མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ལོའི་ལོ་སར་ལ་སྐད་ཅིག་ཡོད། སྤུན་ཟླ་ཚོ། གསན་རོགས་ཞུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ལོ་སར་ཞེས་པ་ཆུང་བྱིས་པའི་རེ་ཞིང་སྒུག་པའི་དུས་ཚོད་གལ་ཆེན་ཞིག་དང་། བོད་གནའ་བོའི་སྲོལ་རྒྱུན་གྱི་འབྲེལ་ཐག་དམ་པོར་ཡོད་པའི་ཆོས་ལུགས་ཀྱི་མཆོད་ཁ་དང་སྲོལ་རྒྱུན་གྱི་དུས་སྟོན། ཆུང་བྱིས་པ་དག་གིས་རང་རང་ཆེས་དགའ་བའི་ཞིམ་པོའི་ཟས་དང་། མཛེས་པའི་གོས་གྱོན་པའི་དུས་ཤིག་རེད། དེ་ལ་དགའ་དགའ་སྐྱིད་སྐྱིད་བྱེད་པར་མདུན་པ་ཡོད་མཁན་དག་ལ་དེ་ལྟར་མ་བྱེད་ཅེས་ཞུ་བཞིན་མེད། བྱེད་པར་འཚལ་ལོ། ངས་འདི་ནས་རང་ཉིད་ཀྱི་ལས་ཞོར་དུ་ཉིན་འདི་དག་གི་རིང་དུ་བསམ་བློ་ཞིབ་ཚགས་མང་བོ་ཞིག་བཏང་བའི་མཐར་སྐད་ཆ་འདི་འདྲ་ཞིག་ཞུ་ན་འདོད་སོང་། རྒྱ་ལོའི་ལོ་སར་ཞེས་པ་འདི་ནི་དམིགས་བསལ་གྱིས་བོད་མདོ་སྨད་ཁུལ་གྱི་ལོ་སར་སྟངས་ཤིག་དང་འབོད་སྟངས་ཤིག་རེད། རྒྱ་ལོ་ཟེར་བ་དེ་ཡང་རྒྱ་རིགས་ཀྱི་ལོ་ཟླ་བརྩི་ཚུལ་ལ་དེ་ལྟར་བཏགས་པ་ཞིག་ཡིན་པ་འདྲ། ང་ལ་ཁུངས་ལུང་བཙན་པོ་མེད་ཀྱང་། ངས་དེ་རིང་ཁ་སང་ལས་ཞོར་དུ་དེ་ལྟར་བསམ་སོང་། ཞུ་བྱ་གཙོ་བོ་ནི་རྒྱ་ལོའི་ལོ་སར་གྱི་ཚེ་གཅིག་ཉིན། ཁྱིམ་ཚང་རེ་ནས་མཆོད་མེ་བརྒྱ་ཚར་རེ་ཁང་ཐོག་དུ་སྒྲོན་རོགས་ཞུ། དེ་ནི་མེས་པོ་གོང་མ་དག་གི་ཤུལ་རྗེས་ལ་ཡི་རུང་མཚོན་བྱེད་དང་། ལོ་སར་བའི་སྟ་གོན་ལ་ལམ་ལྷོང་དང་། དགའ་ཉེ་སྤུན་གྲོགས་དག་ལ་ཞི་བདེ་དང་རང་དབང་ཐོབ་ཆེད། མུན་ནག་ལྟ་བའི་འཇིག་རྟེན་འདི་སྒྲོན་མེ་ཞིག་གི་འོད་ཀྱིས་བཀང་བར་རེ་མདུན་སོགས་མཚོན་བྱེད་དུ། ད་དུང་གཞན་ཞིག་གི་ཆེད་དུ། ང་ཚོའི་ཆེད་དུ། ང་ཚོའི་མུན་ནག་ལྟ་བའི་སེམས་ཁོང་འདིའི་མུན་པ་སངས་པའི་ཆེད་དུ། གལ་སྲིད། ཁྱེད་ལ་མཆོད་མེ་འདི་དག་ཅིས་ཕྱིར་སྒྲོན་བཞིན་ཡོད་དམ་ཟེར་ན། ཁྱེད་ཀྱིས་དེ་ལ་འདི་ནི་ང་ཡི་འཛམ་གླིང་ཞི་བདེ་ལ་སྨོན་འདུན་མཚོན་པའི་ཉིས་སྟོང་བཅུ་གཉིས་ལ་སྒྲོན་པའི་འོད་ཟེར་ཞིག་གི་འབོད་པ་ཡིན་ཞེས་ལན་བཏབ་ནའང་མ་ཆོག་པ་ཅི་ཡང་མེད། མཐའ་མཇུག་འདིར། ངས་རྒྱ་ལོའི་ལོ་སར་ལ་མི་ཚང་རེ་ནས་མཆོད་མེ་བརྒྱ་རེ་སྒྲོན་པར་རེ་ཞིང་སྒུག་ནས་ཡོད། ངས་ས་མཐའ་ཞིག་ནས་ཞག་སྒྲོན་བརྒྱ་ཚར་ཞིག་སྒྲོན་ནས་ཞི་བདེའི་ཆེད་དུ་སྨོན་འདུན་ཞུ་ངེས་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༡༣ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese