རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༣ བར་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཚོགས་ཏེ་དོན་ཚན་གཉིས་ཀྱི་ཐོག་གྲོས་འཆམ་བྱུང་ཡོད་འདུག
ཧྥ་རན་སར་གནས་སྡོད་ཟླ་བ་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་། ཧྥ་རན་སི་དང་སྦེལ་རྗེམ། སུད་སི་བཅས་ནང་ཡོད་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་ཚོགས་མི་ ༡༢ གྱི་གོ་སྒྲིག་འོག ཧྥ་རན་སིའི་རྒྱལ་ས་ཕ་རི་སིར། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཁག་ཅིག་གི་གཙོས་བོད་རིགས་རང་བཙན་ལས་འགུལ་བ་ཁག་ཅིག་དང་། ཤར་ཏུར་ཀི་སི་ཐན་གྱི་རྨ་ལམ་དང་ཡུ་གུར་མི་མང་གི་རང་བཙན་འཐབ་རྩོད་པ་ཌོལ་ཀུན་ཨི་ས་ལགས་དང་། རྒྱ་རིགས་རང་དབང་དམངས་གཙོ་དོན་གཉེར་བ་ཡན་ཧོང་པེན། ཙིན་ཅན་ཡོ། ཞོའུ་ཕེ། དེ་བཞིན་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༡༡༦ འདུ་འཛོམས་ཀྱིས། རྒྱལ་ཁབ་དང་མི་རིགས་སོ་སོའི་མངོན་འདོད་དམངས་གཙོ་དང་རང་བཙན་རྩོད་ལེན་བྱེད་ཕྱོགས་ཐད་ལ་བགྲོ་གླེང་བྱས་པ་དང་། དེང་གི་བརྡ་འཕྲིན་དུས་རབས་དང་བསྟུན་ནས་རང་དབང་དམངས་གཙོའི་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་ཀྱང་ཚོགས་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཧུང་ཀྲི་ཧྥང་དང་ལུའུ་ཀན་ཚུང་། ཀྲུའུ་ཡོང་ཁཱང་་གསུམ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པར་མཉམ་ཞུགས་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་ནའང་། ཕྱི་ཚེས་ ༡༧ ཉིན་ཧོང་ཀོང་སྲིད་གཞུང་གིས་ཁོ་ཚོར་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་པས་བཅར་ཐུབ་མེད་པ་རེད།
ཡང་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱལ་སྤྱིའི་བོད་རང་བཙོན་ཚོགས་ཆེན་གྱི་དགོས་དམིགས་གཙོ་བོ། ད་ལྟའི་བོད་ཀྱི་གནས་བབ་གཅིག་མཚུངས་ཡིན་པའི་ཤར་ཏུར་ཀི་སི་ཐན་དང་ལྷོ་སོག ཧོང་ཀོང་། ཐའེ་ཝན། དེ་བཞིན་རྒྱ་རིགས་རང་དབང་དམངས་གཙོ་དོན་གཉེར་བ་ཚོ་དང་བོད་མིའི་བར་འབྲེལ་ལམ་རྒྱུན་འཁྱོང་ཡོང་ཐབས་དང་། རང་བཙན་དང་དམངས་གཙོའི་ལས་འགུལ་གྱི་ནུས་པ་མཉམ་སྤུངས་ཡོང་ཐབས། དབུ་མའི་ལམ་དང་རང་བཙན་གྱི་ལངས་ཕྱོགས་ཐོག་གོ་བསྡུར་བྱས་པ་བརྒྱུད་རྙོག་གླེང་སེལ་ཐབས་བཅས་ཡིན་སྐོར་བརྗོད་བྱུང་།
ཚོགས་ཆེན་སྟེང་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་སྤེལ་ཡོད་པ་ལྟར། རྒྱ་རིགས་མཁས་པ་ཙིན་ཅན་ཡོ་ཡིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་དང་ཐའེ་ཝན་གཉིས་ཀྱི་རང་བཙན་རྩོད་ལེན་བྱེད་ཐབས་ཅེས་པ་དང་། ཡན་ཧོང་པེན་གྱིས་བོད་རང་བཙན་བསྐྱར་གསོའི་ཐབས་རྩལ་དང་ཐབས་ཇུས། གཙོ་བོ་རྒྱ་ནག་དང་རྒྱལ་སྤྱི་ལ་ཁ་ཕྱོགས་པ། འབུམ་རམས་པ་ཞོའུ་ཕེ་ཡིས་བོད་རང་བཙན་འཐབ་རྩོད་ལ་རྒྱང་ལྟ་དང་བསམ་འཆར། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་རང་བཙན་མེད་ན་བོད་ཀྱི་ཆོས་དང་རིག་གཞུང་གནས་ཐབས་མེད། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་བོད་རང་བཙན་འཐབ་རྩོད་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད། གསར་འགོད་པ་ཆོས་ཉིད་འོད་ཟེར་ལགས་ཀྱིས་བོད་ཀྱི་རང་ལུས་མེར་སྲེག་གི་རྒྱ་རྒོལ་དང་འབྲེལ་བའི་བོད་ནང་གི་དངོས་ཡོད་གནས་སྟངས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ཀྱིས་བོད་རང་བཙན་འཐབ་རྩོད་དེ་བོད་མི་རིགས་ཀྱི་ལས་འགན་ཡིན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད་འདུག
གཞན། རང་བཙན་འཐབ་རྩོད་པ་དང་དམངས་གཙོ་དོན་གཉེར་བ་ཚོས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་པ་བརྒྱུད་དོན་ཚན་གཉིས་ཀྱི་ཐོག་གྲོས་འཆམ་བྱུང་ཡོད་པ་ནི། དང་པོ། བོད་ནང་ཤར་ཏུར་ཀི་སི་ཐན། ལྷོ་སོག ཐའེ་ཝན་བཅས་ཀྱི་རང་བཙན་འཐབ་རྩོད་པ་དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་བཅས་ཀྱིས་མ་འོངས་པར་སོ་སོའི་རྩ་དོན་དང་འཐབ་རྩོད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་མཉམ་ལས་བྱ་རྒྱུར་མོས་མཐུན་བྱུང་། གཉིས་པ། ཚོགས་ཆེན་ཐོག་བོད་མི་དང་། ལྷོ་སོག ཤར་ཏུར་ཀི་སི་ཐན། ཐའེ་ཝན་བཅས་རྒྱ་དམར་གྱི་དབང་བསྒྱུར་འོག་སྡོད་འདོད་མེད་པར་སོ་སོའི་རྒྱལ་ཁབ་སླར་གསོ་དགོས་པ་དང་། རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ནས་ཐར་དགོས་པར་གཅིག་གྱུར་གྱི་ངོས་འཛིན་བྱུང་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།
༄༅།༧གོང་ས་མཆོག་དང་བཙན་བྱོལ་གཞུང་དང་མི་འདོད་པའི་སྐད་ཆ་བསད་མཁན་དེ་ཚོ་ལ་ནམ་ཡང་
དོགས་ཟོན་བྱེད་དགོས་པ་ཡིན།
ལན་དང་དྲི་བ་གང་བྱེད་རྒྱུ་ཡོད་ཀྱང་བོད་བཙན་འཕྲོག་བྱེད་མཁན་རྒྱ་དམར་པོ་བྱེད་དགོས་པ་ཡིན།
མ་ནོར་ཨང། རྒྱ་དམར་པོ་དྲིན་ཆེན་ཕ་མ་ཡིན་། དངུལ་རྒྱ་སྒོར་ཆར་པ་འབབ་འབབ་ཡིན་ཞེས་ཐབས་སྡུག་གི་སྐད་སྒྲ་
མ་ཤོདམ་ཤོད་ཨང། དགྲ་དམར་པོ་ཕ་ཡུལ་འཕྲོག་མཁན་རེད། དུས་ནམ་ཡང་མ་བརྗེད་སེམས་ནང་ཞོགས།།
སྤྱི་འཐུས་རྣམས་ཀྱིས་དམ་འབུལ་ཞུ་རྒྱུའི་ཡི་གེ་དེའི་བརྗོད་བྱ་འདི་རེད་ཅེས་མཁྱེན་མཁན་ཡོད་ན་མཆན་ནང་ལ་སྤེལ་རོགས། དེས་སྤྱི་འཐུས་ཚོས་ཕྱག་ལས་གནང་སྟངས་དེ་གང་ཡིན་གསལ་པོ་ཆགས་ཀྱི་རེད། ལར་ནས་སྤྱི་འཐུས་འདི་རྣམས་ལ་འོས་འཕངས་ནས་ཡར་བཞག་མཁན་ཚོ་ལ་ཡང་འགན་དེ་ཡོད་པ་མཁྱེན་དགོས། ཀླུ་མཁར་བྱམས་ལ་འདི་རྣམས་ཀྱིས་ཁ་ཞེ་གཉིས་ཀྱིས་རྒྱབ་རོགས་བྱེད་ཀྱི་ཡོད་པ་ཡང་གསལ་པོ་ཆགས་སོང་། དེ་འདྲ་སོང་ཙང་རྗེས་མའི་འོས་བསྔུའི་སྐབས་ཁོང་ཚོ་ཡར་བཞག་དང་མ་བཞག་དེ་མི་མང་གི་ལག་ལ་ཡོད་པ་ཡིན། དེས་ས་གནས་སོ་སོའི་མི་མང་གིས་འགན་དེ་ཡག་པོ་བཞེས་ཀྱི་ཡོད་དང་མེད་དེ་ཡང་གསལ་པོ་ཆགས་ཀྱི་རེད།
བོད་རང་བཙན་ནི་ཐོབ་ཐང་རེད། རྩད་ཆོག་གི་རེད། རྩོད་དུས་དབུ་མའི་ལམ་དང་སྤྱི་ཚོགས་ལ་འགན་འཁུར། ནང་ཁུལ་ལ་ཟུར་ཟ་དང་སྨྱོ་གཏམ་མི་གསུང་རྒྱུ་གལ་ཆེ།
བོད་རང་བཙན་རྩོད་ན་རྩོད་སྟངས་རྩོད་ལུགས་ཚད་ལྡན་ཞིག་དགོས་པ། མིའི་སྤུས་ཚད་ཡག་པོ་དགོས་པ་རེད། དེ་མིན་ཁག་པོ་རེད།
བོད་རང་བཙན་མ་རྩོད་སུ་གཅིག་གིས་ལབ་མཁན་ཡོད་མ་རེད། རྩོད་ན་འགྲིག་གི་རེད། ལུས་ངག་ཡིད་གསུམ་གྱིས་བོད་རང་བཙན་ཆེད་དུ་བློས་གཏོང་གནང་མཁན་ཞིག་ན་བོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་བྱེད་པ་མ་ཟད། དཔའ་བོ་རེད་ཅེས་གོང་དུ་བཀུར་གྱི་རེད།
ཡིན་ནའང་ཁ་གཏད་ས་དེ་རྒྱ་ནག་གཞུང་རེད་མ་གཏོགས། ༧རྒྱལ་དབང་རིན་པོ་ཆེ་དང་བོད་གཞུང་མ་རེད། ཚོགས་འདུ་འདིའི་ནང་འཛོམས་པའི་མི་དེ་ཚོ་ལ་གཅིག་ལྟོས་དང་། ཁོང་ཚོས་བོད་རང་བཙན་ཁ་ལ་འཁྱེར། རྒྱ་ནག་གཞུང་ལ་ཚིག་གཅིག་ཤོད་རྒྱུ་མེད་པར་ག་དུས་ཡིན་རུང་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་དང་བོད་གཞུང་ལ་མ་རངས་པ་ཁོ་ན་ཤོད་ནས་སྡོད་ཀྱི་མི་འདུག་གམ། འདི་འདྲའི་བྱེད་སྟངས་ལ་བོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་གང་འདྲ་ཟེར་བྱེད་ཐུབ་ཀྱི་རེད་དམ།
རང་བཙན་དང་དབུ་མ་གང་བརྗོད་ཀྱང་དོན་དངོས་བོད་དོན་བདེན་མཐའ་གསལ་ཐུབ་པའི་འགན་དེ་བོད་གཞིས་བྱེས་ཆོལ་གསུམ་མི་མང་ཚང་མས་གཅིག་ཏུ་བསྒྲིལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆགས་ཡོད་།
བོད་མི་མང་སྤྱི་འཐུས་ཁག་ཅིག་རང་བཙན་ཚོགས་འདུར་ཕྱིན་པ་རེད་ཟེར། ཁོང་ཚོས་བོད་མི་མང་སྤྱི་འཐུས་ཀྱི་མིང་འཁྱེར་ནས་སྤྱི་ཚོགས་གཏོར་བཤིག་གཏོང་བའི་ལས་འགུལ་འདི་འདྲར་ཞུགས་ཆོག་པའི་ཆོག་མཆན་སུས་སྤྲད་པ་རེད། འདིའི་ནང་སྤྱི་འཐུས་རྒྱུན་ལས་ཁ་ཤས་འདུག་པས་ཁོང་ཚོས་དགོངས་པ་གང་འདྲ་ཞུས་ཡོད་དམ། དགོངས་པ་གནང་མཁན་གྱིས་དགོངས་པ་གང་འདྲ་གནང་ཡོད་དམ། འདི་ཚོ་སྒྲིག་གཞིའི་ཐོག་ནས་གྲོས་ཚོགས་ནང་གསལ་བཤད་ངེས་པར་བྱ་དགོས་པ་འདུག ཕྱི་དྲིལ་ལས་ཁུངས་ཀྱིས་དབུ་མའི་ལམ་གྱི་ལས་འགུལ་སྤེལ། སྤྱི་འཐུས་ཀྱིས་རང་བཙན་ཚོགས་འདུ་ཟེར་བར་ཁ་རྒྱགས་པ་བཤད་ན། མི་མང་སུའི་རྗེས་ལ་འགྲོ་དགོས་རེད།
དེ་ནས་དབུས་གཙང་བས་ནོར་འཁྲུལ་གྱིས་འདེམས་པའི་རྒྱ་གར་གྱི་མི་སེར་རྣམ་རྒྱལ་སྒྲོལ་དཀར་ཟེར་བའི་བུ་མོ་འདི་ཡང་འདིའི་ནང་འདུག རྒྱ་གར་གཞུང་གིས་ཉེ་འཆར་རྒྱ་གར་གྱི་མེ་སེར་ཡོད་པ་ཚོ་བོད་མིའི་སྒྲིག་འཛུགས་ཁུངས་སུ་ལས་ཞུགས་དང་ཐོབ་ཐང་སོགས་ལེན་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་པས། དབུས་གཙང་བ་ཚོས་བསམ་གཞིགས་བྱེད་རན་པའི་དུས་ལ་སླེབས་ཡོད་ལ། དབུས་རྒྱུན་ནས་ངེས་པར་ཡི་གེ་ཞིག་གཏོང་དགོས་ངེས་མཐོང་། ད་སྔ་དབུས་རྒྱུན་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དེ་འདྲ་ཡོད་པས། ཆོད་སེམས་མུ་མཐུད་བརྟན་པོ་གནས་རྒྱུ་གལ་ཆེ།
དེ་མིན་བསྟན་པ་ཡར་འཕེལ་ཟེར་བ་དེ་ལ་ནི་འགྲེལ་བཤད་རྒྱག་དགོས་པ་གང་ཡང་མེད། སྐད་གྲགས་ཡོད་པ་ཚང་མས་ཧ་གོ་གསལ་རེད།
སྨོན་ལམ་མཐར་ཕྱིན་ཡག་པོ་བྱས་བསྡད་ན་རྗེས་མར་ཁྲིམས་ཞིབ་པ་དང་འོས་བསྡུ་འགན་འཛིན་སོགས་སུ་བསྐོ་རྒྱུའི་རེ་བ་ཡོད་རེད། ཡིན་ནའང་འཇུ་ཆེན་གྱི་བུ་མོས་ཕུ་བརྒྱབ་ནས་འཕྲོ་བརླགས་རྦད་དེ་ཕྱིན་སོང་།
༄༅། །ད་འདིའི་ནང་རང་བཙན་ཁ་ལ་འཁྱེར་ནས་བཙན་བྱོལ་ནང་ཆོས་ལུགས་དང་ཆོལ་ཁའི་དབར་དཀྲུག་ཤིང་རྒྱག་མཁན་གྱི་མི་ངན་མང་ཆེ་བ་སླེབས་འདུག ཚོགས་འདུ་འདི་ཡག་རྟགས་ཤིག་རྩ་བ་ནས་མ་རེད། རང་བཙན་རྩོད་ཆོག་ལ་རྒྱབ་སྐྱོར་ཡང་ཡོད། འོན་ཀྱང་མི་འདི་ཚོའི་གྲས་ཀྱི་བྱ་སྤྱོད་ལ་དུས་གཏན་དུ་ངོ་རྒོལ་ཡོད། མཐོ་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་དང་སྐྱོན་བརྗོད། དམའ་མི་མང་ནང་ལ་དབྱེན་སྦྱོར་དཀྲུག་ཤིག་རྒྱག་རྒྱུ་དེ་ཁོ་ཚོ་ཚོའི་ལས་ཀ་གཙོ་བོ་དེ་ཡིན་པ་མི་མང་ཚང་མས་ཤེས་གསལ་རེད།
༄༅།། ༢༠༡༧ ཟླ ༨ ཚེས ༢༣ ཉིན་བོད་ཀྱི་དུས་བབ་དྲྭ་རྒྱའི་སྟེང་གསར་འགྱུར་ཞིག་སྤེལ། གསར་འགྱུར་དེའི་ཁ་བྱང་ལ་༼ བོད་ལ་རང་བཙན་མེད་ན་བོད་ཀྱི་ཆོས་དང་རིག་གཞུང་གནས་ཐབས་མེད་༽ཟེར། གསར་འགྱུར་དེའི་གཞུང་མར་ཀློག་ཡོང་དུས་ལས་རིམ་ལྟ་བུ་ལས་ནང་དོན་གང་ཡང་མི་འདུག གསར་འགྱུར་གྱི་ཁ་བྱང་ནི་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་གཏམ་བཤད་ཀྱི་ཁ་བྱང་རེད། དེ་དུས་བབ་གསར་འགོད་པ་དང་རྩོམ་སྒྲིག་པས་དྲག་འདེམས་ཀྱིས་གསར་འགྱུར་ཁ་བྱང་དུ་སྤེལ་བ་ཡིན་ཚོད། སྤྱིར་གསར་འགོད་པ་དང་གསར་ཁང་མང་ཆེ་བས་སྤྱི་ཚོགས་ལ་འགན་འཁུར་བ་ཉུང་ཞིང་། སྤེལ་རྒྱུའི་གསར་འགྱུར་སོགས་ལ་ཀློག་མཁན་མང་པོ་ཡོང་བའི་ཉེ་འཚེ་བའི་རེ་བ་དམིགས་དོན་དུ་འཛིན། དེ་ནི་བྱབ་ཆུང་གི་རྟགས་མཚན་ཡིན་ཡང་། ཆུ་ངན་ལམ་ཤོར་དུ་སོང་ཟིན་པས་བཤད་ནས་ཅི་ཡོང་ཀྱང་། འདི་ལས་གསར་འགོད་པའི་གཟུངས་གཞུགས་སམ་གནས་ཚད་ལ་རྒྱུས་ལོན་བྱེད་མི་ཐུབ་པ་མ་རེད། སྤྱིར་བཏང་གསར་འགོད་པ་བོད་ལ་རྒྱུས་ཡོད་ཅིག་ཡིན་ན། གོང་གི་ཁ་བྱང་དེ་དོན་ལ་མི་གནས་པ་ཞིག་ཡིན་པ་མ་འོངས་བོད་ཀྱི་གནས་བབ་ཀྱིས་གསལ་བཤད་མི་དགོས་པར། འདས་པའི་བྱུང་རབས་ཀྱིས་བདེན་དཔང་བྱས་ཟིན་པ་ཤེས་དགོས་ངེས་ཀྱང་དེ་ལྟར་ག་ནས་ཡོང། རྣམ་པ་ཚོས་སོམས་དང་། བོད་ཀྱི་ཆོས་རིག་གི་དཔལ་ཡོན་ཆེས་ཆེར་དར་དུས་ནི་བོད་སིལ་བུར་འཐོར་བའི་རྗེས་སུ་ཡིན་པ་བྱུང་རབས་སྨྲ་བ་ཚད་ཐུབ་ཀུན་བརྒྱ་ཁ་གཅིག་གྲགས་ཡིན། སྐབས་དེ་དག་ཏུ་བོད་སྤྱི་ལ་དབང་བའི་ཆབ་སྲིད་ཀྱི་འཛིན་སྐྱོང་ཚགས་ཚུད་མེད་ཅིང་། དམག་དོན་སོགས་ཀྱང་དེ་བས་ཀྱང་ངོ་། འོན་ཀྱང་ཆོས་རིག་གི་མེ་ཏོག་སྣ་ཚོགས་བཞད་དེ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཀུན་པོ་ཡང་སིལ་བུའི་རྗེས་སུ་གསར་གཏོད་ནས་དར་མགོ་ཚུགས། དེ་བཞིན་སྐད་ཡིག་གི་བཀོལ་སྤྱོད་ཀྱང་རྒྱ་ཁྱབ་ཆེ་རུ་ཕྱིན། དེ་ལྟར་ཕྱིན་པས་རྩམ་པ་ཟ་མཁན། མ་ཎི་འདོན་མཁན། བོད་སྐད་བཤད་མཁན། ཆོས་བཀའ་འགྱུར་ལ་དད་པ་བྱེད་མཁན་ཡོད་དོ་ཅོག་ཆོས་རིག་གཅིག་གྱུར་གྱི་འདུ་ཤེས་བརྟན་པོས་བོད་མི་རིགས་གཅིག་ཏུ་ད་བར་དམ་དུ་སྦྲེལ་ནས་སླེབས་པ་ཤེས་གསལ་རེད། དཔེར་ན། བོན་ཆོས་ལའང་བཙན་པོའི་སྐབས་དར་རྒུད་བྱུང་ཡང་། སིལ་བུར་འཐོར་བ་ནས་རང་སར་གང་འཚམས་འཛིན་སྐྱོང་བྱེད་མུས་ཀྱིས་ད་ལྟ་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཕྱིན་རྗེས་ཀྱང་ཕྲ་ཚུགས་སུ་གནས་ཡོད། འདི་དག་བོད་རང་བཙན་ཡོད་པ་ལ་བརྟེན་ནས་བྱུང་བ་མིན་ཞིང་། བོད་ཀྱི་རྒྱལ་རབས་རིམ་པས་ཆོས་རིག་ཐད་ཐུན་མིན་བདག་སྐྱོང་གཅེས་ཉར་ཤུགས་ཆེ་གནང་བ་ལས་ཀྱང་བྱུང་བ་མིན་པར། མི་མང་རང་བཞིན་གྱི་གཅེས་ཉར་ལས་ད་བར་ཉམས་མ་ཐུབ་པ་གསལ་བོ་རེད། དེའི་ཆ་ནས་ཁུངས་མེད་པའི་བབ་ཅོལ་དེ་འདྲ་བསྒྲགས་ན་བརྒྱ་ལ་ཕན་དུ་མེད་ཀྱང་། མི་དགོས་སར་རང་གི་ནང་སྙིང་ས་སྟོན་གནམ་སྟོན་བྱས་པས་ཅི་ཡོང་ཞེས་སྨྲས་པའོ།། བདེན་རྒྱབ་ཀྱིས།།
རང་བཙན་མེད་ན་ཆོས་དང་རིག་གཞུང་གནས་ཐབས་མེད་ཅེས་པའི་ཁ་ཡིག་འདི་ཚོར་སྔ་འདང་ཕྱི་འདང་རེ་བརྒྱབས་ཡོང་དུས། སྒེར་སེམས་ཅན་ལ་ཚོར་ཤུགས་ཆེ་ཞེས་པའི་དོན་དག་ལས་མ་འགོང་བར་མཐོང་། འོ་ན་ང་ཚོ་བཙན་བྱོལ་དུ་ཡོང་ནས་ད་ལྟ་བར་དུ་བོད་ཕྱི་ནང་ལ་དཔྱད་བསྡུར་རམ་བསམ་བློ་རྣལ་དུ་གཏང་ནས་ཞིབ་དཔྱོད་ཅིག་བྱས་ན། ཕལ་ཆེ་བ་བོད་ནང་གི་བོད་མིའི་སློབ་སྦྱོང་དང་། མིའི་གཤིས། དེ་བཞིན་བཟང་སྤྱོད་དང་སྙིང་སྟོབས་བཅས་ལ་དོ་ཟླ་མི་ལོང་བ་ནི་མཐོང་བ་མངོན་དུ་གྱུར། རྒྱུ་མཚན་ཁོང་ཚོ་གཞན་གྱི་བཙན་འོག་ཏུ་གནས་བཞིན་དུ། དད་འདུན་དང་སྙིང་སྟོབས། གནས་ལུགས་ཤིག་གིས་ནམ་ཡང་འཚོ་ཞིང་མདུན་དུ་བསྐྱོད་ཀི་ཡོད། དེ་ལས་ལྡོ་སྟེ་འདི་ཕྱོགས་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་གྲུབ་མཐའ་སོགས་ཀྱིས་རང་ཉིད་ཀྱིས་རང་ཉིད་གཅུན་ཏེ་གཞན་ལ་ལྟ་བྱེད་མིག་ཡོད་ཀྱང་དོན་དུ་ལོང་བ་འོན་པའི་བྱེད་ལས་ཀྱི་རང་བཞིན་ལས་གཞན་ཅི་ཡང་མ་མཐོང་བ་ནི། བོད་ནང་ལ་ལྟོས་ན་བཙན་འཛུལ་དང་གཉའ་གནོན་མེད་པའི་དབང་གིས་མང་གཙོ་དེ་ཡང་ཁྲིམས་ལུགས་ལས་བརྒལ་བའི་སྒེར་སྤྱོད་རིང་ལུགས་ཀྱི་ལམ་ཁ་ཞིག་ཏུ་བཀོལ་བའི་སྔ་ལྟས་ཤར་ཟིན། མདོར་ན་མེ་མདའ་བཟུང་མ་བཟུང་གི་ཁྱད་པར་ལས་གཞན་འབུར་དུ་གང་ཐོན་འདུག། ད་དུང་ཆེས་དཀའ་ངལ་དང་དཀའ་ཚེགས་སྐབས་དེར་༧གོང་ས་མཆོག་དང་བོད་གཞུང་མང་གང་ནས་བཞག་སྟེ་གང་དུ་འཕུར་སོང་བ་ནི་མ་དྲི་ཡང་ཀུན་གྱིས་མཁྱེན་གསལ་ལྟར་རེད།