མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོཊ་ཟོན་དམ་དྲག་འོག་གི་ཚོཊ་ཆེན།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་་མི་མང་ཚོགས་ཁང་ཆེན་མོའི་ནང་ཚོགས་ཆེན་བཅུ་དགུ་པ་ཚ་ཚ་འུར་འུར་གྱིས་ཚོགས་ཏེ་ས་གནས་ཁག་ཏུ་དོགས་ཟོན་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེ་རིང་ནས་མགོ་བཙུགས་ཏེ་ཕྱི་ཚེས་ ༢༤ བར་འཚོགས་ཀྱི་ཡོད་པའི་སྐབས་དང་བསྟུན། རྒྱ་ནག་རྒྱལ་ཡོངས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་པེ་ཅིན་གྲོང་ཁྱེར་གྱི་མི་མང་ཚོགས་ཁང་ཆེན་མོའི་མཐའ་འཁོར་དང་། གྲོང་ཁྱེར་གྱི་དཀྱིལ་སྙིང་ཡོད་ཚད་དམག་དཔུང་གིས་དུས་ངེས་མེད་དུ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་ནན་མོ་དང་། ས་གནས་ཁག་ཏུ་ཐབས་བརྒྱ་ཇུས་སྟོང་གིས་ཚོགས་ཆེན་གྱི་སྐོར་དྲིལ་བསྒྲགས་བྱས་པ་དང་སྦྲགས། དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་དང་དོགས་ཟོན་གྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་འདུག

ཚོགས་ཆེན་དང་བསྟུན་བོད་ཁུལ་གྱི་ས་གནས་སྲིད་གཞུང་ཁག་ཅིག་ནས་མི་མང་གི་བདེ་འཇགས་ལ་ཁ་གཡར་ཏེ།  འབར་སླ་བའི་དངོས་རྫས་དང་དུག་རྫས་རིགས་ལ་བཀག་སྡོམ་དང་། ལྷག་པར་དུ་མེ་མདའ་དང་མཚོན་ཆའི་རིགས་རང་འགུལ་གྱིས་གཞུང་ལ་རྩིས་སྤྲོད་དགོས་པའི་བཀའ་ཁྱབ་གཏོང་བཞིན་ཡོད་འདུག དེའི་སྐོར་ལ་ཁ་སང་སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་གནས་ཚུལ་ཞིག་ཏུ། མཚོ་སྔོན་ཞིང་ཆེན་ཀན་ལྷོ་རང་སྐྱོང་ཁུལ་ཀོས་ནན་རྫོང་ཉེན་རྟོག་ཁང་དང་སྡེ་བའི་ཉེན་རྟོག་པ་ཚོ་ཆེད་དུ་སྡེ་བ་སོ་སོར་སོང་སྟེ། མང་ཚོགས་ཀྱི་ཁྱིམ་ཚང་དུ་མེ་མདའ་དང་མཚོན་ཆ་ཉར་བ་ནི་ནག་ཉེས་ཚབས་ཆེན་ཡིན་སྐོར་གྱི་ཁྲིམས་ལུགས་དྲིལ་སྒྲོག་བྱས་ཏེ།  མེ་མདའ་དང་མཚོན་ཆའི་རིགས་ཉར་ཚགས་བྱས་ཡོད་པ་རྣམས་རྩིས་སྤྲོད་དགོས་པའི་བཀའ་བཏང་ཡོད་པ་མ་ཟད།  ས་གནས་འབྲོག་མི་ཞིག་གིས་མེ་མདའ་རྩིས་སྤྲོད་བྱེད་བཞིན་པའི་འདྲ་པར་བརྒྱུད་ལམ་དུ་བཀྲམ་སྟེ་དྲིལ་བསྒྲགས་བྱས་འདུག

དེ་བཞིན། དེ་རིང་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་གནས་མང་པོར་མང་ཚོགས་བསྡུ་སྐོང་གིས་ཞི་ཅིན་ཕིན་གྱི་ཚོགས་ཆེན་སྐབས་ཀྱི་མཛད་སྒོའི་གཏམ་བཤད་ལ་ཉན་བཅུག་གི་ཡོད་པ་དང་། སློབ་གྲྭ་ཁག་དང་དགོན་སྡེ་ཁག་ཏུའང་ཆེད་དུ་བརྙན་འཕྲིན་ལྟ་རུ་བཅུག་ནས་ཚོགས་ཆེན་གྱི་ནང་དོན་ལ་སློབ་སྦྱོང་བྱ་དགོས་པའི་སྐུལ་མ་གཏོང་གི་ཡོད་འདུག

དམར་ཤོག་གི་ཚོགས་ཆེན་མགོ་བཙུགས་པ་ནས་བཟུང་ཟླ་འདིའི་ཕྱི་ཚེས་ ༢༨ བར་བོད་ཁུལ་དུ་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་འོང་བྱེད་པར་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཚོགས་ཆེན་གྱི་མགོ་མ་བཙུགས་གོང་ནས་རྒྱ་ནག་ནང་ལོགས་སུ་ཡོད་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་རྒྱ་ནག་དང་ཁ་འབྲལ་དགོས་པའི་བཀའ་རྒྱ་བསྒྲགས་པ་ལྟར། ས་གནས་ཁག་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་རྣམས་ཀྱིས་ཡུལ་སྐོར་བ་ཚོར་བཀག་སྡོམ་ཆེན་པོ་བྱེད་བཞིན་ཡོད་འདུག

ད་ལྟ་རྒྱ་ནག་ནང་ཡོད་པའི་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་འཆར་ཟླ་ ༡༠ ཚེས་ ༡༧ སྔོན་ལ་རྒྱ་ནག་དང་ཁ་འབྲལ་དགོས་སྟབས།  ལས་དོན་དེ་ས་ཁུལ་སོ་སོའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་སྐོར་དང་།  བྱ་འགུལ་དེའི་དགོས་དམིགས་གཙོ་བོ་ནི། ཟླ་རྗེས་མར་འཚོགས་འཆར་ཡོད་པའི་ཏང་གི་ཚོགས་ཆེན་ཐེངས་ ༡༩ པའི་བདེ་འཇགས་ཆེད་དུ་ཡིན་ལུགས་སོགས་བརྗོད་ཡོད་འདུག

གཞན་ཡང་། ཁ་སང་རྒྱ་ནག་པེ་ཅིན་གྲོང་ཁྱེར་ལྷོ་རྒྱུད་དུ་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་གནས་ཚུལ་དང་བརྙན་ཐུང་སྤྱི་ཚོགས་བརྒྱུད་ལམ་དུ་ཐོན་ཡོད་ཀྱང་། མི་དེ་སུ་ཡིན་མིན་དང་ད་ལྟའི་ཆར་ཤི་གསོན་གྱི་གནས་སྟངས་ཅི་ཡིན་སོགས་གསལ་ཁ་མེད་ན་ཡང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཉུང་མཐར་བོད་ཕྱི་ནང་གཉིས་ནས་བོད་མི་སེར་སྐྱ་ ༡༥༠ ལྷག་གིས་རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་ཡོད་པར་བརྟེན། ཁ་སང་པེ་ཅིན་དུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་བརྙན་ཐུང་ནང་ཉེ་འཁོར་དུ་མི་མང་པོ་ཡོད་པའི་ཁྲོད་ནས་བུད་མེད་ཅིག་གིས་རྒྱ་སྐད་ཀྱིས་མི་དེ་བོད་པ་རེད་དམ་ཞེས་བཤད་ཀྱི་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༢༡ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

ཆུ་ཚོད་ ༢༣ སྔོན་ལ།
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese