ཤི་དང་གསོན་ལ་ཁྱད་མེད་རོ་སྐམ་འདི་བསྲུང་དེ།།
མི་ལོ་སུམ་བཅུའི་ཐེམ་སྐས་རིམ་རྒྱུད་དུ་བྱིན་ཡང་།།
ལག་རྗེས་གང་ཡང་མེད་པའི་འཁྱམས་སྤྲང་གི་མི་ང་།།
དཀར་ངོགས་འཚོ་བ་ཡོད་ཀྱང་དོན་སྙིང་ནི་མ་ལོན།།
ཟིན་པའི་བློ་ལ་རྣམ་དཔྱོད་ཤེས་རབ་ཀྱི་དབུལ་ཞིང་།།
དྲན་པའི་སྣང་ངོ་དྲིན་ཤེས་མེ་ལོང་རང་མེད་པའི།།
ཆོས་དང་འཇིག་རྟེན་གཉིས་མེད་སྤྲང་འཁྱམས་ངའི་མདུན་རྒྱབ།།
སྙིང་བོ་ཅི་ཡང་མེད་པར་གཡོག་ལས་ཀྱི་བྲེལ་ཡོད།།
སེམས་ཤུགས་མ་ཆགས་ཤིག