མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་ཙེ་ཏུང་གི་ཡང་སྲིད།

བོད་ཀྱི་དུས་བབ།
༢༠༡༨/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

ནམ་མཁའ།

རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་དོན་སྣང་བྱེད་མཁན་ཞིག་ཡིན་ཚེ། ཁ་སང་དེ་རིང་གླིང་གཞི་གསར་པ་ཞིག་དང་འབྲེལ་སེམས་འཕྲལ་གྱི་ནང་དུ་སླེབས་ཡོད། ཡིན་ན་ཡང་། བཙན་བྱོལ་སྤྱི་ཚོགས་ཀྱི་འགོ་བཀའ་ཤག་ནས་སྨད་མི་དམངས་དཀྱུས་མ་ཚོའི་བར། དོན་སྣང་བྱེད་ཡུལ་ནི་བཙན་བྱོལ་བོད་མིའི་བར་གྱི་རྙོག་འཛིང་ཆུང་ཚགས་རིགས་ཡིན་པ་ལས། ང་ཚོའི་ཁ་གཏད་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་ཕྱོགས་སུ་དེ་ཙམ་གྱིས་དོ་སྣང་མེད་པར་འཇམ་ཐིང་ངེར་གྲགས་འགུལ་ཙམ་ཡང་མེད་པར་འདུག་མོད། འོན་ཀྱང་། ངས་དེ་རིང་གི་གླིང་གཞི་ནི་བཙན་བྱོལ་བོད་མིའི་བར་གྱི་རྙོག་འཛིང་དེ་མིན་ལ། ༧གོང་ས༧མཆོག་གིས་སྨན་བཅོས་ཅི་ལྟར་བྱས་ཀྱང་། འགོ་བཀའ་ཤག་ནས་མི་དམངས་དཀྱུས་མ་ཚོའི་བར་དྲགས་རྒྱུ་མེད་པའི་ན་ཚ་ཞིག་ཡོད་པ་སྟེ། ཆོལ་ཁའི་འཐེན་འཁྱེར་གྱི་མཁྲིས་ནད་དེ་དེ་བས་ཀྱང་གླེང་འདོད་མི་འདུག

འོ་ན་དེ་རིང་འདིར་གླེང་འདོད་པ་ནི། རྒྱ་ནག་གི་གྲོས་ཚོགས་མ་ཚོགས་པའི་ཡར་སྔོན་ཁྲིམས་ལུགས་བསྒྱུར་བཅོས་ཀྱི་གྲོས་གཞི་བཏོན་པ་དེ་ཡིན། སྤྱིར་འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་ཁྲིམས་ལུགས་ལ་སྣོན་འཕྲི་དང་བསྒྱུར་བཅོས་གཏོང་གི་ཡོད། ཡིན་ན་ཡང་། ད་ཐེངས་ཀྱི་རྒྱ་ནག་གི་ཁྲིམས་ལུགས་བསྒྱུར་བཅོས་ཀྱི་ནང་ཚན་གཅིག་སྟེ། སྲིད་འཛིན་དང་སྲིད་བློན་གྱི་དུས་ཡུན་ཐེངས་གཉིས་ལས་བསྡད་༼མི་ཆོག་པའི་༽ཚད་བཀག་བཟོས་ཡོད་པ་དེ། དུས་ཡུན་ལ་ཚད་བཀག་མེད་པར་ཐེངས་གཉིས་ལས་བསྡད་༼ཆོག་པ་༽བཟོ་དགོས་པའི་གྲོས་གཞི་བཏོན་པ་འདི་རེད། གྲོས་གཞི་འདིས་གང་ཞིག་སྟོན་གྱི་ཡོད་དམ་ཟེར་ན། མའོ་ཙེ་ཏུང་གི་དུས་སྐབས་སུ་བསྐྱར་ལོག་རྒྱག་འདོད་པ་དེ་རེད། དེའི་རྐྱེན་འཛམ་གླིང་གི་ཆབ་སྲིད་དཔྱད་བརྗོད་པ་ཚོས་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར་བ་རེད།

མའོ་ཙེ་ཏུང་གི་སྐབས་སུ་ཁོའི་མི་ཚེ་གང་བོར་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་སྟེ། དབང་འཛིན་པ་ནང་ཁུལ་ནས་ཆབ་སྲིད་ཀྱི་ལྟ་གྲུབ་མ་མཐུན་ཚེ། མཆོངས་བསྐྱོད་ཆེན་པོ་དང་རིག་གནས་གསར་བརྗེ་སོགས་ཀྱི་ལས་འགུལ་སྤེལ་ཏེ། ཁོ་རང་མཉམ་པའི་སྲིད་དབང་འཛིན་མཁན་ཚོར་གསར་བརྗེ་ངོ་ལོག་པ་དང་གྲལ་རིམ་འཐབ་རྩོད་སོགས་ཀྱི་མིང་སྣ་མང་ཞིག་གི་འོག་ནས། བཙོན་ཁང་དུ་བཅུགས་པ་བཞིན་མི་དམངས་དཀྱུས་མ་ཚོ་ལ་ཡང་མནར་གཅོད་བཏང་སྟེ། མི་དམངས་ས་ཡ་ཁ་ཤས་ཀྱི་ཚེ་སྲོག་བཅད་པས་མའོ་འཛམ་གླིང་གི་ལག་དམར་བཞིའི་གྲལ་དུ་བཞག་པ་རེད། གནས་ཚུལ་འདི་ཉམས་མྱོང་ལ་བཞག་སྟེ་ཏིན་ཞའོ་ཕིན་གྱིས་བསྒྱུར་བཅོས་བྱས་ནས་སྲིད་འཛིན་གྱི་དུས་ཡུན་ལ་ཚད་བཀག་བཟོས་པ་རེད།

དེ་རིང་ཞི་ཅིན་ཕིན་གྱིས་ཁྲིམས་ལུགས་བསྒྱུར་བཅོས་ཀྱི་དོན་ཚན་གཅིག་སྟེ། སྲིད་འཛིན་དུས་ཡུན་ལ་ཚད་བཀག་མེད་པར་བཟོ་རྒྱུའི་གྲོས་བཏོན་སྟབས། རྒྱ་ནག་ནང་ཁུལ་ནས་ཆབ་སྲིད་ཀྱི་བསམ་བློ་ཡོད་མཁན་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཁ་ཤས་ཀྱིས་སྙན་ཞུ་ཡང་ཕུལ་ཡོད། ཁ་སང་དེ་རིང་གི་རྒྱ་ནག་གི་རྒྱལ་ཁབ་སྐྱོང་ལུགས་ལ་བལྟས་ཚེ། ཁྲིམས་ལུགས་བསྒྱུར་བཅོས་བཏང་ཡང་རུང་མ་བཏང་ཡང་རུང་། ཁྲིམས་ཀྱིས་དབང་བསྒྱུར་མི་བྱེད་པར་དབང་ཤུགས་བཀོལ་སྤྱོད་ཀྱིས་དབང་བསྒྱུར་བྱེད་བཞིན་ཡོད་པ། སྲིད་འཛིན་ཞི་ཅིན་ཕིན་ཁོ་རང་གིས་ཀྱང་ཁས་ལེན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི། ཁོ་རང་གིས་ཚོགས་ཆེན་༡༩ཐོག་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བ་ལ་འབད་བརྩོན་བྱེད་དགོས་ཞེས་ཐེངས་འགར་གླེང་ཡོད་པ་འདིས་ཤེས་ཐུབ། གལ་སྲིད་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་གི་ཡོད་ཚེ། ཁྲིམས་ལྟར་སྐྱོང་བ་ལ་འབད་བརྩོན་བྱེད་དགོས་ཞེས་བཤད་དགོས་དོན་མེད། སྐད་ཆ་འདིའི་ཤུགས་སུ་རྒྱ་ནག་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་གི་མེད་པ་གསལ་བོར་བསྟན་ཡོད།

གང་ལྟར་ཀྱང་། ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་སྲིད་དབང་འཕྲོག་རྩོད་ཀྱི་རྙོག་འཛིང་གི་ལམ་ལ་ཞུགས་ཏེ། མའོ་ཙེ་ཏུང་གིས་གསར་བརྗེ་ངོ་ལོག་པ་དང་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་ལྟར། སྲིད་འཛིན་ཞི་ཅིན་ཕིན་གྱིས་ཀྱང་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་སྤེལ་ནས་ཁྲུང་ཆིན་གྱི་སྤྱི་ཁྱབ་ཧྲུའུ་ཅི་པའོ་ཞི་ལེ་ནས་འགོ་བརྩམས་ཏེ། རྒྱ་ནག་གི་གནད་ཡོད་འགོ་ཁྲིད་ཆིག་འབུམ་ཙམ་བཙོན་ཁང་དུ་བཅུགས་ཡོད་སྟབས། མའོ་ཙེ་ཏུང་གི་བྱེད་སྟངས་དང་སྲིད་འཛིན་ཞི་ཅིན་ཕིན་གྱི་བྱེད་སྟངས་བར་ལ་མིང་འདོགས་སྟངས་ཙམ་ལས་ཁྱད་པར་ཅི་ཡང་མི་འདུག་པས། ངས་མའོ་ཙེ་ཏུང་གི་ཡང་སྲིད་ཅེས་འབོད་ཀྱི་ཡོད།

ལྷག་པར་དུ་ད་ཐེངས་ཀྱི་ཁྲིམས་ལུགས་བཅོས་བསྒྱུར་ནང་ཚན་གྱི་སྲིད་འཛིན་དུས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུའི་གྲོས་གཞི་འདིས། མའོ་ཙེ་ཏུང་བཞིན་མི་ཚེ་གང་བོར་སྲིད་དབང་བཟུང་འདོད་པ་རེད་སྙམ། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ནས་བཤད་ན།༼༡༽ ཕྱོགས་གཅིག་ནས་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་འདིའི་འོག་ནས་མི་མང་པོ་ཞིག་ཁོའི་དགྲ་ཟླར་གྱུར་ཡོད་ལ། གལ་སྲིད་ལོ་ལྔའི་རྗེས་སུ་ཁོའི་སྲིད་དབང་གི་གོ་གནས་བརྗེ་བའི་ཉིན་མོར། མའོ་ཙེ་ཏུང་འདས་རྗེས་སུ་ཏིན་ཞོའོ་ཕེན་གྱིས་མའོ་ཙེ་ཏུང་ལ་སྙིང་ནད་བརྩད་དེ། མའོ་ཡི་ཆུང་མ་ཅང་ཆིན་བཙོན་ཁང་ལ་བཅུགས་པ་ལྟར། ཁོ་དང་ཁོའི་ནང་མི་ད་རུང་ཁོའི་ཕྱོགས་གཏོགས་པ་ཡོངས་མི་ཚེ་ཐ་མ་བཙོན་ཁང་ནང་བསྐྱལ་མི་དགོས་པའི་ངེས་པ་མེད་པས། སྲིད་འཛིན་གྱི་དུས་ཡུན་ཚད་བཀག་བཟོས་ཡོད་པ་དེ་ཚད་བཀག་མེད་པ་བཟོ་འཆར་ཡིན་སྲིད།

༼༢༽ཞི་ཅིན་ཕིན་ཁོ་རང་སྲིད་འཛིན་གྱི་རྐུབ་སྟེགས་ཐོག་སླེབས་མ་ཐག་རྒྱ་ནག་གི་རྨི་ལམ་ཞེས་གཏམ་བཤད་སྤེལ་ཡོད། རྒྱ་ནག་གི་རྨི་ལམ་ནི་སྲིད་འབྱོར་རིག་གསུམ་འཛམ་གླིང་ཡང་རྩེར་སོན་ཏེ། འཛམ་གླིང་ལ་བཀོད་འདོམས་བྱེད་འདོད་པ་དེ་རེད། རྒྱ་ནག་གི་རྨི་ལམ་དེ་ད་རུང་འགྲུབ་ཐུབ་མེད་པས། ཁོའི་རྨི་ལམ་དེ་མངོན་འགྱུར་བྱེད་ཆེད་ཡིན་སྲིད། དེ་མིན་ལྐོག་ཟ་རུལ་སུངས་ནི་ནམ་ཡང་གཙང་སེལ་བྱེད་མི་ཐུབ་པ་གསལ་བོ་ཁོས་ཤེས་ཡོད་ངེས་རེད། ཐ་ན་ཁོའི་ལག་རོགས་དང་བློ་གཏོད་ཡུལ་ཝང་ཅིའི་ཧྲན་གྱིས་ལྐོག་ཟ་བྱས་ཡོད་ཚུལ། རྒྱ་ནག་གི་ཕྱུག་བདག་ཀོ་ཝིན་གོ་ཡིས་གསལ་བཤད་ཡང་ནས་བསྐྱར་དུ་བདེན་དབང་ཡིག་ཆ་དང་བཅས་པ་བསྟན་ཡོད་པས། ལྐོག་ཟ་རུལ་སུངས་ནམ་ཡང་གཙང་སེལ་བྱེད་མི་ཐུབ་པ་ཤེས་ཡོད་པ་རེད།

༼༣༽རྒྱ་དོག་པས་ཕོངས་བོད་རེ་བས་ཕོངས་ཟེར་བ་ལྟར་ཡིན་སྲིད་མོད། འོན་ཀྱང་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བཤད་ན། ཞི་ཅིན་ཕིན་ཁོ་རང་སྲིད་འཛིན་ལ་བསྡད་དེ་འདས་བའི་ལོ་ལྔའི་རིང་ལ། བོད་སོག་ཡུ་གུར་གསུམ་གྱི་གནད་དོན་ཅི་ཡང་ཐག་གཅོད་བྱེད་མ་ཐུབ་པར་ལུས་ཡོད། ཐ་ན་འདིའི་སྐོར་ནས་བཙན་བྱོལ་སྤྱི་ཚོགས་ལ་ཚུར་འབྲེལ་ལམ་ཙམ་ཡང་ཡོངས་ཁྱབ་བྱས་ནས་བསྒྲགས་ཐུབ་མེད་མོད། འོན་ཀྱང་ཁོ་རང་གི་སེམས་སུ་སྔོན་མའི་སྲིད་འཛིན་ཚོ་ལས། བོད་རྒྱ་གྲོས་མོལ་བྱེད་འདོད་ཡོད་པ་ཕྱོགས་སྣེ་མང་པོ་ཞིག་ནས་ཤེས་ཐུབ། བོད་རྒྱའི་བར་གྱི་གནད་དོན་ནི་རྒྱ་ནག་ལ་མཚོན་ནས་བཤད་ན་སླ་ང་ཚ་བོ་ཞིག་ལག་པའི་ནང་བཟུང་ཡོད་པ་དང་གཅིག་མཚུངས་ཡིན། ཡིན་ན་ཡང་། བོད་རིགས་དྲ་འབུ་ཚོ་ཕྲན་གྱི་དཔེ་མཚོན་དེ་ལ་གད་མོ་ཤོར་སྲིད་མོད། འོན་ཀྱང་དཔེ་མཚོན་འདི་ནི་དངོས་ཡོད་དང་མཐུན་པ་ཞིག་ཡིན། སོག་པོ་དང་ཡུ་གུ་བའི་གནད་དོན་དང་བསྡུར་ནས་བལྟས་ཚེ། བོད་ཀྱི་གནད་དོན་འདི་དེང་སང་རྒྱལ་སྤྱིའི་སྟེང་སླེབས་ཡོད་པ་མ་ཟད། ཡོ་རུབ་དང་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཚོས་རྒྱ་ནག་དང་ཁ་གཏད་གཅོག་དགོས་ཚེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཅོག་ཙེའི་ཐོག་འཇོག་གི་ཡོད། དེའི་རྐྱེན་བོད་ཀྱི་གནད་དོན་ནི་ཆེས་ཤིན་ཏུ་རིན་ཐང་ཆེ་བའི་སླ་ང་ཚ་བོ་ཞིག་ལག་པའི་ནང་བཟུང་བ་ལྟར་གྱུར་ཡོད། རྒྱ་ནག་དམར་ཕྱོགས་ཚོགས་པའི་སྲིད་འཛིན་སྔོན་མ་སུས་ཀྱང་ཐག་གཅོད་བྱེད་མ་ཐུབ་པ་ཞིག་སྲིད་འཛིན་ཞི་ཅིན་ཕིན་ལ་དེ་བྱེད་ཐུབ་པའི་སྙིང་སྟོབས་འདུག་སྙམ།

གང་ལྟར་ཡང་ཕྲན་གྱི་བསམ་ཚུལ་ལ། ཕྱོགས་གང་ནས་བལྟས་ཀྱང་སྲིད་འཛིན་གྱི་དུས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུའི་གྲོས་གཞི་དེ་ལག་བསྟར་བྱེད་ངེས་རེད། རྒྱུ་མཚན་ནི། མཐར་གཏུགས་ན་ཁོ་དང་ཁོའི་ནང་མིའི་བདེ་འཇགས་ལ་བསམ་བློ་བཏང་ཚེ་ཡང་ཁྲིམས་དེ་བསྒྱུར་བཅོས་བྱེད་ངེས་རེད། དེ་མིན་གོང་དུ་ཞུས་པ་བཞིན་ཏིན་ཞོའོ་ཕེན་གྱིས་མའོ་ལ་སྙིང་ནད་བརྩད་པ་ལྟར་འབྱུང་བ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༨ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༨ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༡༠ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡༡ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

མཆན། 3

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    མི་གི་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཀྱང་འགྱུར་བའི་འོག་ནས་བརྗེ་ལེན་དང་བརྗེ་ལེན་འོག་ནས་ཡར་རྒྱས་འགྲོ་དགོས་པ་ལྟར་རྒྱ་ནག་ཙམ་མ་ཟད་འཛམ་གླིང་ཧྲིལ་པོའི་ཆབ་སྲིད་ལམ་ལུགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་མིའི་ཐོབ་ཐང་མང་གཙོ་དང་འཁོར་ཡུག་སྲུངས་སྐྱོབས་ཤེས་ཡོན་སློབ་གསོ་བཟང་སྤྱོད་སོགས་ལ་འགྱུར་བ་འགྲོ་དགོས་པ་ནི་དུས་རབས་དང་བསྟུན་ནས་རྗེས་ཟིན་དགོས་པ་ལས་དུས་ཚོད་ལ་རེ་སྒུགས་ནམ་ཡང་བྱ་མི་ཉན་ནོ་།

    Reply
  2. བཀྲིས་དོན། says:
    ལོ་ 8 སྔོན།

    རྒྱབ་ལྗོངས་ལོ་རྒྱུ་དང་རྒྱུ་མཚན་བརྗོད་པ་ཁག་ཡག་པོ་འདུག ཐུགས་རྗེ་ཆེ།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་འགྲོ་དགོས་པ་རེད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་དེ་བས་ཀྱང་འགྱུར་བ་འགྲོ་དགོས་པ་རེད་ལ་འགྱུར་བ་ཚང་མ་སྡུག་པ་ངོས་འཛིན་མི་ཉན་ལ་འགྱུར་བ་ཚང་མ་ཡག་ག་ལ་ངོས་འཛིན་མི་ཉན་འགྱུར་བའི་འོག་ནས་སྤྱི་ཚོགས་ཡར་རྒྱས་འགྲོ་དགོས་པ་ནི་རྙིང་དོར་བཅུད་ལེན་ཟེར་བའི་ཆབ་སྲིད་ཀྱི་གཏམ་དེ་མ་རེད་དམ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese