འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་༧གོང་ས་མཆོག་ཉི་ཧོང་ནང་ཕེབས་འཆར་ཡོད་པ་དེ་ཕྱིར་འཐེན་གནང་ཡོད་འདུག
དེ་རིང་ཉི་ཧོང་རྒྱལ་ས་ཊོག་ཡོ་ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་གཅོད་ཁང་ནས་བརྗོད་པ་ལྟར་ན། འཆར་ཟླའི་ཚེས་ ༡༠ ནས་༢༡ བར་༧ གོང་ས་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་གྱིས། ལོ་སྔོན་མར་(Kumamoto)ས་གནས་སུ་ས་ཡོམ་གོད་ཆག་ཁྲོད་འདས་གྲོངས་སུ་སོང་བ་རྣམས་ལ་བསྔོ་སྨོན་ཚོགས་མགོན་ཏུ་ཕེབས་འཆར་ཡོད་པ་དེ་ཕྱིར་འཐེན་གནང་ཡོད་འདུག
ཐེངས་འདིའི་ཆིབས་བསྒྱུར་སྐབས་༧ གོང་ས་མཆོག་ཉི་ཧོང་གི་གྲོང་ཁྱེར་ཊོག་ཡོ་(Tokyo)དང་(Fukuoka)། (Kumamoto)སོགས་སུ་ཕེབས་འཆར་ཡོད་ན་ཡང་། བླ་སྨན་ནས་༧ གོང་ས་མཆོག་གིས་སྐུ་ངལ་གསོ་དགོས་པའི་ལམ་སྟོན་ཞུ་པ་ལྟར་ཆིབས་བསྒྱུར་ཕྱིར་འཐེན་གནང་ཡོད་འདུག
བོད་མི་རྣམས་བཙན་བྱོལ་དུ་བསླེབས་རྗེས། ༧གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཆིབས་བསྒྱུར་གྱི་ཆེས་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཉི་ཧོང་ནང་ཕེབས་ཡོད་པ་དང་། དེ་ནས་བཟུང་ཕྱི་ལོ་ ༢༠༡༡ ལོའི་བར་དུ་ཐེངས་ལྔ་ལ་ཡུལ་དེའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག