མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྔ་བོ་བླངས་ནས་འགྲོ་འདོད་ཡོད་ཀྱང་། དེ་འདྲའི་སྔ་བོ་ཞིག་འགྲོ་མ་ཐུབ་པར། ཆོས་སྒྲོན་དང་བུ་ཆུང་གཉིས་ཀྱིས་ཞོགས་ཇ་ཞིག་བཟོས་པ་དང་། ཆོས་སྒྲོན་གྱིས་བོད་ཇ་ཞིག་བཟོས་འདུག་པ་དེ་ནི་ཡུན་རིང་གི་རྗེས་སུ་རེག་པ་ཞིག་ཡིན། ཞོགས་ཇ་རྒྱགས་ཚད་ཅིག་ཟས་ན་མ་གཏོགས། ཁང་བ་སྤོར་ས་ནས་ང་ཚོ་ལ་ཟ་མ་ཟ་ཁོམ་ཡོད་མེད་གཏན་ནས་མི་ཤེས་ཟེར། བུ་ཆུང་གིས་སྒོ་ང་དཀྲུགས་མ་ཞིག་བཟོས་འདུག དེ་ཡི་མཉམ་དུ་བག་ལེབ། ང་ཚོས་ཞོགས་ཇ་ད་འཐུང་ཞིག་བྱས་རྗེས་སུ་ཀྲེ་ལ་བེས་ཀྱི་ཕྱོགས་སུ་བུ་ཆུང་གི་རླངས་འཁོར་རྙིང་ཀོག་དེ་ཡི་ནང་དུ་སོང་། ལམ་བར་དུ་བུ་ཆུང་གིས་ནམ་རྒྱུན་གྱིས་བསྲེས་སླད་ཅན་གྱི་བོད་སྐད་དེ་བཤད་ཀྱི་ཡོད་ལ། ང་ཚོས་ཀྱང་དེ་ལ་ཉན་ནས་ཡོད། དེ་བས་ཀྱང་ང་རང་གི་སེམས་ནང་དུ་མི་བདེ་བའི་ཚོར་བ་ཞིག་དྲངས་དེ་འོང་བ་ནི། ཆོས་སྒྲོན་དང་ཁོ་གཉིས་ཀྱིས་བར་དུ་མཚམས་རེར་དབྱིད་སྐད་རྒྱགས་པ་དང་སྐབས་རེར་རྒྱལ་ཁབ་འདིའི་སྐད་ཆ་བཤད་དུས་སུ། ངའི་སེམས་པ་ལ་ན་ཟུག་བཏང་བ་མ་ཟད། བོད་ཀྱི་མ་འོངས་གཞོན་སྐྱེས་དག་ཕྱི་རྒྱལ་ཁག་ནས་འདི་ལྟར་ཚར་རྒྱུ་ཡིན་ནམ་སྙམ་ནས་སེམས་པ་སྐྱོ་ན་ཡང་། སྐྱོ་བའི་གཏམ་དང་སྙིང་གི་ཟུག་འདི་ཁོ་གཉིས་ལ་བཤད་ཀྱང་ནུས་པ་མི་ཐོན་པ་བདག་གིས་སྔ་ནས་ཤེས་ཡོད།

བུ་ཆུང་གིས་ཆོས་སྒྲོན་དང་ལྷག་པ་གཉིས་མཚོ་འགྲམ་དུ་བསྐྱལ། ཆོས་སྒྲོན་གྱིས་སྒེའུ་ཁུངས་ཀྱི་འགྲམ་དུ་ཡོང་ནས་ཁོ་ལ་བདེ་མོ་བྱོས་ཟེར་ནས་དབྱིན་སྐད་ཀྱི་ཚིག་བཤད་ཞོར་དུ། ཁོ་རང་ལ་འོ་ཞིག་བྱས།  ང་ནི་དངོས་ནས་སྐད་ཡིག་དང་མི་རིགས་ཀྱི་དར་རྒུད་ལ་གསང་མྱུལ་བྱེད་མཁན་ལྟ་བུ་ཞིག་ཆགས་ཡོད་དུས། ངས་ཁོ་གཉིས་ཀྱིས་བྱེད་སྟངས་དེ་ནི་དངོས་ནས་ལྷད་མེད་ཀྱི་བརྩེ་བ་དང་དུངས་ཞེན་གྱི་འདང་བརྩེ་ཞིག་ཡིན་པར་རེ་སྨོན་བྱེད་པ་ལས། ཕར་ཕྱོགས་ཀྱི་གནས་ཚུལ་ཆེས་མི་ཉུང་བ་ཞིག་ང་རང་གི་མི་ཚེ་མིན་དུས། ངས་འདི་ནས་གླེང་བར་མི་རུང་བ་ཡིན་པར་སྙམ་ནས་ག་ལེར་བཞག་ཡོད། ཆོས་སྒྲོན་དང་ལྷག་པ་གཉིས་ཀྱིས་ལག་པ་གཡུགས་ཞོར་དུ་མཚོ་འགྲམ་དུ་བུད་སོང་། ངེད་གཉིས་བློ་དོན་གྱི་ཁང་བ་སྤོར་སའི་ཕྱོགས་སུ་བསྐྱོད་ཀྱིན་པའི་སྐབས་ཏག་ཏག་ལ། བུ་ཆུང་གིས་ཁོ་རང་གིས་གཟའ་འཁོར་སྔོན་མའི་གཟའ་མཇུག་གི་གུང་གསེང་གི་གཏམ་རྒྱུད་འཁྲིགས་པོ་དེ་བཤད་དུས། གནམ་འོག་འདིའི་ན་གཞོན་དག་གིས་དངོས་ནས་གང་ཞིག་འཚོལ་བཞིན་ཡོད་དམ་སྙམ་ནས་རྗེས་ལ་རྟགས་ཅན་གྱི་ཐ་མག་ཞིག་ལ་མེ་བསྒོས་དུས། བུ་ཆུང་ལ་གིས་ཁོ་རང་ལ་གཅིག་སྤྲོད་དང་ཟེར།

ངེད་གཉིས་ཀྱིས་བསམ་བློའི་ནང་དུ། བློ་དོན་གྱིས་ཅ་དངོས་ཚང་མ་བསྡུ་གསོག་སྔ་ས་ནས་བརྒྱབས་ཡོད་བཞག་གིས་ཁོ་རང་གི་ནང་དུ་འབྱོར་དུས། དེ་ནི་ངེད་གཉིས་ཀྱིས་རང་གི་བྱེད་ཕྱོགས་ཤིག་ཁོ་ན་ལ་བསམ་བློ་བཏང་བ་ཞིག་ཡིན་པ་མིག་གི་ལམ་དུ་བཤམས། གང་ལྟར། རོགས་བྱེད་དུ་ཡོང་བ་ཡིན་དུས། རོགས་གང་བྱེད་དགོས་པ་དེ་བྱེད་དགོས་པ་ཡིན། རོགས་བྱེད་པའི་འགོ་བཙུགས། ཅ་དངོས་གང་བསྡུ་གསོག་བྱས་ཡོད་པ་དེ་དག་ཅ་དངོས་བོར་འདྲེན་བྱེད་པའི་རླངས་འཁོར་ཆེན་པོ་དེ་ཡི་ནང་དུ་བསྐྱལ། གཅིག་གཅིག་གཉིས་གཉིས་བྱས་ནས་ནང་དུ་བླུགས་དེ་འོང་གི་ཡོད་དུས བློ་དོན་གྱིས་དབུགས་རིང་འཐེན་ཞོར་དུ། ཅ་དངོས་རྙིང་ཀོག་ཆེས་མི་ཉུང་བ་ཞིག་ལ་མཛུབ་མོ་འཛུགས་ཀྱིན། ཕར་ཕྱོགས་ཀྱི་ཅ་དངོས་དེ་དག་ཚང་མ་ཡང་དེ་རིང་འཁུར་དགོས་པ་རེད། ཁ་སང་བར་དུ་དེ་དག་འཁུར་དགོས་པ་ཞིག་བཤད་མེད། ཁ་སང་ཡོང་ནས་དེ་དག་ཡང་ངེད་གཉིས་ཀྱི་ཅ་དངོས་དང་མཉམ་དུ་འགྲོ་དགོས་པ་རེད་ཟེར། མིན་ཟེར་རྒྱུ་རེད། རྒན་མོའི་ཕུ་བོའི་རེད། ཡིན་ཟེར་རྒྱུ་རེད། དངོས་ནས་ཁག་པོ་འདུག་ཟེར།

ཡར་མར་གང་ལ་དེད་ཀྱང་། ཁོ་རང་ལ་ཡང་ཐབས་ཤེས་མེད་པ་ཡིན་དུས། ང་ཚོས་ཁོ་རང་གི་རྒན་མོའི་ཕུ་བོ་ཡི་ཅ་དངོས་རྙིང་ཀོག་མི་རབས་ཤིག་གི་གཏམ་རྒྱུད་ཀྱི་དེབ་དང་ཅོག་རྩེ། ཤིང་སྒམ་རྙིང་ཀོག རྐུབ་སྟེགས་རྙིང་ཀོག དངོས་ནས་བེད་སྤྱོད་མེད་པ་དེ་དག་འཁུར་རོགས་བྱས་དུས། དེ་ནི་ཁོ་རང་གི་ཕ་མ་དག་གིས་ཤུལ་བཞག་ཡིན་དུས་གཟབ་པར་འཚལ་ཞེས་སྐད་ཆ་ཡག་པོ་དང་གུས་པ་ཡོད་པའི་སྒོ་ནས་མི་བཤད་པར། ངར་ཤུགས་དང་ལྡན་པའི་སྒོ་ནས་འཐོར་ཟིན་པའི་རྙིང་ཀོག་གི་ཤིང་སྒམ་དེ་ང་ཚོས་གཟབ་པར་མ་བྱས་པར་ཁྲོ་བའི་རྣམ་འགྱུར་བསྟན་དུས། ང་ནི་དངོས་ནས་འཇིག་རྟེན་ན་བསམ་ཤེས་ཟེར་ན་རེད། རང་ཉིད་གཙོ་བོར་འཛིན་པའི་བསམ་བློ་འདི་ཡི་དབང་དུ་སྒྱུར་བའི་བྱེད་སྟངས་འདི་ནི་དངོས་ནས་མིའི་སྤྱི་ཚོགས་ཀྱི་དུག་མདའ་ཞིག་ཡིན་པ་ཤེས་སུ་བཅུགས་སོང་།

གང་ལྟར། ང་དང་བུ་ཆུང་། ཅུང་མ་འགོར་བར་གྲོགས་པོ་རྡོར་རྒྱལ་ཡང་སླེབས་ནས་རོགས་བྱས། ངེད་ཅག་ཚང་མ་རིགས་གཅིག་པའི་སྙིང་གི་གྲོགས་པོ་བློ་དོན་གྱི་ཆེད་དུ་ཟེར་ན་རེད། ཁོ་རང་གི་ནང་མིའི་ཁང་བ་སྤོར་རོགས་བྱེད་དུ་ཡོང་བ་ཡིན་དུས། ངེད་ཅག་གིས་རང་རང་གི་གང་ཐུབ་པ་དང་གང་ཤེས་པ་དེ་དག  ཆེས་ཚ་བ་ཆེ་བའི་ཉིན་མོ་འདི་ལ་ལུས་ཀྱི་རྔུལ་ཆུ་ལག་པས་གཞུ་ཞོར་དང་། ཆུ་ཁམ་པུ་ཁ་ཤས་རེ་འཐུང་ཞོར། ཉན་ན་མི་འདོད་པའི་སྐད་ཆ་ཆེས་མི་ཉུང་བ་ཞིག་ལ་ཉན་ཞོར། ཞོགས་པ་ཆུ་ཚོད་དགུ་བ་ནས་ཉིན་རྒྱབ་ཆུ་ཚོད་དང་བོ་བར་དུ་ཅ་དངོས་ཚང་མ་རླངས་འཁོར་ནང་དུ་བླུགས་ཚར་ནས། སྤོར་ཡུལ་གྱི་ས་ཆ་དེར་ཅ་དངོས་དེ་དག་ལེན་རོགས་བྱེད་པར་མི་དངོས་ནས་དགོས་འཁོ་ཡོད་དུས། གྲོགས་པོ་རྡོར་རྒྱལ་མ་གཏོགས། བུ་ཆུང་ངེད་གཉིས་འགྲོ་རྒྱུ་གཏན་འཁེལ་ནས་ཡོད། མ་བསམ་ས་ནས་ཁོང་ཚོས་ངེད་གཉིས་ཕྱིར་ཡོང་དུས་སུ། ཅ་དངོས་འདྲུད་བྱེད་ཀྱི་རླངས་འཁོར་ནང་དུ་ཁ་ལོ་བ་བརྩིས་པའི་མི་གསུམ་མ་གཏོགས་མི་གཤོང་བར་བཤད་ནས། ང་རང་མ་སོང་ན་འགྲིག་ཚུལ་བཤད།

དེ་དུས་དངོས་ནས་ང་རང་གི་ངལ་ཞིག་གསོས་དགོས་རན་ཡིན་ན་ཡང་། བུ་ཆུང་དང་བློ་དོན་གཉིས། ད་དུང་ཁོ་རང་གི་རྒན་མོའི་ཕུ་བོ་བཅས་ཀྱི་ཅ་དངོས་དེ་དག་བོར་ཐུབ་ཀྱང་། མི་མང་བོ་དགོས་པ་དེ་ནི་ཤེས་པ་དང་བུ་ཆུང་དང་བློ་དོན་གཉིས་ཀྱིས་ཀྱང་ང་རང་མཉམ་དུ་ཡོད་ན་བསམ་གྱི་ཡོད་དུས། བློ་དོན་གྱིས་ཁོ་རང་གི་རྒན་མོའི་ཅི་བསམ་དང་ཅི་བཤད་ལ་མ་བལྟས་པར། ཁོས་ངས་ཁོ་གཉིས་ཕྱིར་ང་རང་གི་རླངས་འཁོར་དུ་བསྐྱལ་ན་འགྲིག་གི་རེད། ངས་བསྐྱལ་ཆོག་ཟེར་ནས་ཁོ་རང་གིས་སྤོབས་པ་ཡོད་པའི་སྒོ་ནས་བཤད་དུས། རྒན་མོས་ཀྱང་དེ་ལ་མི་འདོད་པའི་རྣམ་འགྱུར་དང་མ་རེད་ཅེས་གང་ཡང་མ་བཤད་པར། དེ་ན་ཁྱེད་རང་གིས་བལྟས་ཟེར།

ཡར་ལམ་དུ་ང་དང་བུ་ཆུང་། བློ་དོན་གྱི་རྒན་མོའི་རླངས་འཁོར་བཏང་ནས་དེ་ཡི་ནང་དུ་བུ་མོ་ཆེ་ཆུང་གཉིས་དང་ངེད་བཞི་བོ་ཅ་དངོས་མི་ཉུང་བ་ཞིག་གི་མཉམ་དུ་སོང་། སྤྱིར་ཁོང་བཟའ་མི་གཉིས་བསྡོད་ས་ནི་ཀྲེ་ལ་བས་འགྲམ་གྱི་ཝ་མར་རྒན་ཟེར་བའི་གྲོང་ཁྱེར་དང་འདབས་འདྲེས་ཀྱི་གྲོང་བརྡལ་ཡིན་ལ། ཁང་བ་དེ་ནི་ཁོ་རང་གི་རྒན་མོའི་ཕ་མ་ཉེ་རིང་ལ་དབང་བ་ཞིག་ཡིན་པ་དེ་ཉེ་མི་རེ་ཟུང་ཞིག་གི་མིང་ཐོག་དུ་ཡོད་པ་ཚོང་སྟབས། ཁོ་གཉིས་གནས་གཞན་དུ་མི་སྤོ་ཐབས་མེད་ཡིན་དུས། ད་ནི་ཀྲེ་ལ་བས་ནས་རླངས་འཁོར་གྱི་ཆུ་ཚོད་གཉིས་དང་ཕྱེད་ཀའི་བར་མཚམས་ཀྱི་གྲོང་གསེབ་ཞིག་ལ་བསྡོད་གནས་རེ་ཞིག་རིང་གཏན་འཁེལ་བར་བཤད།

བསྡོད་གནས་གསར་བ་འདི་ནི་རྒྱལ་ཁབ་འདིའི་ནུབ་ཕྱོགས། ཁྱིམ་མཚེས་རྒྱལ་ཁབ་ལེས་སྤེས་མེན་ལ་ཐག་ཉེ་བོ་ཡོད་པ་ཞིག་རེད་འདུག ཡིན་ཡང་། ཁོར་ཡུག་དངོས་ནས་བལྟས་ཙམ་གྱིས་སྐྱིད་སྣང་དོད་པོ་ཞིག་འདུག འབྲོག་པ་ཞིག་དང་བོད་ཡུལ་ནས་ཡོང་བའི་མི་ཞིག་ཡིན་ན། རི་མཐོ་ས་གཙང་ལ་དགའ་བ་ལྟར། རི་མགོ་མཐོ་ས་འདི་ནས་གྲོགས་པོ་བློ་དོན་གྱིས་རང་གི་ཕ་ཡུལ་བོད་ཡང་ཡང་དྲན་མི་སྲིད་པ་མ་རེད། ཁ་ཁུ་སིམ་ཞིང་། མཐའ་སྐོར་ཡོངས་རྫོགས་སྔོ་ལྗང་གི་བཀང་ནས་འདུག ཁོ་གཉིས་སྤོར་སའི་འགྲམ་དུ་བོད་པ་གཞན་ཞིག་ཡོད་ལ། ཁོ་བོའི་མིང་དུ་དོན་འགྲུབ་ཟེར་གྱི་ཡོད། ང་རང་རྒྱལ་ཁབ་འདིར་སླེབས་ནས་ཁོ་རང་ཐུག་པ་ད་རེབས་ཐེངས་གཉིས་པ་ཡིན། ཁོ་རང་ལ་བུ་གཉིས་ཡོད།  ཁོ་རང་གི་ལས་ཀ་ནི་ཁང་བ་གསར་བསྐྲུན་གྱི་ལས་གཞི་ཁྲོད་ནས་འགན་འཛིན་པ་ཆུང་ཆུང་ཞིག་ཡིན། དངོས་ནས་མི་བབ་ཆགས་པོ་ཞིག་ཡོད། ཁོ་རང་ཡང་བློ་དོན་གྱི་ཅ་དངོས་བོར་རོགས་བྱེད་དུ་སླེབས་སོང་།

ཅ་དངོས་དེ་དག་ཡར་ནང་དུ་བླུགས་པ་ལས། ནང་ནས་ཕྱི་ལ་བཏོན་པར་མགྱོགས་པ་དང་དཀའ་ངལ་མེད་ཀི སྐད་ཆ་འདྲི་དགོས་ས་ཡོད་ཀྱང་། དང་བོ་ནང་དུ་བོར་དུས་ཀྱི་དཀའ་ངལ་དེ་དག་གཏན་ནས་མེད་པ་ཡིན་དུས། ང་ཚོས་ངལ་གསོ་ཞོར་དུ་ཅ་དངོས་ཚང་མ་ཆུ་ཚོད་གཅིག་དང་ཕྱེད་ཙམ་གྱི་རིང་དུ་ནང་དུ་བོར་ཚར་སོང་། སྟབས་མི་བདེ་བ་ཞིག་ཡོད་པ་དེ་ནི། རྡོ་སྐེས་ཐེམ་པ་བཅོ་ལྔ་བཅུ་དྲུག་ཞིག་མར་འབབ་དགོས་པ་དེ་རེད། དཀའ་ལས་ཁག་ཤོས་དེ་ནི་ང་ཚོས་འཁྱག་སྒམ་བོར་རྒྱུ་དེ་ཆགས་སོང་། གང་ལྟར། དཀའ་ལས་ཀྱི་ཐ་མ་དེར་གྲུབ་འབྲས་ཡོད་པ་ཡིན་དུས། ང་ཚོས་ཚང་མ་ཚར་བ་དང་ཟ་མ་ཟོས་ནས་གཟུགས་པོ་ཞིག་དཀྲུས། བློ་དོན་གྱིས་རང་གི་རྒན་མོའི་ག་རེ་བསམ་མིན་ལ་མ་བལྟས་པར་ངེད་གཉིས་ཕྱིར་བསྐྱལ་བའི་ལམ་དུ་བུད། ངེད་གཉིས་ཀྱིས་ཁོ་རང་གི་རྒན་མོ་ལ་བདེ་མོ་བྱོས་ཟེར་ནས་བཤད་ཀྱང་། རྒན་མོས་ངེད་གཉིས་ལ་བདེ་མོ་བྱོས་དང་ཐུགས་རྗེ་ཆེ་ཟེར་བའི་ཚིག་འབྲུ་གཅིག་ཀྱང་ཁ་ནས་ཐོན་མ་སོང་བ་དེ་ཡི་སྐབས་སུ། དངོས་ནས་ང་རང་ཧ་ལས་སུ་བཅུགས་སོང་། མ་གཞི་ནས་ང་ཚོའི་བར་གྱི་འབྲེལ་བ་བཟང་བོ་ཡིན།

བློ་དོན་ཁོ་རང་ཡང་དངོས་ནས་ནང་དེ་ཡི་བདག་པོ་ཞིག་ཡིན་དུས། ལས་ཀ་ལྕི་མོ་མང་ཤོས་ཤིག་ཁོ་རང་གིས་མི་བྱེད་ཐབས་མེད་ཆགས་ཡོད། ཁོ་རང་དངོས་ནས་ཐང་ཆད་ཡོད་ངེས་ཡིན།  ཁོས་བོད་པ་ཚང་གི་བཀའ་དྲིན་ལ་བསམ་ཤེས་དང་རོགས་རམ་ལ་གུས་སྲོལ་བྱེད་སྲོལ་ཡོད་པ་ལྟར། ངེད་གཉིས་ཆུ་ཚོད་གཉིས་དང་ཕྱེད་ཀའི་ལམ་ཐག་ཀྲེ་ལ་བས་བར་དུ་བསྐྱལ་བའི་ལམ་བར་དུ། ཀྲེ་ལ་བས་ནས་རྗོ་སུ་ལམ་དུ་སྐར་མ་ལྔ་བཅུའི་ལམ་བར་གྱི་ང་རང་བསྡོད་ས་དེར་ང་རང་བསྐྱེལ་བར་ཡང་ཁས་ལེན་བྱས་པ་དང་། ངེད་གཉིས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ། སྤྱིར་ཡིན་ན་ངས་ཁྱེད་གཉིས་ལ་དེ་རིང་བཀའ་དྲིན་མཚོན་བྱེད་དུ་སྒོར་མོ་ཁ་ཤས་ཤིག་སྟེར་འདོད་ཀྱང་། རྒན་མོས་སྒོར་མོ་བླངས་མི་འདུག་ཟེར། དེ་དུས་བུ་ཆུང་གིས་སྐད་ཆ་དེ་འདྲ་ཞིག་གཏན་ནས་གླེང་གི་མ་འདུག་ཟེར། ངས་ཀུ་རེ་ཞིག་བྱེད་ཞོར་དུ། ངེད་གཉིས་ལ་མང་བོ་མི་དགོས། ཤིས་ཀར་གཅིག་སྟོང་གཅིག་སྟོང་སྤྲད་ན་འགྲིག་གི་འདུག་ཞེས་བཤད་པ་ཡིན།

དངོས་ནས་བཤད་ན་ནི། ངེད་གཉིས་ཀྱིས་གྲོགས་པོའི་ལ་རྒྱ་དང་རིགས་ཀྱི་འདུ་ཤེས་སོགས་ཀྱི་ཚོར་བ་དེ་ཡི་དྲངས་ནས་བློ་དོན་ཁོ་རང་ལ་རོགས་པ་བྱེད་དུ་སོང་བ་ལས། སྒོར་མོ་ཞིག་རེག་ཡོང་བསམ་ནས་ཁོ་རང་ལ་རོགས་པ་བྱེད་དུ་ཡོང་ནི་མིན་པ་ཁོས་ཀྱང་ཤེས་ན་རེད་ལ། ཁོས་ཀྱང་ཁ་ནས་སྐད་ཆ་དེ་འདྲ་ཞིག་དངོས་ནས་བཤད་པ་ལས་མ་བཤད་པར། ཁྱེད་རང་རོགས་བྱེད་དུ་ཡོང་བ་དེར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་དེ་གཅིག་པོ་ངེད་གཉིས་ལ་བཤད་ན་འོས་ཤིང་འཚམ་ན་ཡང་། ཁོ་རང་གིས་བཤད་ཚར་བ་དང་ངེད་གཉིས་ཀྱིས་གོ་ཚར་བ་རེད། གང་ལྟར། ཁོ་རང་གི་བསམ་པ་ནི་དཀར་པོ་རེད། བསམ་པ་དེ་བཤད་པ་རེད། དེ་ཡང་མི་འགྲིག་རྒྱུ་མེད་ཀི

མཚན་མོའི་ཆུ་ཚོད་བཅུ་གཅིག་ཡོལ་ནས་ང་རང་གི་སྒོ་འགྲམ་དུ་སླེབས་སོང་། སྒེའུ་ཁུངས་ལས་གློག་གཟིམ་ནས་བཞག་ཡོད་པ་མཐོང་དུས། མཛའ་མོ་དང་བུ་མོ། མཛའ་མོའི་མ་རྒན་བཅས་སྔ་ས་ནས་ཉལ་ཟིན་པ་ཤེས་ཐུབ་ཀྱི་འདུག ངས་བློ་དོན་ལ་བདེ་མོ་བྱོས། འདི་བར་དུ་བསྐྱལ་ནས་ཡོང་བ་དགའ་ནི་ཡིན། གལ་སྲིད། ཁོམ་པ་དང་སྟབས་འགྲིག་སོང་ན། ངེད་ཀྱི་བུ་མོའི་སྐྱེ་སྐར་ལ་ཁྱེད་བཟའ་མི་བཀང་བོ་ཕེབས་རོགས་ཞུ། ངས་མི་རིང་བར་ཁ་པར་རྒྱགས་ཆོག ཁོས་ང་རང་ཡོང་ཨེ་ཐུབ་ལ་བལྟ་ཆོག་ཟེར། ང་རང་གིས་ནང་གི་སྒོ་ཕྱེ་ཞོར་དུ། བློ་དོན་ཁོ་རང་གིས་ལམ་བར་ནས་ངས་བསྟན་པའི་ལམ་ཁ་དེ་ནས་མགོ་མ་འཁོར་བར་གྲོགས་པོ་བུ་ཆུང་གི་ནང་དུ་སླེབས་ཐུབ་ཡོང་ངམ། བསམ་བློ་དེ་ཡི་ཕྱོགས་སུ་འཁོར་བཞིན། ག་ལེར་ཉལ་དུ་སོང་། སང་ཞོགས་སྔ་བོ་ནས་རྒྱུན་ལྡན་ལྟར་ལས་ཀ་བྱེད་དུ་འགྲོ་དགོས་པ་རེད། སྐེ་ན་བ་འདི་ཇེ་སྡུག་འདི་མི་འགྲོ་བར་རང་གིས་རང་ལ་ཡིད་ཆེས་བྱས་པ་ཡིན། ༣༠།༧།༡༡

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. gartse wandy says:
    ལོ་ 15 སྔོན།

    སྒྲུང་སྙན་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese