མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་ངག་འབྲི་དོན་སེམས་སུ་ན་ཟུག་ཡོད་པས་ཡིན།

བོད་ཀྱི་དུས་བབ།
༢༠༡༧/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

ངས་སྙན་ངག་འབྲི་དོན་ནི་ནམ་ཞིག་བོད་མི་རིགས་འདི་འཇའ་བཞིན་ཡལ་མི་འགྲོའམ་བསམ་པའི་འཇིགས་སྣང་དེ་ཡིས་ཡིན་ཞེས་བརྗོད་སོང་།

ཁ་སང་ཕྱི་དྲོའི་ཆུ་ཚོད་༥:༣༠ སྟེང་དྷ་ས་མེག་གྷན་བྷོག་སི་གསོལ་མགྲོན་ཁང་གི་སྤང་ཐང་དུ། རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་ཀྱིས་བོད་ཡིག་ནས་དབྱིན་ཡིག་ནང་བསྒྱུར་བའི་ཉི་མའི་ལན་བུ་བསྲེག་པ་ཞེས་པའི་བསྒྱུར་དེབ་ཅིག་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་བ་དང་། སྐུ་མགྲོན་གཙོ་བོར་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་རི་མཐོ་ས་གཙང་དྲ་རྒྱའི་གཙོ་འགན་པ་བདེ་ཆེན་པདྨ་ལགས།  སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་དང་བོད་དོན་ལས་འགུལ་བ་བསྟན་རྡོར་ལགས་བཅས་ཀྱི་གཙོའི་དྷ་ས་ཁུལ་གྱི་བོད་རིགས་དོ་སྣང་ཅན་དང་ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་བརྒྱ་ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་དཔེ་དེབ་དབུ་འབྱེད་དང་སྦྲགས་མི་སྣ་ཁག་ཅིག་ནས་དེབ་ནང་དུ་འཁོད་པའི་བོད་དབྱིན་གཉིས་ཀྱི་སྙན་ངག་གྱེར་འདོན་གནང་རྗེས། བུ་ཆུང་བསོད་ནམས་ལགས་དཔེ་དེབ་དབྱིན་བསྒྱུར་གྱི་དམིགས་ཡུལ་སྐོར་ལ་ཁོང་གིས། དེབ་འདི་བསྒྱུར་དགོས་པའི་དམིགས་ཡུལ་ཆེན་པོ་དེ་འདྲ་གང་ཡང་མེད། སྔོན་ཆད་དེབ་ཁ་ཤས་ཤིག་བཏོན་པ་དག་ལ་དམིགས་ཡུལ་ཆེན་པོ་དེ་འདྲ་བཟུང་བ་ཡིན་མོད། དམིགས་ཡུལ་དེ་དག་འགྲུབ་ཐུབ་ཀྱི་མི་འདུག དེ་བས་ད་ཐེངས་ཀྱི་དཔེ་དེབ་འདི་དཔར་སྐྲུན་བྱས་པར་རེ་བ་གཉིས་ཤིག་ཡོད། དེབ་འདིའི་ནང་དུ་བོད་ནང་གི་རྩོམ་པ་པོ་༡༣་གྱི་སྙན་ངག་༥༠ ལྷག་ཡོད་པ་བསྒྱུར་ཡོད། དེབ་འདིའི་ནང་གི་རྩོམ་ཡིག་མང་ཆེ་བ་ཞིག་རྩོམ་པ་པོ་ཚོས་རྒྱ་ནག་གི་དྲག་གནོན་འོག་ནས་བྲིས་པ་ཡིན་དུས། འདི་དག་མ་འོངས་པར་ལོ་རྒྱུས་ཤིག་ཆགས་ཐུབ་པ་དང་། ང་རང་ལ་མཚོན་ན་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཕན་ཐོགས་ཅུང་ཙམ་ཞིག་བྱ་ཐུབ་ན་བསམ་ཡོད་ལ། མ་འོངས་པར་ང་ཚོའི་རྗེས་ཀྱི་མི་རབས་ཚོའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། བླ་མ་དང་དགེ་བཤེས་སྐུ་དྲག་གི་ལོ་རྒྱུས་ཙམ་མ་ཡིན་པར། མི་སྐྱེས་མའི་ལོ་རྒྱུས་ཤིག་དང་རྐང་རྗེས་ཤིག་འདུག་བསམ་པའི་རེ་བ་གཅིག་དང་། གཉིས་པ་དེ་ངས་བསྒྱུར་བའི་དེབ་འདིའི་ནང་གི་རྩོམ་ཡིག་དག་བོད་ཡིག་ཤེས་མཁན་ཡིན་ན་ཁྱོན་ནས་མ་ཀློག་རོགས་གནང་། རྒྱུ་མཚན་དབྱིན་ཡིག་ལ་བསྒྱུར་བའི་ནང་དུ་བོད་ཡིག་ནང་གི་སྙན་ངག་གི་སྙིང་བཅུད་དེ་རྩ་་བ་ནས་སླེབས་ཐུབ་ཡོད་པ་མ་རེད་ལ། དེ་སྒྱུར་པ་པོས་ཐབས་ཤེས་ག་འདྲ་བྱས་ཀྱང་ཡོང་ཐུབ་རྒྱུ་ཁག་པོ་ཡིན་པས། བོད་ཡིག་ཤེས་མཁན་ཚོས་སྙན་ངག་གི་སྙིང་བཅུད་དེ་བོད་ཡིག་ནས་ལེན་པའི་རེ་བ་ཡོད། ཅེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་བློ་གྲོས་དཔལ་བཟང་ལགས་ནས་བོད་ལ་མཚོན་ན་སྙན་ངག་དར་ནས་ལོ་གཉིས་སྟོང་ལྷག་ཅིག་འགྲོ་ཡི་ཡོད་པ་རེད་ལ། སྙན་ངག་འབྲི་སྟངས་དེ་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་ཅེས་ལམ་ཁ་གཉིས་ཤིག་ཡིན་པ་རེད། སྔོན་ཆད་ཡིན་ན་སྲོལ་རྒྱུན་སྙན་ངག་ཧ་ཅང་བྲིས་བསྡད་པ་རེད་དེ། དུས་རབས་༢༠ ལོ་རབས་༨༠ པ་ནས་དེང་རབས་རང་མོས་སྙན་ངག་དར་བ་རེད། དེབ་འདིའི་ནང་དུ་བཏོན་པ་ཚང་མ་སྙན་ངག་གསར་པའི་ལུགས་ཀྱིས་བྲིས་པ་རྐྱང་རེད་འདུག སྤྱིར་སྙན་ངག་འདི་དག་ཡག་པོ་རེད་ཅེས་སུས་ཀྱང་བཤད་ཐུབ་པ་མ་རེད་ལ། འདི་ལས་ཀྱང་ཡག་པོ་ཡོད་པའི་སྙན་ངག་མང་པོ་ཡོད་པ་རེད་དེ། སྙན་ངག་འདི་དག་འབྲི་མཁན་ཚང་མ་བོད་ནང་ནས་ཡིན་པ་དང་ཁོ་ཚོ་མང་པོ་ཞིག་མི་ཚེ་གང་བོར་སྙན་ངག་འབྲི་མཁན་དང་་ཁ་ཤས་ཀྱིས་རང་དབང་སོགས་ཀྱི་སྐོར་ལ་སྙན་ངག་བྲིས་ནས་བཙོན་ཁང་ལ་ཡང་འགྲོ་དགོས་བྱུང་ཡོད་པ་རེད་། ཅེས་བརྗོད་སོང་།

ཡང་ཁོས་བོད་ནང་གི་སྙན་ངག་འབྲི་མཁན་ཚོའི་སྙན་ངག་དེ་དག་ཡག་པོ་ཡོད་ན་ཡང་། དཀའ་ངལ་གཅིག་དེ་སྙན་ངག་དེ་དག་སྐད་ཡིག་གཞན་པ་ལ་བསྒྱུར་ནས་ཁྱབ་སྤེལ་གཏོང་བ་ཧ་ཅང་ཉུང་ཉུང་རེད་འདུག དེ་རིང་དེབ་འདི་ལྟར་ཁོ་ཚོའི་སྙན་ངག་དེ་དག་དབྱིན་ཡིག་ལ་བསྒྱུར་བ་དེས་ཀློག་པ་པོའི་ཁོར་ཡུག་རྒྱ་ཆེན་པོ་ཞིག་བཟོ་ཐུབ་ཡོད་པ་རེད་ལ། དེ་བཞིན་དབྱིན་ཡིག་ནང་དུ་ཡོད་པའི་སྙན་ངག་ཡག་པོ་དེ་དག་བོད་ཡིག་ལ་བསྒྱུར་བ་ཉུང་ཉུང་རེད་འདུག མ་འོངས་པར་དབྱིན་ཡིག་ནང་གི་སྙན་ངག་དེ་དག་ཚུར་བོད་ཡིག་ལ་བསྒྱུར་ཐུབ་པ་ཡིན་ན་བོད་ཀྱི་སྙན་ངག་གི་ལམ་ཁ་ཆེ་རུ་དང་ཡར་རྒྱས་འགྲོ་བར་ཕན་ཐོགས་པ་ཡོད་པ་རེད། ད་ལྟའི་ཆར་བོད་ལ་སྲོལ་རྒྱུན་རིག་གནས་དེ་འཐུས་ཚང་པ་ཞིག་ཡོད་པ་རེད་ལ་དེ་ལ་ཉམས་ཆགས་འགྲོ་བའི་དཀའ་ངལ་མེད་པ་རེད། ཡིན་ན་ཡང་། དེང་རབས་རིག་གནས་དང་རིག་གནས་གསར་བ་ནང་འདྲེན་དང་ངོ་སྤྲོད་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

མཇུག་ཏུ་དཔེ་དེབ་སྒྱུར་པ་པོས་རང་ཉིད་ཀྱིས་སྙན་ངག་འབྲི་དོན་དང་སྙན་ངག་ལ་བཟུང་བའི་ལྟ་ཚུལ་སྐོར་ལ། ང་རང་གིས་སྙན་ངག་འབྲི་དོན་ལས་ཀ་གཞན་པ་མ་རག་པ་དང་ལས་མ་ཐུབ་པའི་དཀའ་ངལ་མིན་ལ། ངས་སྙན་ངག་འབྲི་དོན་ལྷ་བླ་མ་དང་མཁའ་འགྲོ་སྡེ་ལྔ་ལ་བསྟོད་བསྔགས་ཕུལ་བའི་ཆེད་དུ་མིན། དེ་བཞིན་མཁས་པ་ཚོ་དང་དཔྱད་བརྗོད་པ་ཚོ་བློ་འགུག་པའི་ཆེད་དུ་མ་ཡིན་པར། ངས་སྙན་ངག་འབྲི་དོན་སེམས་ནང་དུ་ན་ཟུག་ཅིག་ཡོད་ལ་ན་ཟུག་དེར་གདོང་ལེན་ཆེད་དུ་ངས་སྙན་ངག་འབྲི་ཡི་ཡོད། ངས་དུས་ནམ་ཡང་བོད་རྒྱལ་ཁབ་འདི་དང་མི་རིགས་འདིར་དྲང་པོ་ཞིག་བྱུང་མ་སོང་བསམ་པའི་སེམས་ནང་རྨ་ཁ་ཞིག་ཡོད། དེ་བཞིན་ངའི་སེམས་སུ་དུས་རྟག་ཏུ་འཇིགས་སྣང་ཞིག་ཡོད། དུས་ནམ་ཞིག་ལ་བོད་མི་རིགས་འདི་ནམ་མཁའི་འཇའ་བཞིན་ཡལ་མི་འགྲོའམ་བསམ་པའི་འཇིགས་སྣང་དེས་ངས་སྙན་ངག་འབྲི་བཞིན་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    སྙན་ངག་པ་ཟེར་ན་་་ རྩོམ་པོ་ཚོའི་་་ ངས་འདི་ལ་རྩོམ་ཞིག་རྒྱག་རོགས་གནང་ད་་་་ ཐུགས་རྗེ་ཆེ།
    God is origin of Religions (Dharma). According History is also Origin of the Nation.
    So History is God. God is origin of Religions. Then Tibet is part of History. And Himalaya is also part of History. Not India ?? Not China ?? History is History. Very old and … Naturally history is unchangeability. So, now starting new history Indo-China Scramble Tibet. Unforgettably new history. Wao…
    རྒྱ་གར་ནི་དཀོན་མཆོག་མཁས་ལེན་པ་ཞིག་རེད། དེའི་དགེ་ཕྲུག་ རྒྱ་ནག་དང་བོད་གཉིས་རེད། དཀོན་མཆོག་གིས་སླབ་བྱ་ནི་་་་་ རྐུ་མ་མ་རྒྱག འཇག་པ་མ་རྒྱག འཕྲོག་བཅོམ་མ་བྱེད། ཆུང་བ་ལ་མཐོང་ཆུང་མ་བྱེད། ཐུབ་ཚོད་མ་བཏང་། བརྙས་སྨོད་མ་བྱེད། མགོ་སྐོར་མ་བཏང་། གཡོ་རྒྱུ་མ་ཁྲབ། ཧམ་པ་མ་བཤོད། སྐྱག་རྫུན་མ་བཤད། ཕན་མ་གཏགས་ན་གནོད་མ་སྐྱེལ། འདི་གེ་དཀོན་མཆོག་གིས་དགོངས་པ་རེད་པ། དཀོན་མཆོག་ནི་ཆོས་ཀྱི་འབྱུང་ཁུངས། རྒྱལ་རབ་ནི་རྒྱལ་ཁབ་ཀྱི་འབྱུང་ཁུངས། ད་ Kalyug ka Zamana སླེབ་ཚར་ཡིན་པ་འདྲ། གང་ལ་ཞུས་ན། རྒན་དང་། དགེ་ཕྲུག་རྒན་པ་གཉིས་ཀྱིས་་་ དགེ་ཕྲུག་ཆུང་བའི་ས་་་ ཧམ་རྩོད་རྒྱག་བཞིན་འདུག་ག འཛམ་བུ་གླིང་མི་དམངས་ཁྱེད་གཉིས་ལ་ལྟས་མོ་ལྟ་དགོས་ཡ་བཟོ་ཡོད། So, Peace ✌️ is Sweet Dream.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese