རྒྱ་ནག་གཞུང་གིས་ཏང་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་བྱས་ཏེ་རང་ཉིད་ཀྱི་གཟི་བརྗིད་ཉམས་པའི་རྩ་བ་ཆོས་ལུགས་རྨོངས་དད་ལ་ཐུག་ཡོད་ཚུལ་བཤད་འདུག
དེ་རིང་རྒྱ་ནག་དམར་ཤོག་ཚོགས་པའི་མི་མང་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་ཏེ། དམར་ཤོག་རིང་ལུགས་ནི་ལྷ་མེད་སྨྲ་བ་ཡིན་པས། དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ལྷ་དང་དཀོན་མཆོག་ལ་གསོལ་འདེབས་བྱེད་མི་ཆོག ཏང་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་བྱས་ཏེ་རང་ཉིད་ཀྱི་གཟི་བརྗིད་ཉམས་པའི་རྩ་བ་ཆོས་ལུགས་རྨོངས་དད་ལ་ཐུག་ཡོད་སྐོར་བསྒྲགས་འདུག
དེ་ཡང་གནས་ཚུལ་དེའི་ནང་། འདས་པའི་ལོ་ངོ་ཁ་ནས་རིང་ཏང་གི་དཔོན་རིགས་ཁག་ཅིག་གིས་ལྐོག་ཟ་རུལ་སུངས་བྱས་པར་མ་ཟད། ད་དུང་ཞིང་བྲན་རིང་ལུགས་ཀྱི་རྨངས་དད་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་བཞིན་པ་མཐོང་གི་འདུག་ལ། དཔོན་རིགས་ཁ་ཤས་དགོན་སྡེ་ཁག་ཏུ་སོང་ནས་ལྷ་དང་དཀོན་མཆོག་ལ་གསོལ་འདེབས་བྱེད་ཀྱི་འདུག ཡང་དཔོན་རིགས་ཁ་ཅིག་གྲྭ་ཆས་གྱོན་པའི་བླ་མ་དག་གི་དབང་འོག་ཏུ་ཚུད་ནས་གྲོགས་སྒྲིག་སྟེ། བླ་མ་ཚོ་ནི་སོ་སོའི་དངུལ་གྱི་ཡོང་ཁུངས་དང་ལམ་འགྲོ་ཡི་སྐྱབས་གནས་ལྟ་བུར་ངོས་འཛིན་གྱི་འདུག དཔེར་ན། སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ལི་ཁྲུན་ཁྲིང་ (Li Chuncheng) གྱིས་ཏང་གི་དབང་ཆ་ལོག་སྤྱོད་དང་ལྐོག་རྔན་སྤྲོད་ལེན་བྱས་པར་མ་ཟད། ཁོས་ད་དུང་རྒྱ་ནག་གི་སྲོལ་རྒྱུན་མོ་རྩིས་ (Fengshui) ལ་རྨོངས་དད་བྱས་སྟབས། ཕྱི་ལོ་ ༢༠༡༥ ལོར་ཁོ་ལ་ལོ་ ༡༣ གྱི་ཁྲིམས་ཆད་ཕོགས་པ་རེད། ཏང་གི་དཔོན་པོ་ཞིག་ཡིན་པའི་ཆ་ནས། ཏང་ལ་བློ་མ་དཀར་བ་ཡིན་ན་ལམ་འགྲོ་ཡོང་གི་མ་རེད། དཔོན་རིགས་ཚོས་བློ་མཐུན་མར་ཁེ་སི་ཡིས་གསུངས་པའི་དམར་ཤོག་རིང་ལུགས་ལྷ་མེད་སྨྲ་བའི་ལམ་སྟོན་ལ་དྲན་གསོ་བྱེད་དགོས་པ་དང་། རྨོངས་དད་ནི་བསམ་བློའི་དུག་རླངས་དང་སྦྲིད་སྨན་ལྟ་བུ་ཡིན་པས། ངེས་པར་དུ་རང་ཉིད་ཀྱི་ཀླད་པར་ཕྱི་དོར་བྱེད་དགོས། ཞེས་སོགས་བརྗོད་འདུག
རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་ལས་འགུལ་སྤེལ་ཏེ། ཆོས་ལུགས་ཉམས་ལེན་གྱི་རང་དབང་ལ་བཀོག་སྡོམ་ཚད་ལས་བརྒལ་བ་བྱས་ཡོད་ཀྱང་། ༡༩༧༠ ནང་ནས་བཟུང་རིམ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་པར་མ་ཟད། རྩ་ཁྲིམས་ནང་དུའང་ཆོས་ལུགས་ཚང་མར་རང་དབང་ཡོད་ལུགས་བཀོད་ཡོད་ནའང་། རྒྱ་ནག་གཞུང་གིས་དམར་ཤོག་རིང་ལུགས་ནི་ལྷ་མེད་སྨྲ་བ་ཡིན་པས། གྲངས་ཉུང་མི་རིགས་ཁག་དང་། ལྷག་པར་དུ་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ཆོས་ལུགས་ལ་དད་མོས་དང་། མོ་རྩིས་ལ་ཡིད་ཆེས་བྱེད་མི་ཆོག་ཅེས་མི་མང་གི་དད་མོས་རང་དབང་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་དམར་ཤོག་ཚོགས་པའི་སྲིད་དབང་བཟུང་བ་ནས་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་གྱི་ལས་འགུལ་ (Anti-corruption campaign) སྤེལ་ཏེ། སྔ་རྗེས་སུ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་འཁྲིད་ཟུར་བ་ཀྲུའུ་ཡོང་ཁཱང་ (Zhou Yongkang) དང་། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཁྲིད་ལིན་ཅི་ཧྭ་སོགས་ཀྱི་གཙོས་པའི་གནད་ཡོད་མཐོ་རིམ་དཔོན་རིགས་ ༡༢༠ ལ་ཞིབ་བཤེར་དང་བཙོན་འཇུག་བྱས་ཡོད་པར་མ་ཟད། འབྲེལ་ཡོད་ལས་བྱེད་ ༡༠༠༠༠༠ ལྷག་ལ་ཉེས་འཛུགས་བྱས་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།
༄༅། ཆོས་མེད་རིང་ལུགས་ཡིན་ན་སྙིང་རྗེ་མེད་པའི་ཁྱབ།
ལྷ་མེད་རིང་ལུགས་ཡིན་ན་དྲང་བདེན་མེད་པའི་ཁྱབ།
ལྷ་ཆོས་མེད་པ་ཡིན་ན་ཡག་ཉེས་མི་ཤེས་ཁྱབ།
འདི་གསུམ་མེད་པའི་མི་ལུས་ལེན་དང་མ་ལེན་ཅི་ཡོད།
ཆོས་མེད་ཀླ་ཀློའི་ཆོས་ཁྲིམས་གླེང་བ་་དང་།
ཆོས་མེད་ཀླ་ཀློའི་ཆོས་འབག་གྱོན་པ་དང་།
ཆོས་མེད་ཀླ་ཀློའི་ཆོས་ལ་ནག་གཡོག་པ་།
ཆོས་མེད་ཀླ་ཀློའི་རང་ཚང་སྟོན་འདོད་རེད་།
དམར་པོའི་སྲིད་གཞུང་ཞིག་གི་ཆོས་ལུགས་ཁེས་མི་ལེན་པ་ཚང་མའི་ཤེས་གསལ་རེད་་་་
ཞི་ཅིན་གྱི་ མའོ་ཡི་སྐུ་པུར་ལ། རྒྱ་ནག་དཔོན་རིགས་ཚོའི་གཟི་བརྗིད་ཉམས་པའི་རྒྱུ་གང་ཡིན་ཞུས་པས། མའོ་སྐུ་པུར་་་ རྒྱ་ནག་དཔོན་པོ་ཚོའི་གཟི་བརྗིད་ཉམས་གུད་ཀྱི་རྒྱུ་ ༩ དེ་ ངེས་པར་དུ་ཤེས་པར་གྱིས། ༡༽ ལག་ལེན་མེད་པའི་མི་རིགས་འདྲ་མཉམ་ དཔོན་རིགས་ཀྱི་གཟི་བརྗིད་ཉམས། ༢༽ ལག་ལེན་མེད་པའི་བསྙེམ་ཆུང་ཕ་མའི་དཔོན་རིགས་ཀྱི་གཟི་བརྗིད་ཉམས། ༣༽ དཔོན་རིགས་ནང་ཁུལ་འགྲལ་རིམ་འཐབ་བརྩོད་བྱེད་པས་དཔོན་རིགས་ཀྱི་གཟི་བརྗིད་ཉམས། ༤༽ ངོ་ཚ་ཁྲེལ་གཞུང་མེད་པའི་དཔོན་རིགས་ཀྱི་གཟི་བརྗིད་ཉམས། ༥༽ རང་གི་མི་རིགས་ལ་མགོ་སྐོར་སླུ་བྲིད་བྱེད་པས་དཔོན་རིགས་ཀྱི་གཟི་བརྗིད་ཉམས། ༦༽ རང་མི་རིགས་ལ་དཔུང་ངོམ་བྱེད་པའི་དཔོན་རིགས་ཀྱི་གཟི་བརྗིད་ཉམས། ༧༽ མི་དམངས་ཀྱི་དཀའ་སྡུག་ལ་རྡོག་བརྫིས་བཏང་པའི་དཔོན་རིགས་ཀྱི་གཟི་བརྗིད་ཉམས། ༨༽ མི་གསོད་ཁྲག་སྦྱོར་བྱེད་པའི་དཔོན་རིགས་ཀྱི་གཟི་བརྗིད་ཉམས། ༩༽ མི་དམངས་ཀྱི་མ་དངུལ་ལྐོ་ཟ་བྱེད་པའི་དཔོན་རིགས་ཀྱི་གཟི་བརྗིད་ཉམས། བལྟས་ངན་པ་དགུའི་ཐོག་ནས་དཔོན་རིགས་ཀྱི་གཟི་བརྗིད་ཉམས་པ་རེད་གསུངས།། ཞི་ཅིན་གྱི་འོ་ལགས་ཞུས་ནས་་་ ཆང་ཁང་དུ་སོང་། ཞི་ཅིན་ར་བཟི་ནས་ རྒྱ་ནག་དཔོན་རིགས་ཚོའི་གཟི་བརྗིད་ཉམས་ཡ་དེ་ རྨོངས་ཆོས་འདི་རེད་ཤག འགྲེལ་བཤད་ལོག་པ་སྐྱོན། So Sorry
ལྷ་མེད་འདྲེ་མེད་སྨྲ་བའི་ལྟ་སྒྲུབ་ལ་འགན་འཁུར་མཁན་གྱི་དམར་ཤོག་གུང་ཁྲན་རིང་ལུགས་ནས་ཆོས་ལ་ཉམས་ལེན་བྱེད་མཁན་ཡོད་ན་དངུལ་དངོས་རྗེས་འབྲང་ཙམ་ལས་ཆོས་ཡང་དག་པ་ཞིག་གང་ནས་ཡིན་ལ་རྒྱ་ནག་གི་མཐོ་རིམ་མི་སྣའི་ནང་ལྐོག་ཟ་རུལ་སྲུངས་བཀག་མ་ཐུབ་སྟབས་ད་ཆ་འུ་ཐུག་ནས་ཆོས་ལ་ཁ་ཕྱོགས་ནས་མི་གི་ཉེས་པ་ཐམས་བཅས་ཆོས་ལ་གཡོག་ནས་གུང་ཁྲན་ཏང་དཀར་འདོན་བྱེད་འདོད་མ་རེད་དམ་ཧཧཧཧཧ
གནས་ཚུལ་འདི་ང་ཚོ་བོད་རིགས་ནང་དུའང་ལྷ་མེད་འདྲེ་མེད་དང་དད་པ་ལོག་སྤྱོད་ཟེར་མཁན་འགའ་ཡོད་པས་ཁོང་ཚོའི་ལྟ་གྲུབ་དང་གཅིག་མཚུངས་ཡིན་སྲིད་པས་ཁོང་ཚོས་དེའི་ཐོག་ལན་འདེབས་ཤིག་ཡོང་སྲིད་སྙམ་མོ།།
ཁ་ཙམ་ མར་ཀེ་སའི་རིང་ལུགས། རྒྱ་ནག་མི་དམངས་ཀྱི་ལས་ངན་ འགོ་ཁྲི་མྱོན་པའི་རིང་ལུགས། མྱོ་དང་མ་མྱོ། ལྐོག་ཟ་རུལ་སྲུངས་མི་ཡི་བྱེད། ནག་ཉེས་ཐམས་ཅད་ཆོས་ལ་གཡོག ཧོ་ཧོ་ཧོ་ མའུ་ཚེ་ཐུང་ཧུཾ་ཕཊ།
ཞྭ་མོ་ནག་པོ་གཡོག་རྒྱུ་ཏང་གཞུང་གི་དམ་བཅའ་རེད་་་་