྱུང་ལ། སློབ་སྤྱོང་ལ་དགའ་བའི་ཨ་མ་རྒན་མོ་ལོ་ན་ཆེས་བགྲེས་པའི་མོ་རང་མཐོང་ནས། སེམས་ནང་དུ་བུ་དང་བུ་ཕྲུག་ཟེར་བ་འདི་ཡོད་མེད་ཀྱི་ཁྱད་པར་གང་ལ་བརྟེན་ནས་བཞག་ན་འོས་པ་ཡིན་ནམ་བསམ་བྱུང་།

ལོ་ན་༩༤ལ་སོན་པའི་མཛའ་མོའི་ཨ་ནེ་ཁོང་ལ། ལྟ་སྐྱོང་བྱེད་མཁན་གྱི་ཤར་ཕྱོགས་ཧྲེས་ལས་ཕེན་ནས་ཡིན་པའི་བུད་མེད་ཅིག་ཡོད། ཨ་ནེ་ཁོང་གི་མིང་ལ་ཀྲ་མ་རས་ཟེར་གྱི་འདུག ལྟ་སྐྱོང་བྱེད་མཁན་གྱི་བུད་མེད་དེ་ནི་ཁོ་མོའི་མཉམ་དུ་ལོ་ངོ་བཞི་ཙམ་སོང་འདུག་ལ། ནང་གི་ཨ་མ་ལྟ་བུ་ཞིག་ཆགས་འདུག མགྲོན་པོ་སུ་ཡོང་ལ་སྣེ་ལེན་དང་ཁོ་མོ་ལ་བརྡ་ལན་སོགས་སྤྲོད་ཀྱི་ཡོད་ཀི ཨ་ནེ་ཀྲ་མ་རས་ནི་ཆུང་དུས་སུ་གར་སྟེགས་རྒྱུད་ནས་འཁྲབ་སྟོན་བྱེད་མཁན་གྱི་འཁྲབ་སྟོན་མ་ཞིག་རེད་འདུག དེ་ཡི་སྟབས་ཀྱི་ཁོ་མོས་བསགས་པའི་དངུལ་སྒོར་དེ་དག་གིས་ཚེ་མཇུག་རང་ཉིད་ཀྱི་མགྲོན་ཁང་གི་གླས་རིན་དང་། ཞབས་ཞུ་མའི་གླ་ཆ་སོགས་འདང་ངེས་ཡིན་པ་མ་ཟད། ད་དུང་། སྒོར་མོ་མི་ཉུང་བ་ཞིག་དངུལ་ཁང་དུ་ཡང་ཡོད་རབས་འདུག ༡༩།༩།༠༨

འདི་ལྟར་ཉི་མ་འདི་དག་གི་རིང་དུ། ཁོ་མོའི་ཉེ་འབྲེལ་དང་གྲོགས་དང་གྲོགས་མོ་སོགས་ལ་ཐུག་འཕྲད་བྱས་པ་དང་། མཚོ་འགྲམ་ཞིག་ནས་ཉི་མ་ཁ་ཤས་ཤིག་བསྐྱལ་བ་དངོས་ནས་སྐྱིད་པོ་བྱུང་། མཚོ་འགྲམ་ནི་ཧ་ཅང་གི་མཛེས་སྡུག་ལྡན་པ་ཞིག་དང་ཡིད་དུ་འོང་བ་ཞིག་རེད། དུས་ཚོད་འགྲོ་བ་ནི་ཧ་ཅང་མགྱོགས། མཚོ་འགྲམ་དེ་ནས་གུར་ཕུབ་བསྡད་པ་དང་ཟས་ནང་ནས་འཁུར་འོང་བ་དང་ལམ་འགྲམ་དུ་ཉོས་པ་སོགས་འདྲ་མིན་ཡོད། ཕྱིར་ཁོ་མོའི་མ་རྒན་གྱི་ནང་དུ་སླེབས་དུས་དངོས་ནས་ཐང་ཆད་འདུག ལས་མེད་དུ་ཐང་ཆད་འདུག ནང་དུ་སླེབས་མ་ཐག ཟས་ཐོའི་ཕྱོགས་ཀྱི་རེའུ་མིག་ཞིག་གློག་ཀླད་ནས་མགྱོགས་པོ་བཤུས་དེ་ཉལ་འདོད་ཀྱང་། མོ་རང་གིས་གྲོགས་པོ་ཞིག་ལ་ཁ་པར་ནང་ནས་ཁ་བརྡ་འདྲ་མིན་ཞིག་བྱས་ནས་ཆུ་ཚོད་གཅིག་ལྷག་ཕར་འགྲོ་ཚུར་འགྲོ་བྱེད་ཞོར་བར་མཚམས་རེར་དགད་མོ་དགོད་པ་སོགས་ཀྱིས་དུས་ཚོད་བསྐྱལ་སྐབས། ང་རང་ལ་བྱེད་རྒྱུ་གང་ཡང་མེད་པར་ཁོ་མོ་ལ་སྒུག་འདུག་རྒྱུ་ལས་གང་ཡང་མི་འདུག ༢༡།༩།༠༨

དེ་རིང་ནི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན། ང་རང་རྒྱལ་ཁབ་འདིར་སླེབས་ནས་ངས་བོད་ཟས་ཀྱི་འཛིན་གྲྭ་ཞིག་འགོ་འཛུགས་བྱས་པ་ཡིན། འཛིན་གྲྭ་དང་པོ་འདི་ནི་རིན་མེད་དུ་བསྡུ་བཞིན་ཡོད། དེ་ནི་མོ་རང་གི་གྲོགས་དང་གྲོགས་མོ་ཁ་ཤས་ཤིག་ལ་བསླབས་པ་ཡིན། ཁོང་ཚོ་ཚང་མ་དངོས་ནས་ཤ་མོག་མོག་ཞིམ་པོ་འདུག་ཞེས་བཤད་པ་དང་ང་རང་ལ་རོགས་རམ་བྱེད་ཕྱོགས་ཀྱི་ཁ་ཡག་ཡང་མང་བོ་ཞིག་བཤད་སོང་།

དངོས་ནས་ཁ་ཚ་དགོས་གཏུགས་ཀྱིས་རོགས་རམ་བྱེད་མཁན་དེ་ནི་མོ་རང་གི་ཕ་མ་རེད། མོ་རང་གི་ཕ་རྒན་གྱིས་ཟས་ཐོའི་བརྡ་ཁྱབ་དང་ཁ་བྱང་སོགས་ཀྱི་སྤྱིན་བདག་གནང་བ་མ་ཟད། ངེད་གཉིས་ལ་ནང་དུ་འཁུར་རོགས་ཟེར་ནས་ཤིང་ཏོག་དང་ཟས་རིགས་མི་ཉུང་བ་ཞིག་ཉོས་སོང་། ད་དུང་། ཉིན་གོང་གི་ཟ་མ་ཡང་ཟ་ཁང་སྐད་གྲགས་ཡོད་པ་ཞིག་དུ་ཁྲིད། ངའི་རེ་བ་ལ་སང་ཉིན་ནས་དངུལ་ཅུང་ཙམ་འཚོལ་ཐུབ་པའི་རེ་བ་བྱས། ང་རང་ལ་ཕྱི་ལོག་ནས་ལས་ཀ་བྱེད་ཆོག་པའི་ཆོག་མཆན་མེད་སྟབས། ནང་ནས་ལས་ཀ་ཞིག་འགོ་འཛུགས་བྱས་པ་ཡིན། དེ་རིང་ཁོ་མོའི་ཕ་རྒན་གྱིས་ངེད་གཉིས་ལ་བཏང་བའི་སྒོར་མོ་དེ་དག་ལ་ཕྱིར་འདང་ཞིག་བརྒྱབས་དུས། སྒྲོ་ལོར་ཉིས་བརྒྱ་ཞིག་བཏང་འདུག ད་དུང་། ང་ཚོ་ཁ་ཁར་དུས་སུ་ཁོ་རང་གིས་ང་རང་ལ་གཞུག་ཕྱོགས་གང་ཐུབ་ཅི་ཐུབ་ཀྱིས་རོགས་པ་བྱེད་ངེས་ཡིན་གསུངས།

སྐད་ཆ་དེ་དག་ནི་ང་རང་ལ་མཚོན་ན་དངོས་ནས་རྣ་ལ་སྙན་པ་དང་དངོས་ནས་འཁོ་བ་ཞིག་ཀྱང་ཆགས་ཡོད་ལ། ཁོང་གིས་ང་ལ་ཕྱི་རྒྱལ་ཁག་དུ་ཁ་པར་གཏོང་ཆོག་པའི་ཁ་པར་གཏོང་བྱེད་ཀྱི་ཤོག་བྱུང་ཞིག་ཀྱང་ཉོས་འདུག ཁ་པར་གཏོང་བྱེད་ཀྱི་ཤོག་བྱང་དེ་རྒྱུད་ནས་རང་ཉིད་ཀྱི་ཉེ་འབྲེལ་དང་རོགས་པ་ཚོ་ལ་འཚམ་འདྲི་བྱེད་ཐུབ་ངེས་སྙམ་ནས་དགའ་སོང་།  ༢༢།༩།༠༨

མུ་འགོད།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. tsomo123 says:
    ལོ་ 15 སྔོན།

    པདྨ་མཚོ་དེང་སང་གང་ན་ཞུགས་པ་ཡོད་རེད། ཁྱེད་ཀྱིས་ཁོ་མོ་ལ་འབྲེལ་བ་བྱུང་སོང་ངམ། དེང་ཁྱེད་ཀྱིས་མོ་དྲན་གྱི་འདུག་གམ།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    http://dalailama.com/webcasts/post/195-kalachakra-preliminary-teachings

    འབྲེལ་ཐག་འདི་ལ་སོང་དང་། དེ་ནས་༧གོང་ས་མཆོག་གི་དུས་དབང་གནང་གི་ཡོད་པ་གཟིགས་ཐུབ་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese