ཡུལ་གནས་མཆོག་ལྷ་ཡི་རི་གྲོང་ནས།།
བོད་ཁ་བའི་ཕ་སྐད་དྭངས་མོའི་སྒྲ།
ངག་དབྱངས་རྟ་སྙན་མོའི་འགྱུར་ཁུགས་ཤིག།
ཁྱོད་གླུ་བའི་བླངས་དུས་ལྷག་དུ་དྲན།།
ཡུལ་སྐྱེ་བའི་དྲིན་ཆེན་ཕ་མ་ཡི།།
ཆུང་བྱིས་པའི་དུས་ནས་བསླབས་པ་ཡིས།།
བྱམས་སྙིང་རྗེའི་ལམ་ལ་ཞུགས་དུས་སུ།།
རླབས་ཆེ་བའི་ཡབ་ཡུམ་སྙིང་ནས་དྲན།།
ཡུལ་རྒྱུས་མེད་རྒྱལ་ཁབ་གཞན་ཡུལ་ན།།
ལས་འཚོ་བ་ངན་ངོན་འཛོམ་ན་ཡང་།།
ཆུང་བྱིས་པའི་དུས་ནས་འདྲིས་པ་ཡིས།།
ནང་སྤུན་ཟླའི་མཛེའ་བརྩེ་ཡང་ཡང་དྲན།།
ཡུལ་མཛེས་སྡུག་ལྡན་པའི་བོད་ཡུལ་ན།།
སྐད་སྐྱེ་གཟུགས་ཡག་པའི་མཛའ་མོ་ཁྱོད།།
སེམས་བསམ་པའི་དཀྱིལ་ནས་དྲན་དུས་སུ།།
བྱ་གཤོག་ཐོག་བཞིན་དུ་འཕུར་ན་འདོད།།