མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་གཏན་སློབ་ཁག་ཏུ་འཇོག་པ་ནི་ཕ་མས་བུ་ཕྲུག་གི་འཚར་ལོངས་ལ་འགན་མ་ཁུར་བའི་མཚོན་རྟགས་རེད།

བོད་ཀྱི་དུས་བབ།
༢༠༡༨/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྡོ་སྦིས་ཟླ་བ་ཚེ་རིང།

འུ་ཚོའི་ཕ་མ་ཚོས་བྱིས་པའི་འཚར་ལོངས་ཀྱི་ཆེད་དུ་སློབ་གསོ་ཅི་ཞིག་བསླབ་མྱོང་ངམ། འུ་ཚོའི་ཕ་མ་ཚོས་བྱིས་པའི་འཚར་ལོངས་ཀྱི་ཆེད་དུ་བློས་བཏང་ཅི་ཞིག་བྱ་མྱོང་ངམ། འུ་ཚོས་ཕ་མ་ཚོས་བྱིས་པའི་འཚར་ལོངས་ཀྱི་ཆེད་དུ་དཔེ་དེབ་ཅི་ཙམ་བཀླགས་མྱོང་ངམ། ཟེར་བའི་དྲི་བ་འདི་དག་ནི་ནུབ་གླིང་གི་མགོ་སེར་བོའི་ཕ་མ་ཚོར་ཆེད་རྒྱུན་ལྡན་གྱི་དྲི་རྟགས་ཤིག་ཡིན་ནའང། རང་ཅག་ཁ་བ་བོད་ཀྱི་བྱམས་བརྩེ་སེམས་ས་བོན་དུ་སྒོམ་པའི་དྲིན་ཅན་ཕ་མ་ཚོར་མཚོན་ན་བསམ་བློ་གཏོང་རིན་ཡོད་པའི་དྲི་རྟགས་རྣལ་མ་ཞིག་རེད། དེ་ནི་འུ་ཚོ་ལ་བྱིས་པའི་གཉོར་སྐྱོང་སྐོར་གྱི་སློབ་གསོའི་གླེགས་བམ་དཀོན་པས་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་འུ་ཚོའི་ཕ་མ་ཚོས་བྱིས་པ་སློབ་གྲྭར་བཏང་ན་ཡོད་ཚད་ཤེས་ངེས་ཡིན་སྙམ་པའི་སེམས་ཚོར་འདིས་བྱིས་པ་ལོ་ངོ་བདུན་བརྒྱད་ནས་བཟུང་སྟེ་ཕ་མའི་རིམ་ཁ་དྲོད་མོ་དང་བྲལ་ནས་གཏན་སློབ་ཏུ་འཇོག་ཅི་ཐུབ་བྱེད་ཀྱི་ཡོད་ལ། བཞག་ཐུབ་པ་དེ་ཡང་ཕ་མ་ཚོའི་སེམས་སུ་ཕྲུ་གུའི་མདུན་ལམ་གྱི་ཆེད་དུ་ཡིན་སེམས་ཀྱི་ཡོད་མོད། ཡིན་ནའང་ཕྲུ་གུ་ཚོ་བཅའ་སྡོད་སློབ་གྲྭ་རུ་བཞག་པའི་ཉིན་དང་པོ་དེ་ནས་བཟུང་སྟེ་སེམས་སུ་དཀའ་སྡུག་འཕར་མ་ཞིག་གིས་གཅུན་ནས་ཡོང་བར་མ་ཟད་། ཉིན་མཚན་མེད་པར་བྱིས་པ་དེ་དག་གི་ངོ་གདོང་སྟོན་ས་ནི་སློབ་ཚན་དགེ་རྒན་གྱི་ཁ་བརྡུང་དང་སློབ་གྲྭའི་མ་མས་ཉེས་བརྡུང་གི་ཁོར་ཡུག་ཅིག་གི་འོག་ནས་གསེར་དང་འདྲ་བའི་སྔ་དགོང་གི་དུས་ཚོད་དེ་སློབ་གྲྭའི་སྒྲིག་གཙོ་ཞིག་གིས་དོན་མེད་དུ་རྫོགས་ཀྱི་ཡོད་པ་འདི་རེད།

སྤྱིར་འགྲོས་ལྟར་སློབ་གྲྭ་ནི་ཤེས་ཡོན་སྣ་ཚོགས་བསླབ་སའི་ཁོར་ཡུག་ཅིག་རེད་མ་གཏོགས་བྱིས་པའི་སེམས་ཀྱི་དཀའ་སྡུག་ཞུ་ས་དང་ལུས་གཟུགས་བདག་སྐྱོང་བྱེད་སའི་ཁོར་ཡུག་ཅིག་དེ་ལས་ཀྱང་མ་རེད། སློབ་གྲྭ་ནི་ཤེས་ཡོན་འགྲན་བསྡུར་གྱི་ཁོར་ཡུག་ཅིག་རེད་མ་གཏོགས་སྤྲོ་སྐྱིད་གཏོང་ས་དང་ལྗོངས་རྒྱུ་བྱེད་སའི་ཁོར་ཡུག་ཅིག་དེ་ལས་ཀྱང་མ་རེད། སློབ་གྲྭ་ནི་མི་ཚེའི་རིན་ཐང་འཇལ་སའི་ཁོར་ཡུག་ཅིག་རེད་མ་གཏོགས་ལྷོད་ཡངས་གཏོང་ས་དང་བདག་མེད་ཡོང་སའི་མགྲོན་ཁང་ཞིག་དེ་ལས་ཀྱང་མ་རེད། དེ་བས་གནས་མཆོག་འདི་ནས་བླུན་པོ་ཞིག་མཁས་པར་བཟོ་སྲིད་ལ་མི་བཟང་ཞིག་མི་ངན་ལའང་འགྱུར་སྲིད། རྒྱུ་མཚན་དེའི་ན། ཕ་མ་ཚོས་བྱིས་པའི་མདུན་ལམ་ཡོད་ཚད་སློབ་གྲྭ་དང་དགེ་རྒན་ལ་བཅོལ་བ་ནི་གླེན་རྟགས་ཁོ་ནའོ།།

དགེ་རྒན་ཚོས་བྱིས་པའི་ཕ་མ་ལྟར་བརྩེ་བ་ཁྱད་མཉམ་ཞིག་དུས་ཚོད་དང་གྲངས་འབོར་གྱི་དབང་གིས་སྤྲད་ཁག་པས། འདི་དག་གི་འགན་ཁུར་གཙོ་བོ་ནི་ཕ་མ་ཚོར་ཡོད་ལ། ཕ་མ་ནི་བྱིས་པའི་དགེ་རྒན་དང་ཤོས་དེ་ཡིན་ཟེར་བའི་རྒྱུ་མཚན་ཡང་འདི་ན་ཡོད། མ་ཟད་ཕ་མའི་བརྩེ་བ་ནི་དགེ་རྒན་ལས་ལྷད་མེད་པ་ཞིག་དང་དགེ་རྒན་ལས་འདང་ཆེ་བ་ཞིག་ཡིན་པ་དྲིན་ཅན་ཕ་མ་ཟེར་བའི་མིང་རྡོག་རྡོག་ལས་ཤེས་ཐུབ། ལྷག་པར་དུ་བྱིས་པའི་སེམས་ཐག་ཉེ་ས་དང་བརྩེ་བ་བྱེད་ས་ཡང་ཕ་མའི་བརྩེ་བ་ཡིན་པས། ཕ་མ་ལས་བྱིས་པའི་སེམས་སུ་བདེ་སྐྱིད་ཅིག་དང་རེ་བ་ཞིག་འཁོར་གྱིན་ཡོད་པའི་ན། སེམས་ཁམས་སྐྱིད་པོ་དང་རེ་བ་འཕར་མ་ཞིག་གི་ཐོག་ལ་སློབ་གྲྭའི་སློབ་གསོ་སྣོན་ཐུབ་ཚེ་ད་གཟོད་མི་བུ་ཚོར་ཤུགས་ཅན་ཞིག་དང་ཤེས་རྟོགས་ཐུབ་མཁན་ཞིག་ཡོང་ངེས་རེད། གང་ལྟར་སྐད་ཆ་དྲང་མོ་བཤད་ན། བློས་གཏོང་ཅི་ཙམ་བྱས་ན་འབྲས་བུ་དེ་བཞིན་སྨིན་པ་ནི་ས་བོན་ཅི་ཞིག་བཏབས་ན་སྟོན་འབྲས་དེ་ག་རང་སྨིན་པའི་དཔེར་ཡིན་མོད། འུ་ཚོའི་ཕ་མ་ཚོས་བྱིས་པའི་ཆེད་དུ་དཀའ་ལས་གཅིག་ཀྱང་མི་རྒྱག་པར་རེ་བ་ཆེན་པོ་ཞིག་བཟུང་བ་ནི་འཇའ་ཚོན་ལ་ལག་འཇུ་བྱ་འདོད་ཀྱི་སེམས་ཚོར་སྟོང་པ་ཡིན་པས། བྱིས་པའི་ཆེད་དུ་དུས་ཚོད་གཏོང་དགོས་ལ། བྱིས་པའི་མཉམ་དུ་གླེང་མོལ་བྱ་དགོས། བྱིས་པའི་ཆེད་དུ་རྩེད་མོ་ཡང་རྩེས་དགོས་པའི་ན། བྱིས་པའི་སེམས་སུ་ཕ་མ་ནི་བློ་གཏོང་སའི་དྲིན་ཅན་གྱི་ཕ་མ་ཡིན་པར་མ་ཟད། སེམས་གཏམ་བཤད་སའི་གྲོགས་པོའང་ཡིན་མོད། ཡིན་ནའང། འུ་ཚོའི་ཕ་མ་ལ་ལ་ཡིས་ཁེ་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་དུས་ཚོད་ཡོད་ཚད་རང་དོན་དུ་བཏང་ནས་བྱིས་པ་གཏན་སློབ་ཏུ་མངགས་ཀྱི་ཡོད་ལ། འུ་ཚོའི་ཕ་མ་ལ་ལ་ཡིས་ཞོགས་པ་སྔ་ལངས་དང་ཟས་བསྐོལ་གཡོས་སྦྱོར་ལ་ཉོབ་ནས་བྱིས་པ་གཏན་སློབ་ཏུ་བཏང་གིན་ཡོད། འདི་ལྟར་འུ་ཚོའི་ཕ་མ་ཚོས་དུས་ཚོད་དང་བློས་གཏོང་ཅུང་ཙམ་ཡང་མི་བྱེད་པར་རེ་བ་འཐོན་པོ་ཞིག་བཟུང་བ་ནི་རྨི་ལམ་མ་ཡིན་ནམ།

སྤྱིར་བྱིས་པའི་མདུན་ལམ་ལམ་ལྷོང་ཡོང་པར་འཇམ་རྩུབ་གཉིས་ཀྱི་སློབ་གསོ་མཁོ་བ་ནི་མིའི་རིགས་ཀྱི་རྒྱུན་ལྡན་གྱི་འགྲོ་ལུགས་ཤིག་ཡིན་པས། ཁྱིམ་དང་སློབ་གྲྭའི་སློབ་གསོ་ཟུང་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་བྱིས་པའི་དམིགས་ཡུལ་ལེགས་འགྲུབ་བྱ་རྒྱུ་ནི་ཕ་མ་དང་དགེ་རྒན་གཉིས་ཀྱི་འོས་འགན་རེད་མ་གཏོགས་དགེ་རྒན་ཁོ་ནའི་ཡོང་པའི་ལས་ཁུར་སླ་མོ་ཞིག་གཏན་ནས་མ་རེད། ཡང་ཕ་མ་ལ་ལས་བྱམས་སེམས་ལག་པ་རིང་དུ་བརྐྱངས་ནས་བྱིས་པའི་ལག་ཟུང་དུ་དངུལ་ལོ་མཐུག་པོ་འདོད་མེད་དུ་སྦྱིན་པ་དང་། བརྩེ་བའི་ལག་ཟུང་གཡང་མོར་རིང་དུ་བསྲེངས་ནས་བྱིས་པའི་མིག་ཟུང་ལ་ཀུ་ཤུ་ཁ་པར་བརླན་དུ་འཇུག་པ་ནི་བྱིས་པའི་འཚར་ལོངས་ལ་ཕན་པའི་ལྷད་མེད་སློབ་གསོ་ཞིག་ཨེ་ཡིན་ནམ་སྙམ། གང་ལྟར་ད་དུང་འདི་དང་འདི་འདྲ་བའི་གཏམ་རྒྱུད་མང་པས། ཕ་མ་ཁ་ཤས་ཀྱིས་བརྙན་འཕྲིན་ཆེན་པོ་ཞིག་ལ་ལྟ་ཞོར་མདུན་གྱི་བྱིས་པ་ལ་སློབ་སྦྱོང་བྱོས་ཟེར་ནས་རྫིག་རྫིག་དང་ཏན་ཏན་གྱིས་སྐུལ་མ་བྱ་ལ། ཕ་མ་ཁ་ཤོས་ཀྱིས་སྐད་འཕྲིན་དོན་མེད་གླེང་དུ་འཛུལ་ནས་ཧ་ཧ་དང་ཧོ་ཧོ་ཡི་སྨྱོན་གཏམ་བཤད་ཞོར་མདུན་གྱི་བྱིས་པ་ལ་ནང་སྦྱོང་བྱོས་ཟེར་ནས་བསླབ་བྱ་གནང་མཁན་གྱི་ཕ་མ་འདི་དག་གི་བྱིས་པའི་དགེ་རྒན་ཚོ་ནི་དངོས་གནས་སྙིང་རེ་རྗེ་ཨང།

 

 

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 8 སྔོན།

    དེང་སང་ང་ཚོའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་གསལ་སྟོན་གནང་འདུག་པ་བཀྲིན་ཆེ་ཐུགས་རྗེ་ཆེ་ཁ་བྲོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese