མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དབུལ་ཕོངས་ཉམ་ཐག་དང་འགྲོ་བ་མིའི་ཐོབ་ཐང་བར་འབྲེལ་བ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༧/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་རྒྱ་ནག་ནང་སྐོར་སྐྱོད་སྐབས། རྒྱ་ནག་གཞུང་གི་བདེ་འཇགས་མི་སྣས་རྗེས་འདེད་བཏང་ཡོད་པ་མ་ཟད། ཁོ་ལ་ཐུག་འཕྲད་བྱེད་མཁན་ཚོ་བཀག་བསྐྱིལ་མནར་གཅོད་སོགས་བཏང་ཡོད་འདུག

ཁ་སང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྐུ་ཞབས་ཧྥེ་ལེབ་ཨལ་སི་ཊོན་ (Philip Alston) ལགས་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉམ་ཐག་དབུལ་ཕོངས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དམིགས་བསལ་རྟོག་ཞིབ་པ་ཡིན་པ་དང་། ཁོང་སྔ་ཕྱི་ཐེངས་གཉིས་ལ་རྒྱ་ནག་ནང་ཕྱིན་པའི་གནས་ཚུལ་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོར་སྙན་སེང་ཞུས་སྐབས། རྒྱ་ནག་ནང་གི་གནད་དོན་མང་པོ་ཞིག་གི་ཐོག་རང་དབང་གི་ཐོག་ནས་ཞིབ་འཇུག་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་ཁོ་ལ་ལ་རྗེས་འདེད་བཏང་བའི་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དགོས་འདུན་དང་རྒྱབ་འགལ་ཆགས་ཡོད་སྐོར་སོགས་བརྗོད་འདུག

ཁོང་སྔར་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་ནང་ཐེངས་གཅིག་ཕྱིན་ཡོད་པ་དང་། ཉེ་ཆར་སླར་ཡང་རྒྱ་ནག་ནང་སྐོར་སྐྱོད་བྱེད་སྐབས་དཀའ་ངལ་འཕྲད་པའི་གནས་ཚུལ་རྣམས་ཟླ་འདིའི་ཚེས་ ༢ ཉིན་གློག་འཕྲིན་བརྒྱུད་ཨེ་ཕེ་གསར་ཁང་ལ་སྤྲད་ཡོད་འདུག་ལ། འབྱུང་འགྱུར་ཕྱི་ ༦ པའི་ནང་གནས་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་སྙན་སེང་ཞུ་རྒྱུ་ཡིན་འདུག

ཁོང་ལ་རྒྱ་ནག་ནང་འཕྲད་པའི་དཀའ་ངལ་གཙོ་བོ་ཁག་ནི། རྒྱ་ནག་གཞུང་གིས་ཁོ་རང་རྒྱ་ནག་གི་མི་སྒེར་བ་སུ་གང་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་མ་ཟད། ཚོགས་པ་སྒྲིག་འཛུགས་ཁག་ལའང་དུས་བཅད་མ་བཟོས་པར་ཐད་ཀར་ཐུག་འཕྲད་བྱེད་བཅུག་མེད་པ་དང་། དུས་རྒྱུན་དུ་བདེ་འཇགས་མི་སྣས་ཁོ་རང་གི་རྗེས་འདེད་བཏང་སྟེ་གང་དུ་འགྲོ་བ་དང་སུ་ལ་ཐུག་འཕྲད་བྱེད་པ་སོགས་ལ་ལྟ་རྟོག་ནན་མོ་བྱེད་པ་སོགས་འཁོད་འདུག

སྲིད་འཛིན་ཞི་ཅིན་ཕིན་གྱི་འཛིན་སྐྱོང་འོག རྒྱ་ནག་ནང་དམ་དྲག་ཆེ་རུ་ཕྱིན་ཡོད་པ་དང་། ཞི་ཅིན་ཕིན་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ། སྒེར་གྱི་དྲ་ཚིགས་གཉེར་མཁན། ཕྱི་ཕྱོགས་ལ་གནས་ཚུལ་གཏོང་མཁན། ཕྱི་རྒྱལ་དུ་འབྲེལ་བ་བྱེད་མཁན་ཚོགས་སྒེར་མང་པོ་ཞིག་ལ་དཀའ་ངལ་སྤྲོད་བཞིན་ཡོད།

གནད་དོན་དེའི་སྐོར་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀིང་ཧྲང་ (Geng Shuang)ལ་དྲི་བ་བཏོན་པའི་ལན་དུ་ཁོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་སྙན་ཐོ་དེ་འདྲ་ཞིག་བཏོན་པ་མ་མཐོང་བས་དེའི་སྐོར་ལ་གསལ་བཤད་བྱེད་རྒྱུ་མེད་ལུགས་བཤད་འདུག

སྐུ་ཞབས་ཨལ་སི་ཊོན་ལགས་ཀྱིས། ན་ནིང་རྒྱ་ནག་གི་དཔོན་རིགས་ཚོས་ཁོ་རང་རྒྱ་ནག་ནང་སྐྱོད་རྒྱུ་ངོས་ལེན་བྱས་ཏེ། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གང་ཡང་མེད་པའི་རྣམ་འགྱུར་བསྟན་ཏེ། ཁོ་རང་རྒྱ་རིགས་སུ་ལ་ཐུག་འདོད་ན་དེ་ལ་ཐུག་པ་ཡིན་ཞེས་དང་། ཕྱི་ཟླ་ ༦ པའི་ནང་ཁོང་གིས་ཐེངས་འདིའི་སྙན་ཐོ་མ་བཏོན་སྔོན་ལ། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་རྒྱ་ནག་སྐུ་ཚབ་ཚོས་རྒྱ་ནག་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་གསལ་འདོན་བྱེད་དགོས་སྐོར་སོགས་བརྗོད།

ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༨ པའི་ནང་སྐུ་ཞབས་ཨལ་སི་ཊོན་ལགས་རྒྱ་ནག་ནང་ཉིན་ ༩ རིང་གཟིགས་སྐོར་བྱས་སྐབས། ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་དང་མི་མང་ཉམ་ཐག་དབུལ་ཕོངས་ཀྱི་དཀའ་ངལ་བར་ལ་འབྲེལ་བ་ཡོད་མེད་ཞིབ་འཇུག་བྱས་ཡོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་སྐུ་ཞབས་ཝེ་ལེམ་ནི་ (William Nee) ལགས་ཀྱིས། རྒྱ་ནག་གཞུང་ལ་རང་རྒྱལ་གྱི་ཉམ་ཐག་དབུལ་ཕོངས་ཀྱི་གནད་དོན་སྐོར་ལ་གསལ་བཤད་བྱེད་རྒྱུ་མང་པོ་འདུག་ཀྱང་། གསལ་བཤད་བྱེད་ཐུབ་ཀྱི་མེད་པ་དེ་རྒྱ་ནག་ནང་འཕྲད་བཞིན་པའི་དངོས་ཡོད་དཀའ་རྙོག་མང་པོ་གསང་རྒྱ་བྱེད་ཐབས་ཤིག་རེད་ཅེས་བརྗོད།

སྐུ་ཞབས་ཨལ་སི་ཊོན་གྱི་སྙན་ཐོའི་ནང་། ཁོ་རང་རྒྱ་ནག་ནང་བསྐྱོད་པའི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་ཁོང་ལ་ཐུག་འཕྲད་བྱེད་མཁན་ཚོར་འཇིགས་སྐུལ་དང་འཁོན་ལན་བསློགས་ཡོད་ཅེས་བརྗོད། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཅིང་ཐེན་ཡཱོང་ (Jiang Tianyong)ལགས་སྐབས་དེར་ཁོང་ལ་ཐུག་འཕྲད་བྱས་པར་བརྟེན་ཏེ། ཕྱི་ ༡༡ པའི་ཚེས་ ༢༡ ཉིན་གློ་བུར་གར་སོང་ཆ་མེད་ཆགས་པ་དང་། ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཅིག་གི་ནང་ཅིང་ཐེན་ཡཱོང་གིས་ཕྱིའི་གསར་ལམ་ཐོག་གནས་ཚུལ་རྫུན་བསྒྲགས་བྱས་ཡོད་སྐོར་བཀོད་འདུག

ཨལ་སི་ཊོན་ལགས་ཀྱིས་ན་ནིང་ཕྱི་ཟླ་ ༡༠ པའི་ནང་། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་གཉིས་ལ་བསྙོན་འཛུགས་བཀག་བསྐྱིལ་བྱས་ཏེ། མནར་གཅོད་བཏང་ཡོད་པའི་གནས་ཚུལ་ཁྲིམས་རྩོད་པ་དེ་གཉིས་ཀྱི་བཟའ་ཟླ་གཉིས་ཀྱིས་ཁོང་ལ་བཤད་ཡོད་པ་དང་། ཁྲིམས་རྩོད་པ་གཅིག་ཁོ་རང་གཟིགས་སྐོར་སྐབས་ཐུག་འཕྲད་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ཝང་ཆའོ་ལིན་ (Wang Qiaoling)དང་ལའེ་ཝིང་ཙི་ (Li Wenzu) གཉིས་བཀག་བསྐྱོལ་མནར་གཅོད་རིགས་གང་ཡང་བཏང་མེད་ལུགས་བཤད་ཡོད་འདུག

སྐུ་ཞབས་ཨལ་སི་ཊོན་ལགས་ཀྱི་སྙན་ཐོའི་ནང་། རྒྱ་ནག་གཞུང་གི་ཆབ་སྲིད་ཤན་ཤུགས་འོག་རྒྱ་ནག་ནང་ཉམ་ཐག་དབུལ་ཕོངས་ཀྱི་དཀའ་ངལ་འབྱུང་སྲིད་པ་དང་། རྒྱ་ནག་གིས་སྲིད་ཇུས་གཏན་འབེབས་བྱེད་སྐབས། ངེས་པར་དུ་སྤྱི་མང་གི་དངོས་ཡོད་གནས་སྟངས་ལ་དཔྱད་ཞིབ་བྱེད་དགོས་སྐོར། ད་དུང་ཁོང་གིས་རྒྱ་ནག་གིས་སྤྱི་ཚོགས་དང་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཐོབ་ཐང་དེ་འགྲོ་བ་མིའི་ཐོབ་ཐང་ལྟར་འགན་སྲུང་དང་གཅེས་འཛིན་བྱེད་དགོས་སྐོར་སོགས་བརྗོད་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    ཀློག་མཁན་ཚོའི་ལན་མ་སྒུག་བསྡད་ཡོད།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    གང་ནོར་གང་འགྲིག

    བྱས་སྐབས་དང་བྱེད་སྐབས།
    བྱས་ནས་དང་བྱེད་ནས།
    འགྲོ་དུས་དང་ཕྱིན་དུས།
    བསླེབས་/སླེབས་ནས་དང་སླེབ་ནས།
    བསླེབ་ཚེ་དང་སླེབ་ཚེ།
    བསླེབ་ན་དང་སླེབ་ན།
    འབྲི་སྐབས་དང་བྲིས་སྐབས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese