མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཤད་ཐུབ་ཀྱང་སྒྲུབ་མི་ཐུབ་པའི་ང་ཚོའི་རིགས་འདི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

ང་དང་འདྲ་བའི་སྨྱུག་ཐོག་པར་རློམ་པ་དང་། ཟིན་བྲིས་པའི་སྡེ་བོད་ཕྱི་ནང་གཉིས་སུ་དེང་སང་མང་ནས་མང་དུ་འགྲོ་བ་དེ་ནི། མི་རིགས་ཤིག་གི་སྐད་ཡིག་གི་འཆི་གསོན་ལ་བསམ་ན་དངོས་ནས་དགའ་འོས་པ་དང་བསྟོད་དགོས་པ་ཞིག་ལོས་ཡིན། རེད་དེ། ལྡོག་ཕྱོགས་ནས་བསམ་བློ་ཞིག་བཏང་དུས། ང་དང་འདྲ་བའི་སྐྱེ་བོ་ཆེས་མི་ཉུང་བ་ཞིག་གིས་རང་གིས་ཁ་ནང་གི་ཚིག་ལ་བདག་པོ་མི་རྒྱགས་པར། གང་ཞིག་འབྲི་བ་ལ་ཐོག་མར་དེ་ཡི་ཕྱོགས་ནས་འགན་རང་ཉིད་ལ་ཡོད་པ་གཏན་ནས་གཏིང་བརྗེད་དུ་འགྲོ་བའི་མི་རབས་ཤིག་འཚར་བཞིན་པ་འདི་ནི་དངོས་ནས་ཡིད་སྐྱོ་བའི་གནས་ཤིག་ཆགས་ཡོད།

ངས་འདི་ནས་དེ་རིང་རང་ཉིད་འགོ་ལ་བཞག་ནས་འུ་ཅག་གིས་གང་ཞིག་འབྲི་ཤེས་མིན་ནས་བརྩམས་དེ་དེ་ཉིད་ལ་འགན་འཁུར་བའི་རང་ཉིད་ཅིག་ཀྱང་ཅི་ནས་ཀྱང་ངོ་ཤེས་དགོས་པར་འབོད་སྐུལ་སེམས་བསམ་པའི་དཀྱིལ་ནས་ཞུ་རྒྱུ་ཡིན། དེང་དུས་སུ་གླེང་ཕྱོགས་ཆེས་མི་ཉུང་བ་ཞིག་ཡོད་ལ། བོད་དུ་གཞོན་སྐྱེས་སྨྱུག་ཐོག་པའམ་དྲ་ཐོག་པ། ཟིན་བྲིས་ཆེས་མི་ཉུང་བ་ཞིག་ནི་དེང་རབས་ཀྱི་གཞོན་སྐྱེས་ཤ་སྟག་ཆགས་ཡོད་དུས། ཁོང་ཚོས་རང་ཉིད་ནི་གསར་གཏོད་དང་མདུན་བསྐྱོད་ལ་དགའ་བའི་རིགས་སུ་བརྩི་བ་དང་། རྙིང་ཞེན་མེད་པ་དང་། རྙིང་བའི་རིགས་ནི་དོར་འོས་པ་ལས་ལེགས་ཆ་གང་ཡང་མེད་པར་སྨྲ་བར་དགའ་བའི་གཤིས་ཀ་ཞིག་འཚར་བཞིན་ཡོད་པ་འདི་ནི་དངོས་ནས་མི་རིགས་ཤིག་གི་རང་ཉིད་རང་གིས་གསོད་པའི་སྔ་ལྟས་སུ་ཤར་གྱི་ཡོད་པ་ཡིན་དུས། ལྷག་དོན་དུ་དེང་དུས་སུ་རང་ཉིད་ནང་ཆོས་ལ་གོ་ཐོས་ཙམ་གྱི་བག་ཆགས་ཀྱང་མེད་པར། ནང་ཆོས་ནི་བོད་མི་རིགས་ཀྱི་འཕེལ་རྒྱས་ཀྱི་འགག་རྡོ་ཡིན་པར་གླེང་ནས། འགོ་སྟོན་པ་ཐུབ་པའི་དབང་བོ་དང་། མཇུག་རྗེ་ཙོང་ཁ་བ་རྩིས་དེ། དེ་དག་གི་རིགས་པའི་ལུང་དང་། སྟོན་པའི་གདམས་ངག་དག་ལ་ཞིབ་དཔྱོད་མེད་པའི་སྐད་ཆ་ཤུགས་ཆེར་དར་བའི་དུས་རབས་ཤིག་གི་མི་རབས་འཚར་ནས་ཡོད་པ་འདི་ལ། གསར་གཏོད་ཀྱི་རྣམ་པར་རློམ་མཁན་གྱི་བོད་ཀྱི་སྐྱེ་བོ་དེ་དག་གིས། བསམ་བློ་ཞིབ་མོ་ཞིག་གཏོང་དགོས་པར་འདུག་ལ། རང་ཉིད་སྐྱེ་སའི་མི་རིགས་འདི་ལ་སྲུ་ཞུ་ཞིག་སྒྲུབ་དགོས་པའི་དམིགས་དོན་ཡང་ཤེས་པར་ཕྱོགས་དགོས་ཀྱི་འདུག་ལགས།

 

སྤྱིར་ན་ང་རང་ལྟ་བུ་ནི་ཆུང་དུས་ནས་སྤྱངས་པའི་ཉམ་མྱོང་ལ་ཐར་ཕྱིན་པ་དེ་འདྲ་མིན་ནའང་། གོ་ཐོས་ཀྱི་ཉམས་མྱོང་ལས་དེང་དུས་ཀྱི་འཛམ་གླིང་ཡུལ་གྲུ་གཞན་དག་གི་སྟོན་པ་དག་གི་རྗེས་མཇུག་པ་དེ་དག་གིས་རང་རང་གི་སྟོན་པ་དག་གིས་བསྟན་པའི་ལམ་དུ་འཇུག་སྟངས་དང་བཤད་སྟངས་བཅས་ལ་བསྡུར་ནས་འོང་དུས། རང་ཅག་གི་སྟོན་པ་ཐུབ་པའི་དབང་བོ་དང་རྗེ་ཙོང་ཁ་བ། བསྟན་པའི་སྐྱེ་ཆེན་གནམ་མཁའི་སྐར་ཚོགས་ལྟ་བུ་བྱོན་པ་དེ་དག་གིས་བོད་ལ་བཞག་པའི་བྱས་རྗེས་དང་བསླབ་བྱ་ནི། ཆོས་ལུགས་གཞན་དག་གི་སྟོན་པ་དེ་དག་ལས་ཡང་བའི་རྩེ་རུ་སོན་ཡོད་པར་བཤད་ཆོག འདི་ནི་རང་ཉིད་སྐྱེ་སུའི་ལུང་ཁུག་གམ་རིགས་ཞེན་གྱིས་བཟི་བའི་གཏམ་ནི་མ་ཡིན་པར། ཉིན་ལྟར་ཆོས་ལུགས་གཞན་གྱི་མིའི་བཤད་སྟངས་དང་སྒྲུབ་སྟངས། ཆོས་ལུགས་དེ་དག་གིས་ཕྱོགས་ཞེན་གྱིས་འདྲུད་པའི་དབྱེ་འབྱེད་ཀྱི་ལྟ་གྲུབ་དེ་དག་ལ་བསམ་དུས། སྟོན་པ་ཐུབ་པའི་དབང་བོ་དང་རྗེ་ཙོང་ཁ་བ་སོགས་ནི། དངོས་ནས་ཚེ་ཕྱི་མ་ཟེར་ན་ངས་ཁྱེད་ཅག་ལ་ཁ་ཚོད་ཆོད་པོ་ཞིག་ཞུ་མི་ཐུབ་ཀྱང་། ཚེ་འདིའི་ལེགས་ཉེས་ལ་བྱང་ཆུབ་པའི་ལེགས་བཤད་བླ་མེད་ཅིག་ཡིན་པ་ཁ་ཚོད་གཅོད་ཐུབ་ཀྱི་འདུག་ན། རིགས་ཀྱི་མདུན་པ་ཟེར་ན་རེད། རང་ཉིད་བོད་ཀྱི་མི་དང་ནང་དགོས་ནང་བའི་ཁྱིམ་ཚང་ཞིག་ལ་སྐྱེ་བ་དེ་ནི་གཟི་བརྗིད་ཅིག་ལས་བྱ་འདྲེན་ལྟ་བུ་ཞིག་ལ་གཏན་ནས་ཚོར་གྱི་མི་འདུག

 

མཐའ་དོན་ཁ་གསལ་བོའི་སྒོ་ནས་ཞུས་ན། འུ་ཅག་ཟིན་བྲིས་ཀྱི་སྡེ་དང་། དྲ་ཐོག་པའི་སྡེ། སྨྱུག་ཐོག་པའི་སྡེ་གསར་བའི་ཚོ་ཁག་གིས་རང་ཉིད་གང་ནས་སྐྱེ་བའི་མི་རིགས་དེ་ཡི་ནང་བཅུད་ཤོར་དུ་མི་འཇུག་པར། རང་ཉིད་བོད་མི་ཞིག་བྱེད་པའི་ཆ་རྐྱེན་ཚང་བར་དགོས་ངེས་པའི་རིགས་དང་། མེད་དུ་མི་རུང་བ་དང་། དོན་མེད་དུ་འཕྱ་དམོད་བྱེད་མི་རུང་བའི་རིགས་དེ་དག་ལ་ངེས་ཟིན་པའི་སྒོ་ནས་ཟིན་བྲིས་པ་ཞིག་བྱེད་པར་ཐ་མལ་སྐྱེ་བོ་བོད་ཀྱི་རིགས་སུ་སྐྱེ་བུའི་ཡུལ་འཁྱམས་ལྡོམ་པོ་ངའི་སྐད་ཆ་སྙིང་ནས་ཤོར་སོང་།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

སྐར་མ ༣༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. karmadentse says:
    ལོ་ 15 སྔོན།

    བཀླགས་ཡོད། གནས་སྐབས་ནང་མི་ཡོང་བདེ་མོ་ཡིན་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese