མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་སྙིང་རྩ་བསྒུལ་བའི་བུ་མོ་ཁྱོད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

                                                                                      བོད་ནང་གི་གླུ་མ་ཞིག་ལ་ཕུལ།

སྙན་མོ་གླུ་ཡི་འགྱུར་ཁུགས་ཀྱིས
རིགས་ཀྱི་ཞེན་པ་དཀར་པོ་གདངས་སུ་བཀུགས་ནས
ཡུལ་གཞན་ན་འཁྱམས་པའི་མྱི་ངའི་སྙིང་ཆུང་བརྐུ་མཁན་ཁྱོད
ག་དུས་ཤིག་ནས་ངའི་སེམས་ཀྱི་སྟེགས་བུར་འཛེགས
ཤ་གསེང་རུས་གསེང་དུ་ཟུགས་དེ་འོང་བའི་ཁྱོད་ཀྱི་སྐད་ངག
ལུས་ཀྱི་བ་སྤུ་རེ་རེ་བསྒུལ་ནས་ཡོང་བའི་ཁྱེད་ཀྱི་འཛུམ་མདངས
ག་དུས་ཤིག་ནས

དྭངས་གཙང་གི་ཆུ་བོ་དང་འདྲིས་པའི་སྐད
མཛེས་སྡུག་གི་ཡུལ་ལྗོངས་དང་བསྡེབས་པའི་གདངས
སེམས་ཀྱི་གཤིས་དང་བརླན་པའི་ཞེན་འདང་ཟབ་མོ
མཐོ་སྒང་གི་མི་རིགས ཁ་བ་གངས་ཅན་པ་ཚང་ལ་རེ་སྐུལ་ཞིག
རུས་དང་སྐྱི་མོ  རྐང་དང་ཁྲག་གི་ན་ཟུག་བཞིན
ཤུགས་ཀྱིས་གྱེར་དུས
ང་ཕྱི་རོལ་ན་འདར་བཞིན་ཡོད
རང་དབང་མེད་པའི་མིག་ཆུ་ཞིག་སེམས་ནས་ཤོར

ཞི་དུལ་བག་ཡོད་ཀྱི་རྣམ་འགྱུར
ལྷད་མེད་ཟོལ་མེད་ཀྱི་བོད་ཀྱི་བུད་མེད་ཁྱོད་ཀྱིས
ང་གསོད་ས་ཟེར  ང་བཟི་རུ་བཅུགས་སོང
ངས་ཡང་དང་བསྐྱར་དུ་ཉན
ཁྱོད་ཀྱི་སྐད་ངག་སྙན་མོ
ཁྱོད་ཀྱི་གླུ་སྐད་དྲོན་མོ
ངའི་ཤ་འདར་སོང་   ངའི་ངག་འདར་སོང་
ངའི་མིག་ཆུ་མེད་པའི་ལོ་ཟླ་ཞིག་ལ་སྒུག་འདོད་སྐྱེས

མཐོ་དབུས་མཐོ་སྒང་གི་རྩྭ་ཐང་དང་ལུ་གུ
སྤྲ་ནག་དང་རྟ་ནོར་ལུག་གསུམ
སྤང་ལ་བཀྲམ་པའི་ངང་ཚུལ་འདི་དག་དང་མཉམ་དུ
ཁྱོད་ཀྱི་རང་ཉིད་བོད་པའི་མི་རིགས་ཡིན་པར
ཡང་དང་བསྐྱར་དུ་གྱེར་ཞིང་
རྟ་ཕོའི་རྨུག་རྗེས་དང་འབྲི་མོའི་བཞོ་དབྱངས་ཁྲོད
ལུ་གུའི་འབབ་སྒྲ་དང་ཆུ་ཕྲན་དྭངས་མོའི་བཞུར་སྒྲའི་ཀློང་
དད་ལྡན་མི་རིགས་ཤིག་གི་ཉམ་ཉེས་ལ   འོ་འབོད་ཡང་ཡང་བྱས
མཐའ་དོན་དེར  བོད་ཀྱི་གླུ་མ་ཁྱོད་ལ
ངའི་སེམས་གཏིང་གི་སྨོན་འདུན་ཞིག་ཞུ་འདོད་ཀྱང་
ངས་བརྙན་འཕྲིན་གྱི་གཟུགས་རིས་ལས་མཐོང་བའི་ཕ་ཡུལ་དང་
ཡུན་རིང་རྒྱང་དུ་སྐྱུར་བའི་སྤུན་ཟླ་དག་དྲན་ནས
མགྲིན་པ་བརྣངས་སོང་ 

༢༦།༨།༡༡ལ་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གཞུང་གིས་བོད་ཀྱི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཟེར་བའི་བསམ་བློ་སྤེལ་ཆེད་རྒྱ་ནག་ཏུ་ལྟ་སྐོར་ཁྲིད།

སྐར་མ ༢༦ སྔོན་ལ།
Mobile App

ཉིན་གསུམ་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་དབུ་འཛུགས་གནང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

༢༠༢༥/༡༠/༡༣
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

༢༠༢༥/༡༠/༡༣
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡

མཆན། 2

  1. karmadentse says:
    ལོ་ 14 སྔོན།

    བཀླགས་ཡོད། སྙན་མོ་འདྲ་ཞིག་བྲིས་འདུག་བསམ་སོང་།

    Reply
  2. kamgam says:
    ལོ་ 14 སྔོན།

    བཀླགས་ནས་འགྲོ་ཞོར་དུ་ཁྱེད་ཀྱི་ཚོར་བའི་ཕ་རོལ་ན་ཅི་ཞིག་འཚོལ་ཡོད་པ་ཤེས་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese