མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོཊ་འདུར་ཆོས་ལུཊ་བར་གུས་བརྩི་དགོས་པའི་གསུང་འཕྲིན་བསྩལ།

བོད་ཀྱི་དུས་བབ།
༢༠༡༨/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་འདུ་ཐེངས་དང་པོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་འཕྲིན་བསྩལ་ཏེ་ཆོས་ལུགས་ཚང་མར་གུས་བརྩི་བྱས་ཏེ་འགྲོ་བ་མི་སྤྱི་ལ་ཞབས་འདེགས་སྒྲུབ་དགོས་པ་གལ་ཆེན་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ནས་ཉིན་ ༣ རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག  ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་ནས་ཕྱི་སྲིད་བློན་ཆེན་ ༤༠ ཙམ་ཕེབས་ཡོད་པ་དང་། དེ་བཞིན། ཆོས་ཕྱོགས་ཀྱི་དབུ་འཁྲིད་དང་སྐུ་ཚབ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་མི་གྲངས་ ༤༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག ཐེངས་འདིའི་ཚོགས་འདུའི་ཐོག་༧གོང་ས་རྒྱལ་བ་རིན་པོའི་སྐུ་ཚབ་ཏུ་དེ་མོ་རིན་པོ་ཆེ་བསྟན་འཛིན་ཕུན་ཚོགས་མཆོག་ཕེབས་ཡོད་པ་དང་། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་བོད་ནང་གི་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད། གཞན་ཡང་། ཚོགས་འདུའི་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་རྣམ་གཉིས་ཀྱང་ཕེབས་ཡོད་འདུག

ཐེངས་འདིའི་ཚོགས་འདུ་ཐོག་ཏུ་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་གླེང་སློང་གནང་ཡོད་པ་མ་ཟད། བོད་དོན་སྐོར་ལ་དམིགས་བསལ་གླེང་སློང་གནང་ཡོད་པ་དང་། ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ས་མུལ་བྷི་རོང་བྷད་ཀུ་ (Samuel Brownback) ལགས་ནས་བོད་ནང་གི་ཆོས་དད་རང་དབང་སྐོར་ལ་ཤུགས་ཆེན་གླེང་སློང་གནང་ཡོད་འདུག་ལ། ཨ་རིའི་ཕྱི་སྲིད་བློན་ཆེན་གཞོན་པས་ཆོས་དད་རང་དབང་ནི་ཧ་ཅང་གལ་ཆེན་པོ་ཡིན་སྟབས། རང་དབང་མེད་མཁན་ཚོར་རང་དབང་ཡོད་མཁན་ཚོས་རྒྱབ་སྐྱོར་བྱེད་དགོས་སྐོར་གསུངས་ཡོད་པ་མ་ཟད། ཨ་རིས་རྒྱ་ནག་གཞུང་ལ་ཆོས་དད་རང་དབང་སྐོར་གླེང་སློང་བྱས་ཏེ་གནོན་ཤུགས་སྤྲོད་རྒྱུ་ཡིན་སྐོར་གསུངས་འདུག

ཚོགས་འདུའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆེད་དུ་གདན་འདྲེན་ཞུས་ཡོད་ཀྱང་། ལ་དྭགས་ཁུལ་གྱི་མཛད་འཆར་སྔོན་སོང་ལྟར་དངོས་སུ་ཕེབས་ཐུབ་མེད་པར་བརྟེན། སྐར་མ་༣ ཙམ་གྱི་བརྙན་ཐུང་གསུང་འཕྲིན་ཞིག་བསྩལ་ཡོད་པ་དེ་ཁ་སང་ཕྱི་དྲོར་ཨ་རིའི་གྲོས་ཚོགས་ར་བའི་ནང་དུ་སྒྲོག་སྦྱངས་གནང་འདུག གསུང་འཕྲིན་ནང་དུ་ངོས་ཀྱིས་འདི་ལྟ་བུའི་ཚོགས་འདུ་ནི་དུས་རབས་ ༢༡ ནང་ཧ་ཅང་འབྲེལ་བ་ཡོད་པ་དང་གལ་ཆེན་དུ་མཐོང་གི་འདུག ཆོས་དད་ནི་གལ་ཆེན་པོ་ཡིན་པ་རེད། ཆོས་ལུགས་ཀྱིས་མིའི་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཆེད། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ནི་ཧ་ཅང་གལ་ཆེན་རེད། དེར་བརྟེན་ངོས་ཀྱིས་ཚོགས་འདུ་འདི་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་མཐོང་གི་འདུག

ངོས་ཀྱིས་རྟག་ཏུ་ནང་ཆོས་ཀྱི་ཐོག་ནས་གཞན་ལ་ཕན་ཐོགས་ཐུབ་པར་འབད་བཞིན་ཡོད། འོན་ཀྱང་། ནང་ཆོས་གཞན་ལ་ཁྱབ་གདལ་གཏོང་ཐབས་རྩ་བ་ནས་བྱེད་ཀྱི་མེད། ངོས་ཀྱིས་རྟག་ཏུ་ནང་ཆོས་ཀྱིས་འགྲོ་བ་ཡོངས་ལ་ཇི་ལྟར་ནང་སེམས་ཀྱི་ཞི་བདེ་སྐྲུན་པར་བསམ་བློ་གཏོང་གིན་ཡོད། ངོས་ཀྱི་རེ་བར་ཆོས་ལུགས་ཚང་མས་འགྲོ་བ་མི་སྤྱིའི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པ་དང་། དེ་ལྟར་བྱུང་ཚེ་འགྲོ་བ་མི་ཡོངས་རྫོགས་ཆོས་ལུགས་གཅིག་གི་རྗེས་འབྲང་པར་མི་འགྱུར་ལ། མ་འོངས་པའི་དུས་རབས་འགའི་རྗེས་སུ་ཡང་ཆོས་ལུགས་ཚང་མ་གནས་ཐུབ་ཀྱི་རེད་ལ། འགྲོ་བ་མི་ལ་ཞབས་འདེགས་སྒྲུབ་ཐུབ་པའི་དགེ་ཕན་ཆེན་པོ་ཡོད་པ་རེད།

ངོས་ཀྱིས་གསལ་པོ་བཟོ་འདོད་པ་ཞིག་ལ་རྒྱ་གར་གྱི་ལུགས་ལྟར་ན། ཆོས་ལུགས་རིས་མེད་ཀྱི་དོན་ནི་ཆོས་ལུགས་ཚང་མར་གུས་བརྩི་དགོས་པ་མ་ཟད། ཆོས་དད་མེད་མཁན་རྣམས་ལའང་གུས་བརྩི་ཡོད་དགོས་པ་དེ་རེད། འདི་ནི་དངོས་ཡོད་དང་མཐུན་པ་ཞིག་རེད། གོ་ལ་འདིའི་སྟེང་ཆོས་དད་མེད་མཁན་མི་གྲངས་དུང་ཕྱུར་གཅིག་ལྷག་ཡོད་པ་རེད། ཁོང་ཚོས་ཀྱང་སེམས་ཀྱི་ཞི་བདེ་འདོད་ཀྱི་ཡོད་པ་རེད། དེ་བས་ཆོས་ལུགས་ཚང་མར་གུས་བརྩི་བྱས་ཏེ་འགྲོ་བ་མི་སྤྱི་ལ་ཞབས་འདེགས་སྒྲུབ་དགོས་པ་གལ་ཆེན་ཏུ་མཐོང་གི་འདུག ཅེས་བླང་དོར་གྱི་བཀའ་སློབ་བསྩལ་འདུག

དེ་རིང་འདི་གའི་གསར་འགོད་པས་ཐེངས་འདིའི་ཚོགས་ཐོག་གཏམ་བཤད་པ་མགོ་ལོག་འཇིགས་མེད་ལགས་སུ། ཚོགས་འདུའི་སྟེང་ཁོང་གིས་ག་རེའི་སྐོར་གཏམ་བཤད་གནང་ཡོད་དྲིས་པར་ཁོང་གིས། ངས་བོད་ཀྱི་ཆོས་དད་རང་དབང་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བཤད་པ་ཡིན། བོད་ནང་གི་གནས་རི་རྩ་ཆེན་དང་གལ་ཆེན་སྐོར་དང་དེ་མཚུངས་སུ་འཛམ་གླིང་གི་ཕྱོགས་སོ་སོའི་ཁོར་ཡུག་གི་གནས་སྟངས་ཀྱི་རྐྱེན་པས་དཀའ་ངལ་འཕྲད་བཞིན་པ་སོགས་འགྲེལ་བརྗོད་བྱས་ཏེ། མ་འོངས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པས་ཆོས་དད་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་འབོད་སྐུལ་ཞུས་པ་ཡིན། ཚོགས་ཆུང་ཚོགས་པའི་སྐབས་སུའང་ང་ལ་སྐར་མ་ལྔར་གཏམ་བཤད་བྱེད་པའི་གོ་སྐབས་ཐོབ་སོང་བས། དུས་ཚོད་ཐུང་ཐུང་ནང་བོད་དོན་སྐོར་ལ་ངོ་སྤྲོད་ཡག་པོ་བྱེད་ཐུབ་སོང་། ཞེས་བརྗོད་བྱུང་།

ཡང་ཚོགས་ཐོག་ཏུ་བོད་ནང་གི་ཆོས་དད་རང་དབང་སྐོར་ལ་སྡོམ་ཚིག་འདྲ་བོ་ག་འདྲ་བཀོད་ཡོད་དྲིས་པར། རྒྱ་ནག་དང་ཝེ་ཐི་ནམ། ཨེ་རན་གསུམ་ནི་ཆོས་དད་རང་དབང་གི་གནས་སྟངས་སྐྱོ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་ཐེར་འདོན་ཤུགས་ཆེན་བྱས་ཡོད་པ་དང་། ད་ཐེངས་ཕྱོགས་གང་ཐད་ནས་རྒྱ་ནག་གི་སྐོར་གླེང་སློང་བྱེད་སྐབས་དང་པོར་ཡུ་གུར་གྱི་ཆོས་དད་རང་དབང་སྐོར་དང་། རྒྱ་ནག་ནང་གི་ཡེ་ཤུའི་ཆོས་དཔོན་ཇོན་ཚའོ་ (John Cao) ཡི་སྐོར་ནས་མང་པོ་བཤད་དེ། ཚོགས་འདུའི་ཉིན་དང་པོར་རྒྱ་ནག་གི་སྐོར་ལ་ཐེངས་གཉིས་གླེང་སློང་བྱུང་ཡོད་སྟབས། ཨ་རིའི་གཞུང་ནས་དམིགས་བསལ་གྱིས་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐད་ནུས་པ་འདོན་གྱི་ཡོད་པ་འདྲ་པོ་ཚོར་སོང་སྐོར་བརྗོད་བྱུང་།

དེ་རིང་ཨ་རིའི་སྲིད་འཛིན་གཞོན་པ་(Mike Pence)མཆོག་དང་ཕྱི་སྲིད་བློན་ཆེན་མཆོག་ནས་མགོ་ལོག་འཇིགས་མེད་ལགས་དང་ལྷན་དུ་སྐར་མ་ ༢ ཙམ་རིང་ཟུར་དུ་བོད་དོན་སྐོར་གླེང་སློང་གནང་བའི་ལས་རིམ་བཟོས་ཡོད་སྟབས། མགོ་ལོག་འཇིགས་མེད་ལགས་ནས་གླེང་མོལ་སྐབས་ཁོང་གིས་བོད་དོན་སྐོར་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བརྒྱུད་བོད་རྒྱའི་དཀའ་རྙོག་གང་མགྱོགས་སེལ་ཐབས་དགོས་པ་དང་། ད་སྔ་བོད་དོན་ཐད་ཊོམ་ཕུ་སྲིད་གཞུང་གིས་ཁ་གསལ་གཏིང་གསལ་གྱིས་རྒྱབ་སྐྱོར་བྱས་མེད་སྟབས། སྲིད་གཞུང་གསར་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་འཆར་ཡོད་ཅེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

མཆན། 1

  1. Lobsang Wangdu says:
    ལོ་ 8 སྔོན།

    ཆོས་དད་ཀྱི་རང་དབང་ཟེར་བ་ནི་ ཕྱོགས་གཅིག་ལ་གད་མོ་ཤོར་ཡ་རེད། དཔེར་ན་་་ རྒྱ་གར་ལ་མཚོན་ན་ རྒྱ་གར་གྱི་རྩ་ཁྲིམས་དམངས་གཙོ་རང་དབང་ཅན་ཞིག་རེད། ཁ་རྒྱུན་ལ་ རྒྱ་གར་ ཁུ་ཤི་ལུང་པ། དབང་ཆ་ དམ་བསྒྲགས་བྱེད་མཁན་ནི་ ཆོས་པ་ཚོ་རེད། རིག་རུས་དབྱེ་ཕྱེད་བྱེད་མཁན་ཆོས་ཀྱི་ཐོག་ནས་རེད། ཧིན་དུ་སྐྱེད་པ་ཞིག་གི་ ཁ་ཆེ་བོུ་གཉམ་དུ་འགྲོ་བ་དང་ ཁ་ཆེ་སྐྱེད་པ་ཞིག་གི་ ཧིན་དུ་བོུ་གཉམ་དུ་སྡད་ན་ རྙོག་འཛིང་བཟོ་ཁན་ཚང་མ་ཆོས་ཀྱི་ཐོག་ནས་ཡོང་གི་འདུག་ག འཛམ་གླིང་ནང་ མི་དམངས་ལ་ འཇིགས་སྣང་སྐུལ་མཁན་དང་ བཤུ་གཞོག་གཏོང་ཁན་ དམ་བསྒྲགས་བྱེད་མཁན་ ཆོས་ཕྱོགས་ཀྱི་ཐོག་ནས་རེད་འདུག་ག ཆོས་ལུགས་ཀྱི་དཀྲུག་ཤིང་། དམག་དྲངས། འཐབ་འཛིང་བྱེད། དབང་ཡོད་བཤད་ནས་ཆོས་ལུགས་གྱུར་བ། ལྐོག་རྔན་དང་རོགས་རམ་བྱེད་ནས་ཆོས་ལུགས་གྱུར་བ། མགོ་སྐོར་གཏོང་མཁན་ཆོས་ཕྱོགས་ནས་ཡོང་སྡད་ཀྱི་འདུག་ག འཛམ་གླིང་ནང་ དངུལ་ པད་ཤ་མ་གཏོག་བསམ་རྒྱུ་མེད་མཁན་ཚོང་པ་འབྱོར་ལྡན་ ཕྱུག་དག དཔོན་པོ། ཆོས་དཔོན་ཚོ་ཁ་མཐུན། དཀའ་སྡུག་མྱོང་མཁན་ མི་མང་སྐྱུད་མ་ དབུལ་པོ། དངུལ་ ཟས་ ཕྲན་བུས་ལྟོག་ལྷག་གིས་་་ ཁོང་ཚོའི་ག་པ་ ཚུ ཚུ ཚུ ལབ་ན་རྒྱུག་འགྲོ་མཁན་ཡོད། ད་ལྟ་༧གོང་ས་མཆོག་ཡོད་པའི་ཐུགས་རྗེ་བཀའདྲིན་རེད་མ་གཏོག ངས་ཅག་བོད་པ་ཚང་ཞེད་སྣང་ཚ་པོ་ཡིན་པ། མི་མང་སྤྱང་གྲུང་དང་ཟབ་ཟབ་གནང་གལ་ཆེ། ཆོས་མཁས་མི་ལེན་མཁན་ག་རེ་ཁག་མེད་པ་འདྲ་པོ་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་ཡོད། ཆོས་དད་རང་མོས་རེད། ཡིན་ནས་མིའི་རྣམ་སྤྱོད་ཐོག་ནས་དཔྱད་ཞིབ་བྱེས་ནས་ར་སྤྲོད་ཐུབ་པ་ཞིག་བྱ་དགོས། བོད་པའི་སྤྱི་ཚོགས་ནང་ཆོས་གཉིས་ཡོད་པ་འདྲ་པོ་ཡིན། གཅིག་ནི་དམོངས་དད་དང་ལམ་དང་ལུགས་སྲོལ་བྱས་ནས་འགྲོ་སྡད་མཁན་ཞིག་དང་། ཕྱོགས་གཅིག་ནི་ ནང་པ་སངས་རྒྱས་རང་གི་ལྟ་གྲུབ་ཐོག་ནས་སློབ་སྦྱོང་བྱེད་ནས་འགྲོ་མཁན་བཅས་གཉིས་ཡོད། ཡིན་ནས་དེང་སང་ ༧གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་ དུས་རྒྱུན་ཆོས་མཁས་མི་ལེན་མཁན་ཚན་རིག་པ་ཚོ་ཡང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་ཡིད་་དབང་འཕྲོག་བཞིན་ཡོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese