མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་པ་རྣམ་གཉིས་ཀྱིས་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༡༨/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དང་༧རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གཉིས་ཀྱིས་དངོས་སུ་མཇལ་འཕྲད་གནང་འདུགདེ་རིང་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དང་༧རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ནས་ཧྥ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་འཕྲད་གནང་རྗེས། ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་གནང་སྟེ་ཁོང་རྣམ་པ་གཉིས་ནས་ཐོག་མར་ངོ་ཤེས་བཟང་པོ་ཡོང་བ་དང་། མ་འོངས་པར་ཡང་ཕན་ཚུན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་འདུག

གསལ་བསྒྲགས་ནང་དུ། ངེད་གཉིས་དེ་རིང་དབེན་ཞིང་བག་ཕེབས་པའི་ཁོར་ཡུག་འདིར་མཇལ་འཕྲད་བྱུང་ཏེ་ཕན་ཚུན་ལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བྱུང་བ་དེ་ཤིན་ཏུ་སྐལ་བ་བཟང་ལ། འདི་ནི་ངེད་གཉིས་ཀྱི་ལོ་དུ་མའི་རིང་གི་རེ་བ་ཞིག་ཡིན་ཏེ། ད་ལྟ་མངོན་ཏུ་གྱུར་བ་ནི་ཤིན་ཏུ་དགའ་སྤྲོ་སྐྱེ་འོས་པའི་ཡུལ་དུ་གྱུར། ད་རེས་མཇའ་འཕྲད་འདིའི་དམིགས་ཡུལ་གཙོ་བོ་ནི། ངེད་གཉིས་ཕན་ཚུན་དུས་ཚོད་མང་ཙམ་བཏང་ཏེ་སྐུ་སྒེར་གྱི་འབྲེལ་བ་འཛུགས་རྒྱུ་དང་། བཀའ་མོལ་དང་དགོངས་ཚུལ་ལྷུག་པོ་གནང་ནས་ཐོག་མར་ངོ་ཤེས་བཟང་པོ་ཡོང་བ་དང་། དེ་ལ་བརྟེན་ནས་མ་འོངས་པར་ཡང་ཕན་ཚུན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཡིན། ཞེས་གསུངས་འདུག

ཡང་གསལ་བསྒྲགས་ནང་། མཇལ་འཕྲད་བྱ་རིང་། ངེད་གཉིས་ཀྱིས་ཀཾ་ཚང་ནང་ཁུལ་དུམ་བུ་གཉིས་སུ་གྱེས་པའི་ཡིད་སྐྱོའི་གནས་ཚུལ་རྣམས་ཇི་ལྟར་སེལ་ཐབས་ཀྱི་སྐོར་བཀའ་མོལ་ལྷུག་པོ་བྱུང་ཞིང་། བསྟན་པ་གཅིག་གྱུར་ཡོང་བའི་སླད་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བྱེད་དགོས་པ་ནི་ངེད་གཉིས་ཀྱི་འོས་འགན་དང་ལས་འཁུར་ཞིག་ཏུ་ངོས་འཛིན་གྱི་ཡོད།

འདི་ནི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་མ་འོངས་པའི་གནད་དོན་གལ་ཆེན་ཞིག་དང་། བསྟན་པ་སྤྱི་དང་། འགྲོ་བ་ཡོངས་ཀྱི་ཕན་བདེ་དང་འབྲེལ་བ་ཞིག་ཡིན། དེར་བརྟེན་ངེད་གཉིས་ཀྱིས་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་ཐབས་སུ་འབད་པའི་བྱ་བ་འདིར། ཀརྨ་བཀའ་བརྒྱུད་པར་གཏོགས་པ་ཡོངས་ནས་ལྷག་བསམ་གྱི་རྒྱབ་བརྟེན་དང་དཔུང་གྲོགས་ཡོང་བའི་བསྐུལ་མ་ཞུ་རྒྱུ་ཡིན་ལ། ཤེས་རབ་དང་སྙིང་རྗེ་ཟུང་དུ་འཇུག་པའི་བསྟན་པ་རིན་པོ་ཆེ་ནང་མཐུན་པ་ཡོང་རྒྱུ་ནི་ང་ཚོ་ཐུན་མོང་གི་ལས་འགན་ཞིག་ཡིན་པ་གོར་མ་ཆགས་སོ། །ཞེས་ཁོང་རྣམ་གཉིས་ཀྱི་མཚན་རྟགས་བསྐྱོན་གནང་འདུག
གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༩ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༩ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

མཆན། 6

  1. ྸAbharu Jigwang says:
    ལོ་ 8 སྔོན།

    ༄༅། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཐུགས་ཡངས་ལ་བསྔགས་བརྗོད་ཞུ།

    Reply
  2. Ganchab says:
    ལོ་ 8 སྔོན།

    མི་རིགས་དང་ཆོས་བརྒྱུད་ཅིག་གི་ངོས་ནས་ནང་ཁུལ་འཆམས་མཐུན་མཉམ་གནས་ཐོག་འཛིན་སྐྱོང་དང་། བསྟན་པ་འཛིན་རྒྱུ་གལ་གནད་ཆེ་ཤོད་དེ་རེད། དཔེ་མི་སྲིད་ཡག་པོ་བྱུང་འདུག འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. བསམ་པ་རྣམ་དག says:
    ལོ་ 8 སྔོན།

    ངེད་གཉིས་ཕན་ཚུན་དུས་ཚོད་མང་ཙམ་བཏང་ཏེ་སྐུ་སྒེར་གྱི་འབྲེལ་བ་འཛུགས་རྒྱུ་དང་། འདིར་སྒེར་གྱི་འབྲེལ་བ་ཞེས་འབྲི་དགོས་པ་རེད་སྙམ།

    Reply
  4. དོན་འགྲུབ says:
    ལོ་ 8 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ཀརྨ་པ་ཡིས་འགྲོ་དོན་འཛམ་གླིང་ཁྱབས་།
    ཀརྨ་པ་ཡིས་མཚན་གྱིས་དུག་ཀུན་སེལ་།
    ཀརྨ་པ་ཡིས་བཀའ་རྒྱུད་བསྟན་པ་སྲུངས་།
    ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་།
    མཁྱེེེན་་་་་་་་་་་་་་་མཁྱེེེན་་་་་་་་་་་་་་མཁྱེེེན་ནོ་

    Reply
    • ཚེ་རིང་རྡོ་རྗེ། says:
      ལོ་ 8 སྔོན།

      ང་ཚོས་ད་བར་རྡ་སའི་འཕྲིན་ལས་རྡོ་རྗེ་ལ་རྒྱབ་སྐྱོར་བྱས་ཏེ། ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་ངོ་རྒོལ་བྱས་ཏེ། ངོས་ལེན་བྱས་མེད་ཀྱང་། ད་ཆ་ཀརྨ་པ་མཐའ་ཡས་རྡོ་རྗེ་འདི་མི་འཇོན་པོ་ཞིག་ཡིན་པ་གསལ་པོར་གྱུར་པ་རེད། མ་ཟད་འབྱུང་འགྱུར་ང་ཚོས་ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་རྒྱབ་སྐྱོར་བྱས་ན། ཁོང་ཡག་པོ་ཡོད་ས་རེད།
      གཞན་འཕྲིན་ལས་རྡོ་རྗེ་ཟེར་བ་དེ་བརྟན་པ་ཞིག་མིན་པ་གསལ་པོར་གྱུར་ཟིན་པ་རེད། ཨ་ཡོ།་་་་་་་་་་་་་་་་་་་་་་་་་་་་་་་་་་ ད་བོད་པ་ཚང་གི་རྙོག་གྲ་ཅན་གྱི་བླ་རྒན་འདི་ཚོ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese