མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུགས་རང་དབང་གི་སྙན་ཐོ་ངོས་ལེན་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དང་དབྱི་རན་གྱིས་ཨ་རིས་ཆོས་ལུགས་བེད་སྤྱོད་བཏང་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་ཀྱི་འདུག་པས་ཨ་རིའི་ཆོས་ལུགས་རང་དབང་གི་ཞིབ་འཇུག་སྙན་ཐོ་ངོས་ལེན་མེད་ལབ་འདུག

ཟླ་འདིའི་ཚེས་༡༥ ཉིན་ཨ་རིའི་འཛམ་གླིང་ཡོངས་ཀྱི་ཆོད་དད་རང་དབང་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཊི་ལིར་སོན་(Rex Tillerson)གྱིས་རྒྱ་ནག་དང་དབྱི་རན།  པ་ཀི་སི་ཐན། སོ་དྷེ་ཨ་རབ། སོ་དྷིན། ཊོར་ཁེ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་གནས་བབ་ཧ་ཅང་སྐྱོ་བོ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཁོས་ད་དུང་དབྱི་རན་གྱིས་འདས་པའི་ནང་ཆོས་ལུགས་གྲངས་ཉུང་བའི་མི་ ༢༠ ལྷག་ལ་ནག་ཉེས་ཅི་ཡང་མེད་པར་གདུག་སྦྱོང་མནར་གཅོད་ཀྱི་ཁྲིམས་གཞི་ལག་བལྟར་བྱས་ཡོད་པ་བརྗོད་ཡོད་པ་རེད།

ཟླ་འདིའི་ཚེས་ ༡༦ ཉིན་དབྱི་རན་གྱི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་སྐུ་ཞབས་(Bahram Ghasemi)ཡིས་ཕྱི་སྲིད་བློན་ཆེན་དྲ་རྒྱའི་ངོས་སུ་སྙན་ཐོ་དེ་ནི་བདེན་པ་མ་ཡིན་པར། སྙན་ཐོ་དེ་ནི་གཞི་འཇོག་ས་གང་ཡང་མེད་པའི་ཆབ་སྲིད་ཀྱི་དགོས་དམིགས་ཁོ་ནའི་ཆེད་དུ་བཏོན་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག

ཡང་ཁོས་ཨ་རིའི་ནང་ལོག་ཏུ་ཆོས་ལུགས་དང་མི་རིགས་དཀར་ནག་གི་དབྱེ་འབྱེད་ཡོད་གསལ་བོ་ཡིན་པ་དང་། ཕན་ཚུན་སྡང་འཛིན་དང་དབྱེ་འབྱེད་ལམ་ལུགས་ཀྱི་སྣང་ཚུལ་ཨ་རིའི་ཆབ་སྲིད་པ་ཚོའི་ནང་དུ་རྒྱ་ཁྱབ་ཏུ་ཕྱིན་ནས་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཨ་རིའི་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་ཡི་ཤུ་བ་དང་ཁ་ཆེ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དང་བོད་ཀྱི་ནང་པ་ཚོར་ཉེས་མེད་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་བསྒྲགས་ཡོད་པར་བརྟེན། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་(Hua Chunying)གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག རྒྱ་ནག་མི་སེར་དང་གྲངས་ཉུང་མི་རིགས་ཚང་མས་ཆོས་དད་རང་དབང་ཆ་ཚང་ལོངས་སུ་སྤྱོད་ཀྱི་ཡོད་པས། ཨ་རིའི་སྙན་ཐོ་ཟེར་བ་དེས་དོན་དངོས་གནས་ཚུལ་སྣང་མེད་བཏང་འདུག ཅེས་དང་། ང་ཚོས་ཨ་རིའི་རྒྱལ་ཁབ་དེ་ཉེས་སྐྱོན་བྲལ་བའི་ཡང་དག་གི་རྒྱལ་ཁབ་ཅིག་ཏུ་མཐོང་གི་མེད་ལ། ང་ཚོས་རེ་བར་ཨ་རིའི་རང་ཉིད་ཀྱི་ནང་ལོག་གནད་དོན་ལ་དོ་སྣང་སྤྲད་ན་རེད། ཅེས་བརྗོད་ཡོད་འདུག

ཨ་རིའི་སྙན་ཐོའི་ནང་དུ་ཕྱི་ལོ་ ༢༠༡༦་ལོར་རྒྱ་ནག་གཞུང་གིས་ངོས་ལེན་ཡོད་དང་མེད་སོགས་ཀྱི་ཆོས་ལུགས་མི་སྣ་མང་པོ་ཞིག་འཛིན་བཟུང་བཅར་བརྡུང་དང་། བཙོན་བཅུག་ཁྲིམས་ཐག་གཅོད་པ་དང་མནར་གཅོད་གཏོང་བ་སོགས་བྱས་ཡོད་སྐོར་དང་།  རྒྱ་ནག་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བར་ཁ་གཡར་ཏེ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དང་། ནང་ཆོས་ལ་དད་མོས་བྱེད་མཁན། ཡི་ཤུ་ཆོས་ཚོགས་མང་པོ་ཞིག་ལ་བཀག་བསྡོམས་བྱས་ཡོད་པ་མ་ཟད། ཤིན་ཅང་ས་ཁུལ་གྱི་སློབ་གྲྭ་ཁག་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་བྱིས་པ་ཚོའི་ཕ་མ་དང་དགེ་རྒན་སོགས་ལ་བཙན་བཀའ་བཏང་ནས་བཀག་འགོག་བྱས་ཡོད་སྐོར་བཀོད་འདུག

མགྲིན་ཚབ་པ་ཧྭ་ཁྲིན་ཡེན་གྱིས། ཝ་ཤིན་ཊོན་གྱིས་མ་འོངས་པར་རྒྱལ་ཁབ་གཞན་པའི་ནང་སྲིད་ཆོས་ལུགས་གནད་དོན་ལ་ཁ་གཡར་ནས་ལས་དོན་ནོར་འཁྲུལ་ཅན་གཉེར་བཞིན་པ་ངེས་པར་མཚམས་འཇོག་པ་རེད་ཅེས་བརྗོད་འདུག རྒྱ་ནག་དམར་ཤོག་ཚོགས་པ་ནི་ཆོས་མེད་སྨྲ་བའི་ཚོགས་པ་ཡིན་པ་ལྟར། ཞིབ་འཇུག་པས་བརྗོད་པ་ལྟར་ན་སྲིད་འཛིན་ཞི་ཅིན་ཕིན་སྲིད་སྟེགས་སུ་སླེབས་པ་ནས་བཟུང་རྒྱ་ནག་ནང་ཆོས་ལུགས་ཀྱི་ཆོ་ག་དང་ཆབ་སྲིད་ལས་འགུལ་རིགས་ལ་དམ་དྲག་ཇེ་ཆེར་སོང་ཡོད་པ་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྩ་རླུང་སྒོམ་སྒྲུབ་པ་ཚོར་༡༩༩༩ནས་དམ་དྲག་ཆེན་པོ་བྱས་ཡོད་པ་མ་ཟད། དེའི་ནང་དུ་ཞུགས་མཁན་ཚོར་གདོན་འདྲེར་དད་མོས་བྱེད་མཁན་ཞེས་སྡང་འཛིན་ཆེན་པོ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese