མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་བུ་མོ་ཞིག་ལ་རྒྱལ་སྤྱིའི་ལི་ས་ཤཱ་པི་རོའི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༡༧/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp
སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་མོའི་མི་ཚེ་ཧྲིལ་པོར་དུད་འགྲོའི་རང་དབང་དང་དཀར་ཟས་ལས་འགུལ་སྤེལ་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་བྱུང་།
 

ཟླ་འདིའི་ཕྱི་ཚེས་ ༢ ཉིན་བདེ་ལེགས་སྨན་ཁང་གི་སོའི་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ལ་རྒྱལ་སྤྱིའི་ལི་ས་ཤཱ་པི་རོའི་གཟེངས་རྟགས་ (Lisa Shapiro Award) ཐོབ་ཡོད་པ་དང་། དེ་ནི་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་དྭང་བླངས་ཀྱི་སྒོ་ནས་བཞུགས་སྒར་དྷ་རམ་ས་ལར་དཀར་ཟས་ལས་འགུལ་ (Dharamsala Vegan Movement) སྤེལ་གྱི་ཡོད་པར་བརྟེན། ཨ་རིའི་ཀཱ་ལི་ཧྥོ་ནི་ཡའི་ (Califonia) པཱོ་ལི་ནེ་ཤན་ལས་གཞི་ཚོགས་པས་ (The Pollination Project) མོ་ལ་ལི་ས་ཤཱ་པི་རོ་ཞེས་པའི་གཟེངས་རྟགས་དེ་སྤྲད་ཡོད་འདུག

དེ་རིང་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་འདི་གའི་གསར་འགོད་པར། ཐོག་མར་ལས་འགུལ་དེ་མགོ་བརྩམས་སྐབས། ཀང་ར་ནས་མི་གཅིག ཌེན་མག་རྒྱལ་ཁབ་ནས་མི་གཅིག ཕྱི་རྒྱལ་དུ་ཡོད་པའི་བོད་མི་གཅིག མོ་རང་དང་བཅས་མི་བཞིས་བཞུགས་སྒར་དྷ་རམ་ས་ལར་དཀར་ཟས་ལས་འགུལ་ (Dharamsala Vegan Movement) སྤེལ་བ་དང་། སྐབས་དེར་ང་ཚོས་ཟ་ཁང་ཁག་དང་གཙུག་ལག་ཁང་གི་སྒོ་འགྲམ། དེ་བཞིན་དཔའ་བོའི་རྡོ་རིང་གི་མདུན་ཐང་དང་ལྷ་རྒྱལ་རི་སོགས་ནས། ང་ཚོས་དམར་ཟས་སྤྱོད་པར་བརྟེན་སེམས་ཅན་གྱིས་སྡུག་པོ་ཚད་མེད་མྱོང་གི་ཡོད་སྟབས། ང་ཚོས་དཀར་ཟས་སྤྱོད་པའི་དགེ་ཕན་སྐོར་གློག་བརྙན་དང་པར་རིས་འགྲེམ་སྟོན་བྱས་པ་བརྒྱུད་ནས་མི་མང་ལ་གོ་རྟོགས་སྤེལ་བ་ཡིན། ཟླ་ཤས་རིང་ལས་འགུལ་དེ་ཧ་ཅང་ལེགས་པོར་སྤེལ་ཐུབ་སོང་། འོན་ཀྱང་བར་སྐབས་ནས་ཀང་རའི་མི་དེས་ཟ་ཁང་འཛིན་ཆེད་ལས་འགུལ་ནས་ཕྱིར་འཐེན་བྱས་པ་དང་། ཕྱི་རྒྱལ་བ་དང་བོད་མི་དེའང་རྒྱ་གར་ནང་སྡོད་པའི་མཐོང་མཆན་གྱི་དུས་ཡུན་རྫོགས་ཏེ་ཕྱིར་འགྲོ་དགོས་བྱུང་སྟབས། ང་རང་གཅིག་པུས་མུ་མཐུད་དེ་སེམས་ཤུགས་མ་ཆག་པར་ཉིན་གཅིག་གི་ཆུ་ཚོད་ལྔ་པའི་བར་བདེ་ལེགས་སྨན་དུ་ལས་ཀ་བྱེད་པ་དང་། ལས་ཀ་གྲོལ་རྗེས་གངས་སྐྱིད་དང་མེག་གྷན་སྲང་ལམ་ཁག་ཏུ་སྦྱར་ཡིག་བཀྲམས་ཏེ། མི་མང་ནང་དཀར་ཟས་དང་དུད་འགྲོའི་རང་དབང་སྐོར་ལ་གོ་རྟོགས་སྤེལ་གྱི་ཡོད་ལ། དམིགས་བསལ་རྒྱལ་སྤྱིའི་དུས་ཆེན་ཁག་གི་སྐབས་སུ་གཙུག་ལག་ཁང་དང་དེའི་ཉེ་འཁྲིས་སུ་རང་གི་ངོ་ཤེས་གྲོགས་པོ་ཚོ་དང་ལྷན་དུ་ལས་འགུལ་སྤེལ་ཐབས་བྱེད་ཀྱི་ཡོད། ད་བར་ངས་བཞུགས་སྒར་དྷ་སའི་ཉེ་འཁོར་གྱི་གྲྭ་བཙུན་དགོན་ཁག་ནང་དུད་འགྲོའི་རང་དབང་སྐོར་གྱི་གློག་བརྙན་བསྟན་ཏེ། དཀར་ཟས་སྤྱོད་དགོས་སྐོར་འགྲེལ་བཤད་བྱས་ཡིན། ཞེས་ཟེར།

   དཀར་ཟས་རིང་ལུགས་ (Veganism) སྐོར་ལ་མོས། ང་ཚོའི་སྤྱི་ཚོགས་ནང་དཀར་ཟས་རིང་ལུགས་གྱི་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ཁྲོད་དཀར་ཟས་རིང་ལུགས་ཟེར་དུས་ཤ་མེད་ཚོགས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག སྤྱིར་དབྱིན་སྐད་ནང་ (Veganism) ཟེར་བ་དེ་དམར་ཟས་ཁོ་ན་མིན་པར་སྒོ་ང་དང་འོ་མ། དེ་བཞིན་སྒོ་ང་དང་འོ་མས་རྒྱུ་ཆར་བྱས་ཏེ་བཟོས་པའི་བཟའ་བཅའ་དང་ལྤགས་རིགས་ཀྱིས་བཟོས་པའི་གྱོན་ཆས་སོགས་ལའང་གོ་ཡི་འདུག ང་ཚོ་ནི་ནང་པ་ཞིག་ཡིན་པ་དང་ནང་ཆོས་ཀྱི་སྙིང་པོ་ནི་བྱམས་པ་དང་སྙིང་རྗེ་ཡིན་སྟབས། འཛམ་གླིང་མི་མང་གིས་ང་ཚོ་ནི་དཀར་ཟས་རིང་ལུགས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། བཞུགས་སྒར་དྷ་རམ་ས་ལར་ཆ་བཞག་ནའང་། ༧གོང་ས་མཆོག་གི་བཞུགས་སྒར་དང་། ཁོང་གི་གསུང་ཆོས་གསུང་ས་གཙོ་བོ་ཆགས་ཀྱི་ཡོད་སྟབས། ང་རང་གིས་དྷ་རམ་ས་ལ་ནི་རྒྱ་གར་བྱང་ཕྱོགས་ཀྱི་ཧིན་རྡུའི་གནས་ཆེན་རི་ཤི་ཀེ་ཤ་ (Rishikhesh) ནང་བཞིན་དམར་ཟས་མ་སྤྱོད་པའི་གནས་ཤིག་ཆགས་ན་བསམ་གྱི་འདུག མ་ཟད་ངས་ལས་འགུལ་དེ་མི་ཚེ་ཧྲིལ་པོར་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་བརྗོད་བྱུང་།

སྨན་པ་ཟླ་བ་སྒྲོལ་དཀར་རམ་བསྟན་འཛིན་ཆོས་ལྡན་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གྷོ་བོད་མིའི་གཞིས་ཆགས་སུ་སྐྱེས་པ་དང་། ད་ལྟ་བདེ་ལེགས་སྨན་ཁང་གི་སོའི་སྨན་པ་ཡིན་ཞིང་། མོས་འདས་པའི་ལོ་ངོ་ ༤ རིང་བཞུགས་སྒར་དྷ་རམ་ས་ལར་དུད་འགྲོའི་རང་དབང་དང་དཀར་ཟས་ལས་འགུལ་ (Veganism) སྤེལ་བཞིན་ཡོད་འདུག ལས་འགུལ་དེ་ཡང་ཁོང་མོས་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་དུ་ཤུགས་ཆེན་པོ་སྤེལ་བར་བརྟེན་མི་མང་གིས་ཁོང་མོའི་ལས་འགུལ་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་པ་བརྒྱུད། ད་ལོའི་དུད་འགྲོའི་རང་དབང་སྲུང་སྐྱོབ་དང་དཀར་ཟས་ལས་འགུལ་གྱི་གཟེངས་རྟགས་དེ་སྤྲད་ཡོད་འདུག

ལི་ས་ཤཱ་པི་རོ་ཞེས་པ་ནི་བུད་མེད་ཅིག་གི་མིང་ཡིན་པ་དང་། བུད་མེད་དེས་ཨ་རིའི་ནང་དུད་འགྲོའི་རང་དབང་དང་དཀར་ཟས་ལས་འགུལ་ཤུགས་ཆེན་པོར་སྤེལ་སྟབས། པཱོ་ལི་ནེ་ཤན་ལས་གཞིའི་ཚོགས་པས་ཁོང་མོར་རྒྱབ་སྐྱོར་མཚོན་བྱེད་ཕྱི་ལོ་ ༢༠༡༤ ལོར་གཟེངས་རྟགས་ཤིག་ཕུལ་ཡོད་ཀྱང་། ཁོང་མོ་ཡུན་རིང་འཚོ་བཞུགས་མ་ཐུབ་པར་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན། ཁོང་མོའི་རྗེས་དྲན་གྱི་ཆེད་དུ་གཟེངས་རྟགས་དེའི་མིང་ལ་ལི་ས་ཤཱ་པི་རོ་ཞེས་བཏགས་ཡོད་འདུག ལི་ས་ཤཱ་པོ་རོའི་ཞེས་པའི་གཟེངས་རྟགས་དེ་ནི་ལོ་ལྟར་འཛམ་གླིང་ནང་མ་བསྐུལ་དྭང་བླངས་ཀྱི་ཐོག་ནས་དུད་འགྲོའི་རང་དབང་དང་དཀར་ཟས་ལས་འགུལ་ (Animals right / Veganism) སྤེལ་མཁན་ཚོར་མང་མོས་འོས་ཤོག་གི་ལམ་ནས་སྤྲོད་ཀྱི་ཡོད་པ་ཞིག་ཡིན་འདུག

                                     གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    ལས་འགུལ་དེ་འདྲ་སྤེལ་བ་ཤིན་ཏུ་བཟང་། ཨོཾ་མ་ཎི་པདྨེ་ཧཱུཾ། མོ་མོ་plate གཅིག་བྱེད། ཤབ་བཀྲག་ plate གཅིག་བྱེད།

    Reply
  2. dipsel lhamo says:
    ལོ་ 9 སྔོན།

    Fighting for animal’s rights is a logical strike for an equality rights even including insects. Great appreciation for yours compassionate job and many congratulations for your achievement and wish you keep it up in further

    Reply
  3. tenzin phuntsok says:
    ལོ་ 9 སྔོན།

    སྨན་པ་བསྟན་འཛིན་ཆོས་ལྡན་ལགས་སུ་འཚམས་འདྲིའི་བཀྲིས་བདེ་ལེགས་དང་། སྐུ་ཉིད་ལུས་སེམས་གཉིས་ཀ་བདེ་བ་ནད་མནར་མི་ཡོང་བའི་སྨོན་མདུན་ཞུ། བཀྲིན་ཆེ།

    Reply
  4. པདྨ་ཚལ་སླིབ་གཉེར་ཁང། མོན་གྷོ། says:
    ལོ་ 9 སྔོན།

    བདེ་ལེགས་སྨན་ཁང་གི་སོའི་སྨན་པ་བསྟན་འཛིན་ཆོས་ལྡན་ནམ་ཟླ་བ་སྒྲོལ་དཀར་ལགས་ནི་ངོ་མ་མི་རྣམས་དཀར་ཟས་ལ་ཁ་བསྒྱུར་བའི་ལས་འགུལ་དང་། དེ་བཞིན་དུད་འགྲོའི་རང་དབང་གི་ལས་འགུལ་ལ་རང་གི་ལུས་སེམས་ནོར་གསུམ་གཅིག་ཏུ་སྒྲིལ་ནས་ལས་འགུལ་སྤེལ་གནང་མཁན་གྱི་བུད་མེད་སྙིང་རྗེ་ལྡན་ཞིང་བློ་སྟོབས་ཆེ་བ་ཞིག་རེད། ཁོ་མོར་གཟེངས་རྟགས་་ཐོབ་པ་འདིས་ཁོང་ལ་སེམས་ཥུགས་འཕར་མ་ཞིག་སྐྱེ་ཡི་རེད་ལ་ལས་འགུལ་དང་མི་མང་ལ་གོ་རྟོགས་སྤེལ་རྒྱུར་དོ་ནན་དུ་འགྲོ་གི་རེད་བསམ་གྱི་འདུག པདྨ་ཚལ་དགེ་སློབ་དང་སློབ་ཟུར་ཡོངས་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་དགའ་བསུ་ཞུ་འོ།༕

    Reply
  5. རྨེ་ཨ་སྟག་ཀླུ་མོ། says:
    ལོ་ 9 སྔོན།

    ང་དང་ངའི་བུ་ཆུང་བདེ་ལེགས་སྨན་ཁང་དུ་སོ་སྟོན་པར་ཕྱིན་ཐེངས་རེར་མོས་ངག་འཇམ་པོ་དང་སོ་སོའི་སྤུན་མཆེད་ཅིག་བསླེབས་པ་ལྟ་བུའི་བྱ་སྤྱོད་ལེགས་པོ་དང་། ལྷག་པར་དུ་ཉམ་ཆུང་དུད་འགྲོར་བཅིངས་བའི་སྙིང་རྗེ་ལ་རྗེས་སུ་ཡི་རང་ཞུ། བུ་མོ་ཁྱེད་ཀྱི་བསམ་དོན་འགྲུབ་ཅིང་ནད་མེད་ཚེ་རིང་ཡོང་བ་ཤོག

    Reply
  6. ས་མཐའི་སྤུན་ says:
    ལོ་ 9 སྔོན།

    བདེ་ལེགས་སྨན་ཁང་གི་སོའི་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ལོ་མང་པོར་དམར་ཟས་སྤང་ནས་དཀར་ཟས་བསྟེན་དགོས་པའི་ལས་འགུལ་ཤུགས་ཆེ་མུ་མཐུད་སྤེལ་བ་ལ་བརྟེན་ནས་ལི་ས་ཤེ་པི་རོ་གཟེངས་རྟགས་ཐོབ་པར་དགའ་བསུ་ཡོད། བཀྲིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese