མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་བཀའ་བློན་མཆོག་ཨ་རིའི་དོན་གཅོད་དུ་བསྐོས།

བོད་ཀྱི་དུས་བབ།
༢༠༡༧/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་ལྟར་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་ལས་འཁུར་དབུ་འཛུགས་གནང་རྒྱུ་ཡིན་འདུག

དེ་རིང་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ ནང་གསེས་ ༣ འོག་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) བཅས་ཀྱི་དགོངས་དོན་འོག དེ་རིང་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ནས་ལས་འཁུར་དབུ་འཛུགས་གནང་རྒྱུ་ཡིན་འདུག འདི་གའི་གསར་འགོད་པས་བཀའ་དྲུང་ཡིག་ཚང་ལ་ཞལ་པར་ཕུལ་ཡང་ད་ལྟ་བཀའ་ཤག་ལྷན་རྒྱས་ཚོགས་འདུ་འཚོགས་བཞིན་འདུག

བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༥༣ ཟླ་ ༧ ཚེས་ ༡ ཉིན་བོད་སྐྱིད་གྲོང་དུ་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་གཙུག་ལག་རབ་འབྱམས་པ་ཐོན་རྗེས། སྐབས་བདུན་པའི་བོད་མི་མང་དབུས་གཙང་སྤྱི་འཐུས་སུ་བདམས། ཕྱི་ལོ་ ༡༩༨༣ ནས་ ༡༩༨༧ བར་སྔ་གཞུག་ཏུ་ཤེས་རིག་ལས་ཁུངས་དང་ནང་སྲིད་ཀྱི་དྲུང་གཞོན་གནང་། ཕྱི་ལོ་ ༡༩༩༠ ལོ་ནས་བོད་ཀྱི་ཟློས་གར་ཁང་གི་འགན་འཛིན་དུ་བསྐོས། ཟློས་གར་གྱི་འགན་འཛིན་གནང་ཡུན་རིང་ལས་དོན་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན། ཕྱི་ལོ་ ༡༩༩༥ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་འགན་འཛིན་སྡེ་ཚན་ཁོངས་ནས་བྱས་རྗེས་གཟེངས་ཐོན་བྱུང་བར་ངོས་འཛིན་གྱིས་སུད་སི་བོད་མིའི་གཟེངས་རྟགས་ཐེངས་དང་པོ་དེ་ཁོང་ལ་གནང་ཡོད།

ཕྱི་ལོ་ ༡༩༩༥ ལོ་ནས་ཤེས་རིག་དྲུང་ཆེ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༩ ལོར་ནང་སྲིད་དྲུང་ཆེར་གནས་སྤོས་གནང༌། ཕྱི་ལོ་ ༢༠༠༠ ལོ་ནས་རྩ་དགོངས་ཞུས་ཏེ་ཨ་རིར་གནས་བཞུགས་ཀྱིས། མི་ནི་སོ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུངས་སུ་ལས་འཆར་འགན་འཛིན་དང༌། ཕྱི་ལོ་ ༢༠༠༣ ལོར་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འཁུར་ཞུས།

སྐབས་བཅུ་བཞི་པའི་བཀའ་ཤག་གིས་བཀོད་ཁྱབ་གནང་བ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་འདྲི་བྱ་ཡུལ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་ཤེས་རིག་དྲུང་ཆེར་བསྐྱར་དུ་བསྐོ་བཞག་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ཟླ་ ༩ པའི་བོད་མི་མང་སྤྱི་འཐུས་ཚོགས་དུས་༨ པའི་ཐོག་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༥ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 22

  1. མཐུན་བཞི་ཚང་། says:
    ལོ་ 8 སྔོན།

    ༄༄།། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་དེ་ཕྱི་གསལ་ནང་གསལ་ཡིན་པ་ངོས་འཛིན་བྱེད་ཀྱི་མེད། གང་ལ་ཞུ་ན་སྐབས་བཅུ་བཞི་དང་སྐབས་བཅོ་ལྔའི་སྲིད་སྐྱོང་ཆགས་པ་ནས་བཟུང་དེ་འདྲ་རང་རེད་མི་འདུག མདོར་བསྡུས་ན། གུས་བཀུར་ཞུམ་ཞུམ་དང་ལགས་སོ་ལགས་སོ་ཞེས་སྤྲེལ་ལད་མ་འཁྲབ་པ་དེ་ལ་ཐུག་ཡོད་པ་འདྲ། འདི་ཐད་སྦས་གསང་མེད་པ་གསལ་བཤད་མཐིལ་ཕྱིན་པ་གནང་དགོས་ཡོད། དེ་མེད་ན་སྲིད་སྐྱོང་དུས་ཡུན་མ་རྫོགས་བར་རང་ཉིད་ཀྱི་སྒྲིག་འཛུགས་ལ་ཡིད་ཆད་ཡོང་ས་མ་རེད་ཞུ་རྒྱུ་ཡིན། མཐུན་བཞི་ཚང་།

    Reply
  2. དོན་གྲུབ་བཟང་པོ། says:
    ལོ་ 8 སྔོན།

    སྤེན་ཚེ་ལ་ནོར་འཁྲུལ་མེད་ན་ཁྲིམས་ཀྱི་ཐོག་ནས་ཉེས་འཛུགས་བྱ་ཆོག་གི་རེད།ཁྲིམས་ཐོག་ནས་འགྲོ་པ་ཡིན་ན་སུར་དཀར་སུ་ནག་ཡང་ན་བཀའ་ཤག་ངོས་ནས་ཐག་བཅོད་ཡང་དག་པ་ཡོང་ཡོད་མེད་གསལ་པོ་ཆགས་རེད།དེ་སྐུ་ངོ་སྤེན་ཚེ་ག་རེ་གནང་གི་ཡོད་མེད་ལ་བལྟ་ཡ་རེད།དེ་མ་གཏོགས་གང་ཡང་མ་ཤེས་པ་ཕུན་ཚུལ་སྐྱོན་འཛུགས་རྐྱང་རྐྱ་བྱ་སྡོད་ན་ཁེ་བཟང་ག་རེ་འདུག
    བོད་ཀྱི་རྩ་དོན་ལ་ཕན་ཐོག་འདུག་གམ།གང་འདོད་ཀྱི་འདུ་ཤེས་འཛིན་པ་དེ་ཚོ་བོད་ཀྱི་རྩ་དོན་དགོངས་པ་མ་བཞེས་པ་གསལ་པོ་མངོན།

    Reply
  3. ཨ་འབར་འཇིགས་དབང། says:
    ལོ་ 8 སྔོན།

    ༄༅། སྐུ་ཞབས་སྤེན་ཚེ་ནས་ཕྱག་ལས་གནང་སྟངས་ཡག་པོ་མ་བྱུང་བའི་དབང་གིས་བཀའ་ཤག་ནས་
    ཨ་རི་དོན་གཅོད་འཕོ་འགྱུར་བཏང་དགོས་བྱུང་ཡོད་པ་རེད།་དེ་མིན་ནི་དགའ་མི་དགའ་མདོག་གི་མིན་པ་གསལ་
    པོ་རེད། སྤེན་ཚེ་ནས་ནོར་མེད་ན་ནམ་ཡང་འཁུར་གྱི་མ་རེད་སྙམ།

    Reply
  4. ཁེར་སྐྱེས says:
    ལོ་ 8 སྔོན།

    བཀའ་ཤག་གིས་གུ་དོག་གིས་ཕྱག་ལས་གནང་སོང་བསམ་པ་བྱུང་འོན་ཀྱང་སྤྱི་ཚོགས་འཆམ་མཐུན་ཡོང་ཆེད་སྐུ་ངོ་སྤན་ཚེས་ཉེས་པ་ག་རེ་བསགས་ཡོད་ན་མི་མང་ཁ་གསལ་གཏིང་གསལ་བྱེད་དགོས་པ་གལ་ཆེན་རེད

    Reply
  5. Gangchab says:
    ལོ་ 8 སྔོན།

    ཡག་པོ་བྱུང་འདུག

    Reply
  6. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    སྲིད་སྐྱོང་གི་གནང་སྟངས་དེ་ཏོག་ཙམ་འགྲིག་མ་སོང་བསམས།
    གང་ལྟར་གནས་ཚུལ་གསལ་བོ་ཡོང་བའི་རེ་བ་ཡོད།

    Reply
  7. pema gyalpo says:
    ལོ་ 8 སྔོན།

    གང་མྱུར་དེའི་ཐད་མི་མང་ལ་བཅའ་ཁྲིམས་དགོངས་དོན་འགྲེལ་བཤད་ཡང་དག་པ་ཞིག་རྒྱབ་རྒྱུ་གལ་ཆེ། དེ་མིན་སྤྱི་ཚོགས་ནང་རང་རང་སོ་སོའི་འདོད་བློ་དང་མཐུན་པ་འགྲེལ་བཤད་མི་འདྲ་བ་རེ་རེ་བརྒྱབ་ཀྱི་འདུག་གོ།

    Reply
  8. དོན་དགའ། says:
    ལོ་ 8 སྔོན།

    གོང་ས་མཆོག་གིས་”ངོས་རང་ཡིད་ཆེས་འཕེར་སའི་གྲོགས་པོ་གཉིས་ཁྲིད་ཡོད་”གསུངས་པ།

    དེ་རིང་༧གོང་ས་མཆོག་གིས། ངོས་རང་ད་ལྟ་ལོ་༨༢ རེད། ལོ་སྔོན་མ་ནས་བཟུང་དཀའ་ལས་ཁག་པའི་ཚོར་བ་དེ་ཤིན་ཏུ་ནས་ཆེ་རུ་སོང་འདུག ཁྱོད་རང་ཚོས་གླིང་ཆེན་འདྲ་མིན་དང་རྒྱལ་ཁབ་སྣ་ཚོགས་སུ་ལས་འགུལ་མང་བ་སྤེལ་དགོས་ཀྱི་འདུག ངོས་རང་ཕལ་ཆེར་ལས་འགུལ་ནང་ཞུགས་ཐུབ་ཀྱི་མ་རེད། དེར་བརྟེན་ངོས་རང་ཡིད་ཆེས་འཕེར་སའི་གྲོགས་པོ་གཉིས་འདིར་ཁྲིད་ཡོད། ཕྱི་ལོ་༢༠༠༡ ནས་བཟུང་ངོས་རང་ཆབ་སྲིད་ཀྱི་ལས་འགན་ནས་ཕྱེད་རྒན་ཡོལ་ཞུས་ནས་བཟུང་། མཁས་དབང་ཟམ་གདོང་རིན་པོ་ཆེས་ལོ་༡༠ རིང་འགན་འཁུར་གནང་བ་རེད། དེ་རྗེས་ཕྱི་ལོ་༢༠༡༡ ལོར་ཁོང་(སྲིད་སྐྱོང་བློ་བཟང་སེང་གེ་)འོས་འདེམས་བྱུང་བ་རེད། སྐབས་དེ་ནས་བཟུང་ངོས་རང་ཆབ་སྲིད་ཀྱི་འོས་འགན་ཐོག་ནས་རྒན་ཡོལ་ཆ་ཚང་བ་ཞུས་པ་རེད། ཁོང་གཉིས་ཀྱིས་ངའི་བསམ་བློ་ཤེས་ཀྱི་ཡོད་རེད། འདུ་འཛོམས་འདི་འདྲ་པོ་ཇེ་མང་དུ་བཏང་ནས་ང་ཚོའི་ལས་ཀ་ངེས་པར་དུ་མུ་མཐུད་ནས་འཁྲུག་ཆ་དོད་དུ་གཏོང་དགོས་ཀྱི་འདུག མི་འདི་གཉིས་ལ་(ཟམ་གདོང་རིན་པོ་ཆེ་དང་སྲིད་སྐྱོང་བློ་བཟང་སེང་གེ་)ངོས་རང་ཡིད་ཆེས་ཆ་ཚང་བ་ཡོད། དེར་བརྟེན་ཁྱེད་རང་ཚོ་སྒེར་དང་གཞུང་གི་ཕྱོགས་ནས་འགྲིག་ན། ཁོང་གཉིས་གང་རུང་ཞིག་ངོས་རང་མི་སྒེར་གྱི་ཚབ་ཏུ་མཉམ་ཞུགས་གནང་ཆོག་གི་རེད།”ཅེས་གསུངས་པའི་བཀའ་སློབ་དང་། ད་རིང་གི་སྐུ་ངོ་སྤེན་པའི་གནད་དོན་དང་འབྲེལ་བ་ཡོད་ཚེ་སྐུ་ངོ་སྤེན་པས་༸གོང་ས་མཆོག་ཡིད་ཐང་ཆད་དགོས་པ་བཟོས་ཡོད་པ་ཐག་ི་ཆོད།

    Reply
  9. gendun says:
    ལོ་ 8 སྔོན།

    བཀའ་དྲུང་གི་ལན་འདེབས་སྐྱོ་བོ་ཞིག་དང་། སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཉིས་ཀྱིས་གསར་འགོད་པར་ཡ་ལན་མ་བྱས་པར་བལྟས་ན། སྤེན་ཚེས་སྲིད་སྐྱོང་གི་རྐུབ་ལྡག་མ་ཐུབ་པ་ཐག་གིས་ཆོད། ད་ལྟད་མོ་ཡོད་རྒྱུ་རེད།

    Reply
  10. ས་མཐའི་སྤུན་ says:
    ལོ་ 8 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་དེ་ཕྱི་གསལ་ནང་གསལ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་དེ། སློབ་བཟང་སངས་རྒྱས་ལགས་སྲིད་སྐྱོང་ཆགས་པ་ནས་བཟུང་དེ་འདྲ་རང་རེད་མི་འདུག མདོར་བསྡུས་ན། གུས་བཀུར་ཞུམ་ཞུམ་དང་ལགས་སོ་ལགས་སོ་ཞེས་སྤྲེལ་ལད་མ་འཁྲབ་པ་དེ་ལ་ཐུག་ཡོད་པ་འདྲ། འདི་ཐད་སྦས་གསང་མེད་པ་གསལ་བཤད་མཐིལ་ཕྱིན་པ་གནང་དགོས་ཡོད། ད་ག་སེ་འགྲེལ་བཤད་མེད་པ་གནས་དབྱུང་བཏང་ན་འགྲིགས་ཀྱི་མེད་པ་དེ་ཡང་མཁྱེན་དགོས་པ་ཡིན།

    Reply
    • ལྷག་ཚེ། says:
      ལོ་ 8 སྔོན།

      ཚོགས་ཟུར་མཆོག་དོན་གཅོད་ཀྱི་དུས་ཡུན་མ་ཚང་གོང་ནས་བརྗེ་པོ་བརྒྱབ་དོན་ཅི་ཡིན། རྩ་བའི་དོན་གཅོད་ཀྱི་ཕྱག་ལས་འགན་ཆེན་པོ་ཞིག་ཡིན་དུས་འཕོ་བསྒྱུར་མང་པོ་བཏང་བ་ཡིན་ན་བརྡབ་གསིག་ཡོང་ངེས། ཡ་མཚན་སྐྱེས་བྱུང།

      Reply
  11. བསྟན་འཛིན། says:
    ལོ་ 8 སྔོན།

    ཁུངས་ལྡན་གནས་ཚུལ་ལྟར་ན། འདས་པའི་ལོ་ཤས་གོང་ནས་ཨ་རིའི་སྐུ་ཚབ་དོན་གཅོད་དུ་དངུལ་དང་འབྲེལ་བའི་རྙོག་གླེང་ཆེན་པོ་ཞིག་ཡོད་པ་དང་། དེ་ནི་དེ་སྔོན་ཨ་རིའི་དོན་གཅོད་སྐལ་རྡོར་གྱི་སྐབས་སུ་འགོ་ཚུགས་ཡོད་འདུག ན་ནིང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོས་རྗེས་སེལ་ཐབས་དཀའ་བའི་དངུལ་གྱི་རྙོག་གླེང་དེ་སེལ་དགོས་པ་གསུང་འདུག རྙོག་གླེང་དེ་ནི་ཧ་ཅང་རྙོག་འཛིང་ཆེ་བའི་དངུལ་དང་འབྲེལ་ཡོད་སྟབས། དོན་གཅོད་ཁོང་ནས་སྲིད་སྐྱོང་མཆོག་ལ་རྙོག་གླེང་དེ་སེལ་བར་དམིགས་བསལ་ཚོགས་ཆུང་བཙུགས་དགོས་པ་དང་། བཀའ་ཤག་ནས་ལམ་སྟོན་དགོས་སྐོར་ཞུས་ཀྱང་སྲིད་སྐྱོང་དང་། བཀའ་ཤག་ནས་དེའི་ཐད་གང་ཡང་གནང་གི་མེད་སྟབས། རིམ་གྱིས་སྲིད་སྐྱོང་དང་བཀའ་ཤག་གཉིས་ནས་དོན་གཅོད་ཁོང་ལས་འགན་མི་བསྒྲུབ་མཁན་ཞིག་ཏུ་བརྩིས་ནས་གནས་སྤོར་རམ། དགོངས་ཞུ་གནང་རྒྱུའི་གོ་སྐབས་བཙལ་ཡོད།

    ཉེ་སྔོན་ལྔ་དང་ལྔ་བཅུའི་ཚོགས་འདུ་གྲོལ་རྗེས་སྐུ་ཚབ་དོན་གཅོད་ཚང་མ་ཚོགས་འདུ་ཞིག་ཚོད་ཡོད། སྐབས་དེར་དོན་གཅོད་སྤེན་ཚེ་ནས་ཨ་རིའི་དོན་གཅོད་ཀྱི་དངུལ་དང་འབྲེལ་བའི་རྙོག་གླེང་དེའི་རྒྱུད་རིམ་ཡོངས་སུ་རྫོགས་པ་ཚོགས་འདུའི་སྟེང་དུ་སྙན་སེང་ཞུས་འདུག་ལ། དེ་ནི་དེར་འཁོད་སྐུ་ཚབ་དོན་གཅོད་ཚང་མས་ཤེས་ཀྱི་ཡོད།

    ཚོགས་འདུའི་སྐབས་དེར་སྲིད་སྐྱོང་མཆོག་དང་དོན་གཅོད་ཁོང་གཉིས་དབར་ལ་ཕན་ཚུན་ཤོད་རེས་ཏོག་ཙམ་བྱུང་འདུག སྤྱིར་བཏང་ད་རེས་ཀྱི་བསྐོ་གཞག་དེའི་ཐོག་རྒྱུ་རྐྱེན་སྣ་ཚོགས་པ་ཞིག་ཡོད་ནའང་། འཕྲལ་གྱི་རྐྱེན་ནི་གོང་ཞུས་དེ་རང་ཡིན་འདུག གཅིག་བྱས་ན་རྗེས་རིམ་པ་བཞིན་གནས་ཚུལ་དེའི་སྐོར་གསལ་བཤད་ཡོང་གི་ཡོད་ཀྱི་རེད།

    Reply
    • པད་བཀོད་པདྨ་དགྲ་འདུལ་ཆེ་མོ། says:
      ལོ་ 8 སྔོན།

      སྐུ་ཉིད་ཀྱིས་གསལ་བཤད་ཡག་པོ་གནང་འདུག བློ་བཟང་སེང་གེར་དགོས་པ་ནི་མིང་རྫིགས་པོ་དང་། འདྲ་ཆགས་པོ་ཡིན་སྟབས་ཁོས་ཁོ་རང་གི་ལས་ཡུན་རིང་དངུལ་རྙོག་གཙང་སེལ་བཟོ་འདོད་མེད་པར། མི་མང་གི་མདུན་ལ་འདྲ་ཆགས་པོ་དང་རྫིགས་ཉམས་བསྟན་ནས་དོན་དུ་བོད་མི་མང་ལ་མགོ་སྐོར་གཏོང་གི་ཡོད།

      Reply
  12. དོན་གྲུབ་བཟང་པོ། says:
    ལོ་ 8 སྔོན།

    མི་འཇོན་ཐང་ཡོད་པ་དེ་དག་ཕྱག་ལས་གནད་འགག་ཡོད་སར་བཞག་དགོས་པ་ལས་ངོ་དགའ་སྤྲེལ་ལས་ཀྱི་བོད་ཀྱི་རྩ་དོན་ལ་ཕན་ཐོགས་གང་ཡང་མེད་དོ།

    Reply
  13. བསྟན་འཛིན་འཇམ་དབྱངས། says:
    ལོ་ 8 སྔོན།

    གསལ་བསྒྲགས་ཡ་མཚན་རེད་འབྲེལ་བཤད་ཅང་མེད་པའི་་་་་་

    Reply
  14. བསམ་གྲུབ། says:
    ལོ་ 8 སྔོན།

    ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཁོ་ན་ལ་བརྟེན་ནས་ད་ལྟ་ང་ཚོ་ལ་བཙན་བྱོལ་གཞུང་ཞིག་བཙུགས་བཞག་པ་དེའི་ནང་སྐུ་ངོ་སྲིད་སྐྱོང་གི་དབུས་བཀའ་བློན་དང་། དཔོན་རིགས་ཚོས་འཁྲབ་བཞིན་ཡོད་དམ། ད་དུང་མིན། ནམ་ཞིག་ན་ཁྱོད་ཚོས་འཁྲོབས་ཨོ། ད་དུང་༸གོང་ས་མཆོག་གསེར་ཞལ་འཚོ་བཞུགས་ཀྱི་རིང་ལ་ཁྱོད་ཚོས་ཁོང་གི་ཐུགས་དགོངས་མ་དཀྲུགས་ཨོ། ཁྱོད་ཚོས་འཁྲབ་ཡ་དེ་ཚོ་མ་འོངས་པ་ན་ཡིན་ཏཱ།

    Reply
  15. ཀརྨ་བཟོད་པ། says:
    ལོ་ 8 སྔོན།

    གསལ་བསྒྲགས་སྔོན་ལ་བཏང་ནས་ཚོགས་བསྡུ་རྗེས་ལ་ཚོགས་པ་ནི་སུའི་ལུགས་ཡིན་ནམ།

    Reply
  16. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    གཏན་ཉིན་སློབ་གྲའི་གནས་སྟངས་དཀའ་ངལ་ནང་ཡོད་པའི་སྐབས་འདིར་མཐོ་རིམ་ལས་བྱེད་གནས་སྤོས་གནང་རྒྱུ་དེ་སྤྱི་ཚོགས་ཀྱི་དགོས་མཁོ་ལས་ཀྱང་ལས་བྱེད་པའི་མདུན་ལམ་དེ་གལ་བ་ཆེ་ཡིན་ནམ་།

    Reply
  17. ཐོས་པ་དགའ། says:
    ལོ་ 8 སྔོན།

    གནས་ཚུལ་ཁ་གསལ་མེད་པའི་གསལ་བསྒྲགས་འདི་འདྲ་ཅི་ཡིན་ནམ། ད་ལྟའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་པའི་སྐོར་ཚིག་གཅིག་ཀྱང་གསལ་མེད་པ་ཅི་ཡིན་ནམ།

    Reply
  18. gendun says:
    ལོ་ 8 སྔོན།

    ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཟིན་ན། ད་ལྟའི་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་གི་སྐོར་ཡང་གསལ་བོ་འཁོད་དགོས་ངེས་ཤིག་རེད།

    Reply
    • pema gyalpo says:
      ལོ་ 8 སྔོན།

      ཚང་མ་ལ་དེ་དེ་བཞིན་བསམ་ཚུལ་ཤུགས་ཆེན་པོ་འདུག་གོ

      Reply
      • བློ་འཕེལ། says:
        ལོ་ 8 སྔོན།

        བཀའ་ཤག་གི་ལས་དོན་གནང་ཕྱོགས་ལ་འགྲིག་མིན་དང་། ཁྲིམས་སྒྲིགས་དང་འགལ་བའི་གནད་དོན་ཡོད་ན་བོད་མི་མང་གི་སྤྱི་འཐུས་ཀྱིས་ཞིབ་འཇུག་དང་འགྲོ་གླེང་ཡོང་དགོས་ཡོད་པ་ལས་མི་མང་གིས་ཁྲིམས་སྒྲིགས་རྩིས་མེད་ཀྱིས་སྤེན་ཚེ་ལ་སྤྲེལ་ལད་འཁྲབ་ན་རྨོངས་གཉིད་ལས་མ་གྲོལ་བ་རང་རེད་་་་་་

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese