མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་རུང་སྒར་དུམ་བུ་གཉིས་སུ་བཅད།

བོད་ཀྱི་དུས་བབ།
༢༠༡༧/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བླ་རུང་སྒར་གླིང་དགོན་གཉིས་སུ་བཅད་དེ་དམར་ཤོག་ཚོགས་པའི་མི་སྣ་ ༦ དོ་དམ་པར་གསར་དུ་བསྐོ་བཞག་གིས་སྔར་ལས་སྟངས་འཛིན་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཆེ་ཤོས་གསེར་རྟ་བླ་རུང་དགོན་ལ་ལོ་  ༡ ལྷག་གི་རིང་གཏོར་བཤིག་གི་ལས་འགུལ་སྤེལ་རྗེས།  ཉེ་ཆར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་དགོན་དང་ལྔ་རིག་སློབ་གླིང་གཉིས་བར་ལྕགས་ར་བརྒྱབ་སྟེ་ལོགས་ཁ་བཟོ་ཡི་ཡོད་པ་མ་ཟད། དགོན་པ་དང་སློབ་གླིང་གཉིས་ལ་དོ་དམ་ལས་ཁུངས་བཙུགས་ཏེ། དེའི་འགན་འཛིན་དང་དྲུང་ཡིག་བཅས་ལ་དམར་ཤོག་ཚོགས་མི་ ༦ བསྐོ་བཞག་བྱས་ཏེ་བླ་རུང་སྒར་གྱི་འཛིན་སྐྱོང་དང་ཉིན་རེའི་བྱེད་སྒོ་ཡོངས་ལ་སྟངས་འཛིན་ནན་མོ་བྱེད་པའི་ཐབས་ཇུས་འཐེན་གྱི་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་ཉིན་རེའི་ཚགས་པར་གྱི་དྲ་བའི་སྟེང་།  བླ་རུང་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་གླིང་དང་དགོན་ལོགས་བཀར་བྱེད་སྟངས་ཀྱི་རྟོགས་སླའི་ཤོག་བྱང་ཞེས་པའི་བསྒྲགས་ཡིག་ཅིག་སྤེལ་བའི་ནང་དུ།  བླ་རུང་དགོན་པ་དང་ལྔ་རིག་སློབ་གླིང་གཉིས་གྲྭ་བཙུན་རྣམས་ཀྱི་ཁེ་ཕན་ལ་དམིགས་ཏེ་ལོགས་ཁ་བྱས་ཡོད་སྐོར་འཁོད་ཡོད་པ་མ་ཟད།  དགོན་པ་དང་སློབ་གླིང་གཉིས་ཀྱི་མི་འབོར་ལ་ཚད་གཞི་བཟོས་ཏེ།  བླ་རུང་དགོན་ལ་དོ་དམ་ལས་བྱེད་གཙོས་བའི་ཁྱོན་བསྡོམས་གྲྭ་བཙུན་ ༣༥༠༠ ལས་བརྒལ་མི་ཆོག་པ་དང་།  ལྔ་རིག་ནང་བསྟན་སློབ་གླིང་ལ་དགེ་རྒན་དང་དོ་དམ་ལས་བྱེད་སོགས་ཁྱོན་བསྡོམས་སློབ་མ་གྲངས་  ༡༥༠༠ ལས་བརྒལ་མི་ཆོག་པར་བཟོས་ཡོད་འདུག་ལ། གླིང་དགོན་དེ་གཉིས་ནང་སི་ཁྲོན་བོད་རིགས་ཁུལ་གྱི་སློབ་མ་ལས་ས་གནས་གཞན་གྱི་སློབ་མ་བསྡུ་སྐོང་བྱེད་མི་ཆོག་པའི་སྒྲིག་ཁྲིམས་སོགས་བཟོས་ཡོད་པ་རེད།

བསྒྲགས་ཡིག་དེའི་ནང་དུ།  རྒྱ་ནག་གཞུང་གིས་གསེར་རྟ་གླིང་དགོན་གཉིས་ཀྱི་བྱེད་སྒོ་མི་འདྲ་སྟབས།  བླ་རུང་དགོན་པས་ཁྲིམས་མཐུན་ཐོག་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་།  དེ་ཡང་རྒྱ་ནག་གི་ཆོས་ལུགས་བྱེད་སྒོའི་སྒྲིག་ཁྲིམས་གཞིར་བཞག་ཐོག་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་དགོས་པ་དང་།  དེ་བཞིན།  ལྔ་རིག་ནང་བསྟན་སློབ་གླིང་གིས་ཁྲིམས་མཐུན་ཐོག་ནང་བསྟན་རིག་གཞུང་ལ་སློབ་སྤྱོང་བྱེད་དགོས་པ་སོགས་གླིང་དགོན་གཉིས་ལོགས་བཀར་བྱེད་པའི་རྒྱུ་མཚན་དུ་དྲངས་ཡོད་པ་དང་།  དེ་བཞིན། གླིང་དགོན་གཉིས་ཀྱི་བར་འབྱེད་བྱེད་ལྕགས་ར་དང་གྱང་ར་བརྩིགས་རྒྱུ་ཡིན་འདུག་ཅིང་།  རྒྱ་ནག་གིས་ནང་བསྟན་སློབ་གླིང་ལ་གླིང་ཚོམ་ ༦ དང་དགོན་པར་གླིང་ཚོམ་ ༡༠ རུ་དབྱེ་སྟེ།  གྲྭ་བའི་ལག་ཁྱེར་གྱི་ཁ་དོག་དམར་པོ་དང་། བཙུན་མའི་ལག་ཁྱེར་སེར་པོ།  དེ་བཞིན་གླིང་དགོན་གཉིས་ཀྱི་ནང་དུ་ཡོད་པའི་མི་མང་ཚོར་ལག་ཁྱེར་ལྗང་ཁུ་བཟོས་ཏེ་ཕར་ཚུར་འགྲོ་འོང་གི་སྒྲིག་ལམ་རྒྱས་པ་བཟོ་རྒྱུ་ཡིན་འདུག

རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་ཆེད་དུ་དེ་སྔོན་ནས་གྲྭ་བཙུན་གྱི་ཁ་གྲངས་ཇེ་ཉུང་དུ་གཏོང་གི་ཡོད་པ་དང་། དེའི་རྗེས་རིམ་བཞིན་བླ་རུང་སྒར་ལ་འགྲོ་ལམ་གསར་རྒྱག་བྱས་ཏེ་ཡུལ་སྐོར་བ་ཇེ་མང་དུ་བཏང་ཡོད་པ་དང་། ད་ལྟ་བླ་རུང་སྒར་ཁག་གཉིས་སུ་དབྱེ་སྟེ་ཆོས་ལུགས་བྱེད་སྒོ་དང་ནང་བསྟན་སློབ་གླིང་གི་སློབ་གསོའི་ཁ་ཕྱོགས་སོགས་བླ་རུང་སྒར་སྤྱིའི་འཛིན་སྐྱོང་སྤེལ་གསུམ་ལ་དོ་དམ་ནན་པོའི་ཐོག་སྟངས་འཛིན་བྱེད་བཞིན་ཡོད་པ་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 5

  1. Abharu Jigwang says:
    ལོ་ 8 སྔོན།

    ༄༅། ཁ་ནས་ཆོས་དད་རང་དབང་ཡིན་ནོ་ཞེས།།
    བཤད་བཤད་མང་ཡང་དོན་དངོས་རང་དབང་མེད།།
    ཆོས་མེད་ཀླ་ཀློ་རྒྱ་དམར་གུང་བྲན་ཚོ།།
    སྐྱག་རྫུན་བཤད་བཤད་མང་ནས་ཀུན་མི་དགའ།།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    དྲང་བདེན་སྨྲ་བའི་ལྟ་སྒྲུབ་མང་ན་ཡང་།
    དྲང་ལམ་བཞུད་མཁན་ཉིན་མོའི་སྐར་མ་ཙམ་།
    དྲང་པོའི་གཏམ་དང་དྲོང་པོའི་མདའ་ཞུ་སོགས་།
    དྲང་པོར་བཤད་ན་དེང་གི་དུས་འདིར་དཀོན་།

    ཕྱོགས་ལྷུང་མེ་རོ་གསོ་བའི་ཆབ་སྲིད་དང་།
    ཕྱོགས་གཏོགས་སྙིང་ཞེན་ཆེ་བའི་ཆོས་ལུགས་སོགས་།
    ཕྱོགས་དང་མཚམས་མེད་ཡུལ་ལུང་ཀུན་ལ་དར་།
    ཕྱོགས་གཏོགས་དྲི་ངན་རྒྱང་དུ་དོར་བ་ཤོག་།

    Reply
  3. dangden says:
    ལོ་ 8 སྔོན།

    ཆོས་མེད་སྨྲ་བའི་རིང་ལུགས་སམ་ཆོས་ལུགས་དུག་ཏུ་ལྟ་བའི་རིང་ལུགས་པ་རྣམས་ཇི་སྲིད་ཆོས་དད་རིང་ལུགས་པ་དང་ལྷན་དུ་གནས་དགོས་པ་དེ་སྲིད་དུ་སྡུག་གི་འཆིང་ཞག་གིས་བཅིང་བ་ལྟ་བུ་ལས་དོན་དམ་པའི་རང་དབང་བདེ་སྐྱིད་ཀྱི་དཔལ་ཡོན་ལ་སྤྱོད་རྒྱུའི་གོ་སྐལ་ཞིག་གཏན་ནས་འབྱུང་མི་སྲིད་པ་ནི་ལྟ་བ་མཐའ་འགལ་ཡིན་པས་དེའི་ཕྱིར་རོ། འོ་ན་ཐབས་ཅི་་་་་་་་་་་་་????

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ཆོས་ཁྲིམས་དང་དམག་ཁྲིམས་གང་ཡིན་ཡང་དོན་དངོས་ཐོག་བོད་མི་རིགས་དང་མི་རིགས་དེའི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་མ་འོའི་སྲིད་བྱུས་རོ་ལངས་རྒྱབ་པ་མ་རེད་དམ་?

    Reply
  5. བློ་བསྟན says:
    ལོ་ 8 སྔོན།

    སྒེར་གཅོད་པའི་གདུག་རྩུབ་ལ་མཐའ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese