མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་ང་དང་གངས་མཚོ་གཉིས་མོ་རང་གི་གྲོགས་མོ་སྒྲ་ཝས་ཀྱི་སྐྱེ་སྐར་དུས་སྟོན་ལ་སྐད་བཏང་བ་ལྟར། ངས་ལམ་སྐབས་ནས་ཟ་བའི་ཟ་མ་ཁ་ཤས་ཤིག་བཟོས་པ་དང་། ང་ཚོ་རྗོ་སུ་ལམ་ནས་རྒྱལ་ཁབ་འདིའི་ལྷོ་ཕྱོགས་མེས་རྩེ་ཕེས་ར་མོན་ཟེར་བའི་ས་ཆ་འདིར་ཡོང་བ་ཡིན། ས་ཁུལ་འདི་ཡི་ཡུལ་ལྗོངས་ནི་རྩྭ་མེད་པའི་ཐལ་འདོག་གི་གྲོང་ཞིག་རེད། ཕར་བལྟས་ན་རི་བོ་མཐོང་ཚད་ལ་རི་བྲག་རེད་ལ། རི་བོ་དེ་དག་གིས་མཐོང་དུས་དམིགས་སུ་བཀར་ནས་རང་ཡུལ་གྱི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དེ་དག་དྲན་དུ་འཇུག དངོས་ནས་ཐལ་འདོག་གི་ཡུལ་ལྗོངས་འདིས་སེམས་ཁོང་དུ་སྐྱོ་སྣང་ཞིག་ལྷོད་ཀྱིས་དྲངས་དེ་འོང་གི

ང་ཚོ་བསྡོད་སའི་མགྲོན་ཁང་ཡང་བོད་ཡུལ་ན་ས་འདམ་གྱི་བརྩིགས་པའི་ས་ཁང་དེ་དག་དང་འདྲ་བོ་ཡོད་ཀི ནང་གི་བཀོད་པ་ནི་མཛེས་ཤིང་ཡིད་དུ་འོང་བ་ཞིག་མིན་ན་ཡང་། དཀྲུས་ཁང་དང་གཙང་སྤྱོད་སོགས་ཡུལ་སྐོར་བའི་ཆེད་དུ་བཟོས་པ་ཡིན་དུས། མགྲོན་ཁང་ཞིག་གི་རྣམ་པ་རེད། མ་འདྲ་ས་ཞིག་ཡོད་པ་ནི། མགྲོན་ཁང་གི་བཀོད་པ་ནི་གནའ་བོའི་ཁང་བ་བཟོ་ལུགས་ཤིག་ཡིན་མོད། ནང་གི་ཆ་རྐྱེན་ནི་དེང་རབས་ཀྱི་ཕྱོགས་སུ་འདུག གློག་ཡོད་ཀྱང་། གློག་ཀླད་དང་བརྙན་འཕྲིན། རླུང་འཕྲིན་སོགས་གང་ཡང་མི་འདུག དངོས་ནས་ཁ་ཁུ་སིམ་པོ་ཞིག་རེད།

ཕྱི་དྲོར་ཐལ་འདོག་གི་རི་ལུང་ཡོད་ཚད་ལ་བལྟ་ཞོར་དུ། རྒྱང་རིང་གི་ཡུལ་ཞིག་ན་ཡོད་པའི་རྩ་བའི་བླ་མ་གང་དུ་ཆིབས་སྒྱུར་གནང་གི་ཡོད་མེད། བྱེས་ཀྱི་ཚོགས་འདུ་ཆེན་མོའི་སྐོར་སོགས་ལ་འདང་ཞིག་བརྒྱབས། མིའི་གཟུགས་རུས་ཤིག་རྒྱུས་མེད་ཀྱི་རི་སྒང་དུ་ཡོད་ཀྱང་། སེམས་པའི་ནང་གི་བསམ་ཕྱོགས་ནི་རྒྱུས་ཡོད་པའི་ཆུང་དུས་ཀྱི་འཚར་ལོངས་བྱུང་ཡུལ་གྱི་མཛེས་སྡུག་དག་ལ་ཕྱིར་དྲན་བྱེད་ཞོར་དུ་གཞན་ཡུལ་གྱི་ཉི་མ་ལ་ཁར་དེད། ༢༡།༡༡།༠༨

དེ་རིང་ནམ་རྒྱུན་ལྟར་གློག་འཕྲིན་ཁ་ཕྱེ་དུས། རྒྱ་གར་དུ་ཡོད་པའི་ནུ་མོ་ལྷ་མོ་སྐྱིད་ཀྱིས་ང་ལ་འཕྲིན་ཡིག་ཞིག་སླེབས་འདུག འཕྲིན་ཡིག་ཐུང་ཐུང་དང་ནང་དོན་མདོར་བསྡུས་ཤིག་བྲིས་འདུག དེ་ཡང་དབྱིན་ཡིག་གི་ལམ་ནས་བྲིས་འདུག ཕུ་བོ་ལགས། ཁྱེད་རང་བདེ་མོ་ཡིན་ནམ། ང་རང་བདེ་མོ་ཡིན། ཡིག་རྒྱུགས་ཀྱི་གྲུབ་འབྲས་ཀྱང་བཟང་བོ་བྱུང་སོང་། ངའི་ཕྱོགས་སུ་སེམས་ཁྲལ་མ་བྱེད། ངས་སློབ་སྤྱོང་ལ་འབད་བརྩོད་བྱེད་ཀྱི་ཡོད། རྗེས་སུ་མཇལ་ཡོང་ཞེས་པ་དེ་ཙམ་རེད། རྒྱང་རིང་གི་ནུ་མོ་ལྷ་མོ་སྐྱིད་ཀྱི་འཕྲིན་ཡིག་ཐུང་ཐུང་དེ་ལན་ཞིག་ཕུལ། ༡།༡༢།༠༨

ང་རང་རྒྱལ་ཁབ་འདིར་སླེབས་ནས་ཐོངས་ཆེན་ཞུ་སྟངས་གཉིས་པ་དེ་ཡིན། ཟླ་ངོ་གསུམ་གྱི་ཐོངས་ཆེན་དེ་འདྲའི་མགྱོགས་པོ་ཞིག་རྫོགས་པ་རེད། ད་ནི་ངེད་གཉིས་ལ་དགོས་པའི་ཡིག་ཆ་དག་བསྡུ་རབས་བྱས་ཡོད་པ་འཁུར་ནས་ཐོངས་ཆེན་ཞུ་སའི་ལས་ཁུངས་དུ་སོང་། ཡིག་ཆ་མང་བོ་ཞིག་རྒྱ་གར་ནས་མཉམ་དུ་ཡོད་པ་དེ་དག་ཡིན་ལ། གསར་དུ་ཁ་སྣོན་ཁ་ཤས་ཤིག་དགོས་པ་དེ་ནི། ཁོ་མོའི་ཉེ་འབྲེལ་དང་ངོ་ཤེས། ཕ་མ་གཉིས་ཀྱིས་ང་ལ་རྒྱབ་སྐྱོར་གྱི་ཡི་གེ་འབྲི་དགོས་པ་དེ་དག་དང་། ངེད་གཉིས་མཉམ་དུ་སྒྲོན་པའི་འདྲ་དཔར་བཅས་རེད། ཡིག་ཆ་གང་དགོས་པ་དེ་དག་བསྡུ་རབས་བྱས་ཡོད་སྟབས། ལས་ཁུངས་ནས་ང་ལ་ཟླ་ངོ་དྲུག་གི་ཐོངས་ཆེན་ལས་ཀ་བྱེད་ཆོག་ཞེས་པ་ཞིག་སྤྲད་པ་དང་། ཁོ་མོའི་ཕ་མ་གཉིས་ཀྱི་ང་རང་རྒྱ་གར་ནས་མགྲོན་འབོད་བྱེད་དུས་སུ་ངའི་མིང་ཐོག་ལ་ཨ་སྒོར་བདུན་སྟོང་ལྷག་གི་དངུལ་འཛིན་ཞིག་ལ་མིང་བཏགས་བསྐྱོན་ཡོད་པའི་དངུལ་འཛིན་དེ་ཁོ་མོར་སྤྲད་སོང་།

དངུལ་འཛིན་དེ་ཁོ་མོས་ང་ལ་དེ་རིང་བར་དུ་བཤད་མྱོང་མེད། གང་ལྟར། ང་རང་རྒྱལ་ཁབ་འདིར་ཡོང་བ་ལ་ཁོ་མོའི་ཕ་མ་གཉིས་ཀྱིས་ཁས་ལེན་ཁག་འཁུར་བྱས་ཡོད་པ་གཞི་ནས་ཤེས་དུས། སེམས་ནང་དུ་ཚོར་བ་གཞན་ཞིག་སྐྱེ་སུ་བཅུགས། ད་ནི་ང་རང་གིས་ལས་ཀ་བྱེད་ཆོག་ལ། ལས་ཀ་ག་རེ་ཡིན་ཡང་བྱེད་ཆོག་གི་རེད། ང་རང་ལས་ཀ་བྱེད་རྒྱུར་སྐྲག་སྣང་མི་འདུག གང་ལྟར། ད་ནས་བཟུང་། ལས་ཀ་ཞིག་བྱེད་དགོས་པ་ཡིན། མ་བྱན་གྱི་ལས་ཀ་རེག་མིན་བཤད་མི་ཤེས་ཀྱང་། ང་རང་ལ་དགོས་པ་ནི་ལས་ཀ་རེད། ལས་ཀ་གང་ཞིག་རེག་ཡང་ཁྱད་མི་འདུག སྒོར་མོ་ཡོང་ས་ཞིག་ང་ལ་དགོས་ཀྱི་ཡོད་པ་དེ་ཡིན། དེ་མིན་ད་ལྟའི་བར་དུ་ངས་ཁོ་མོའི་བསགས་དངུལ་རྐྱང་རྐྱང་བཟོས་དེ་བསྡད་པའི་གསལ་ལེ་རྒྱལ་གྱི་ལུས་བླངས་པ་རེད། ད་ནི་དེ་ཡི་མཇུག་བསྡུ་རན་ཡིན་སྙམ་ནས་ཅུང་དགའ་སོང་། ༢།༡༢།༠༨

དེ་རིང་གི་ཞོགས་པ་འདི་ནི་ང་རང་ལ་མཚོན་ན་དུས་ཚོད་ཡག་པོ་ཞིག་གཏན་ནས་མ་རེད། ཉལ་སའི་ནང་དུ་གངས་མཚོས་ང་རང་ལ་སྐད་ཆ་འདི་ལྟར་དྲིས། ཁྱེད་རང་གིས་ང་ལ་ཚོར་བ་ག་རེ་འདུག་ཟེར་ནས་ཐེངས་ཁ་ཤས་ཤིག་ལ་བཤད་དུས། ངས་ཁོ་མོ་ལ་དེའི་ལན་དུ་སྐད་ཆ་ཅི་ཞིག་བཤད་དགོས་མིན་མ་ཤེས་པར་ཉལ་ནས་བསྡད་པ་ཡིན། གང་ཡིན་ཟེར་ན་དྲི་བ་དེ་ནི་ཁོ་མོའི་སྐད་ཆ་གསར་བ་གང་ཡང་མིན་ལ། ང་རང་གི་ཐོག་མར་གོ་བ་ཞིག་ཀྱང་གང་ཡང་མ་རེད། ཐེངས་མང་བོ་དྲིས་མྱོང་བ་ཞིག་རེད། དངོས་ནས་བཤད་ན། ངས་ཁོ་མོ་ལ་ཚོར་བ་གང་ཞིག་བཅིངས་ཀྱི་ཡོད་པ་རེད་དམ་ཟེར་ནས་རང་གི་སེམས་ལ་དྲིས་ཐེངས་རེར། དེ་ནི་བཤད་མི་ཤེས་པ་ཞིག་རེད། བཤད་ཤེས་ཀྱང་ཁོ་མོའི་གདོང་ལ་བལྟས་དེ་བཤད་ཤེས་པ་ཞིག་མ་རེད།

ངེད་གཉིས་ཀྱིས་འདོད་པའི་བདེ་བ་ཐེངས་གཉིས་ལ་བསྐྱལ་ནས་ངལ་གསོ་བཞིན་པའི་སྐབས་ཤིག་ལ་ཁོ་མོས་སླར་ཡང་དྲི་བ་དེ་ང་ལ་དྲིས་སོང་། ངས་འདི་ལྟར་བཤད་དགོས་ཐུག སྙིང་རྗེ་བོ་འདུག་ཞེས་བཤད་པ་ཡིན་མོད། ཁོ་མོས་དེ་ནི་ཚོར་བ་མ་རེད། ང་ལ་ཚོར་བ་གང་འདུག་ཟེར། ངས་སྐད་ཆ་དེར་ལན་མ་སྤྲད་པར་རེ་ཞིག་བསྡད་དུས་སུ། ཁོ་མོས་དེ་ཡི་ལན་མ་སྤྲད་པ་ཡིན་ན་ང་རང་གི་ཉལ་སའི་ནང་དུ་འདུག་མི་དགོས་ཟེར་ནས། ང་རང་ལ་རྐང་བས་བརྒྱབས་ནས་ཉལ་ཁྲིའི་སྒང་ནས་སར་གཡུགས་དུས། ངའི་སེམས་ནང་དུ་བཤད་མི་ཤེས་པའི་སྐྱོ་སྣང་གི་ཚོར་བ་དྲགས་པོ་ཞིག་བྱུང་ན་ཡང་། ཁོ་མོའི་གདོང་ལ་བལྟས་དུས། དེ་ནི་ཁྲོ་བའི་ཉམས་མིན་པར་དགོད་པའི་ཉམས་ཤིག་འདུག དེ་དུས་ང་རང་དགད་མོ་དགོད་ཀྱིན་དུ་དངོས་ནས་ཡིན་ནམ་ཞེས་དྲིས་པ་ན། ཁོས་མོས་དངོས་ནས་ཡིན། ང་རང་ལ་མཚོན་ན་དེ་ཤེས་རྒྱུ་གལ་ཆེན་པོ་རེད་ཟེར། སྐབས་དེར་ང་རང་ཡང་ཁོང་ཁྲོ་ཞིག་གང་ནས་སྐྱེ་མིན་མ་ཤེས་པར་ཁྲོ་ཞོར་དུ། ཁྱེད་རང་གིས་དངོས་ནས་གལ་ཆེན་དུ་བསམ་བཞིན་ཡོད་ན། སྔོན་ཆད་རྒྱ་གར་ནས་ངས་ཁྱེད་ལ་ང་རང་གི་འདས་པའི་ལོ་རྒྱུས་བཤད་དུས་མི་འདྲི་དོན་ཅི་ཡིན་ཞེས་བཤད་ནས་ང་རང་ཡར་བླངས་དེ་དཀྲུས་ཁུང་དུ་སོང་།

དཀྲུས་ཁང་ནས་དཀྲུས་རྒྱགས་ཞོར་དུ། དངོས་ནས་བཤད་ན་ཁོ་མོའི་བྱེད་སྟངས་ནི་སྙིང་རྗེ་བ་ཞིག་དང་ཁ་ཤས་ཤིག་ནི་ཁོང་ཁྲོ་སྐྱེ་བ་ཞིག་རེད། གང་ལྟར། མཇུག་འབྲས་ཅི་བྱུང་ག་ལེར་བལྟས་དེ་འགྲོ་རྒྱུ་རང་ལས། ང་རང་ལ་གདམས་ཀ་གང་ཡང་མེད་པ་རེད། ༧།༡༢།༠༨

མུ་འགོད།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 6

  1. sha tak ri sim says:
    ལོ་ 15 སྔོན།

    ཚང་མ་ཉིན་ལྟར་ཕེབས་ཀྱི་ཡོད་པ་དགའ་ནི་ཡིན། ཕེབས་རྐྱང་བྱོས།

    ཐ་ཧར་ལགས། སུ་ཁེབ་བམ། གནམ་ཀླད་ཀྱི་ཁ་བྱང་ཡོད་ན་ངའི་གློག་འཕྲིན་ནང་དུ་སྐུར་རོགས། དེ་མིན་ངའི་གནམ་ཀླད་ཁ་བྱང་ལ་མཐུད་ན་འགྲིག་གི་རེད། ངའི་གནམ་ཀླད་ཁ་བྱང་འདི་ཡིན། langtsa538

    Reply
  2. karmadentse says:
    ལོ་ 15 སྔོན།

    སྡེ་བའི་ས་ཆ་ན་རྩི་ཤིང་མེད་པར་ཞེ་དྲག་སྐྱོན་བརྗོད་མ་བྱེད། ཁྱེད་རང་ཚོའི་སྡེ་བའི་སྟོང་དཔོན་ལུང་པའི་ནང་ན་རྩྭ་དང་རྩི་ཤིང་འདྲ་མེད་ད་མོ། རྩེ་མོ་ཡིན།

    Reply
  3. karmadentse says:
    ལོ་ 15 སྔོན།

    ཁོ་རེ།ངས་རྩེད་མཚར་གྱི་སྒྲུང་ཞིག་བྲིས་བཞག་ཡོད། ཁོམ་པ་རེ་ཡོད་ན་ཀློག་རོགས།

    Reply
  4. TTS-KUNCHOK says:
    ལོ་ 15 སྔོན།

    ཏང་མ་རེད། བཏང་རེད་བཅོས་རོགས།

    Reply
  5. TTS-KUNCHOK says:
    ལོ་ 15 སྔོན།

    ང་ནི་ཁྱོད་ཀྱི་ཀaལོག་པ་པོ་སaཕྱིར་ཏང་བ་ཞིག་ཡིན་ལ།
    ཉིན་ཐོ་འདི་དག་ཆ་ཚང་ཀaལོག་མཁན་གྱི་གྲས་ཀྱང་ཡིན།(དཀྲུས་ཁང་ནས་དཀྲུས་རྒྱགས་ཞོར་དུ)འདི་ཡི་དོན་ཁྲུས་ཁང་ཟེར་བ་མིན་འགྲོ་སaཉམ།
    ཁྱོད་ཀྱིས་དུས་རaགྱུན་༼ཁྲུས་༽ལ་དཀྲུས་ལབ་ཀྱིན་འདུག
    དེ་མིན་གྱི་ཡིག་ནོར་མང་པོ་འདུག
    ཡིག་ནོར་དེ་དག་དུས་རaགྱུན་གཅིག་པ་གཅིག་རaཀྱང་ཡིག་ནོར་རེད།
    གཏག་ནོར་མིན་པ་གཏན་ཁེལ་རེད། ཚིག་མཛོད་ཡོད་ན་ཕན་ས་རེད།
    དགོངས་པ་ཚོམས། འགན་ཞིག་གི་ཆེད་དུ་བཤད་པ་ཡིན།
    མཐེབ་གཞོངས་ཀྱི་དབང་གིས་ས་མགོ་ལ་མགོ་ཡག་པོ་ཡོང་གི་མི་འདུག་པ་ལགས་ན་དེ་ལུགས་དགོངས་འཇགས་འཚལ།

    Reply
  6. kawakarpo says:
    ལོ་ 15 སྔོན།

    མ་ཤི་བར་དུ་གསོན་བྲལ་མི་བྱེད་ཅིང་། །
    ཤི་ཡང་བར་དོའི་ཁམས་སུ་མཉམ་དུ་འགྲོ། །
    ཞེས་བརྗོད་ན་འགྲིག་གི་བསམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese