མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ས་ལྷ་ས་བདེ་འཇགས་ཆེ་ཤོས་ཀྱི་གྲོང་ཁྱེར་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༩/༠༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དེ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ ༣༨ ལས་བདེ་འཇགས་ཆེ་ཤོས་དང་དུས་རབས་དང་མཐུན་པའི་སྤྱི་ཚོགས་བདེ་འཇགས་ཚད་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཟེར། 
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན། གོ་ལའི་དུས་བབ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་བརྟག་ཞིབ་ཁང་ (China Academy of Social Sciences)ཟེར་བས་ལོ་ལྟར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་བདེ་འཇགས་ཐད་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། འདི་ལོ་བོད་ཀྱི་རྒྱལ་ས་ལྷ་ས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ ༣༨ ལས་བདེ་འཇགས་ཆེ་ཤོས་ཀྱི་གྲོང་ཁྱེར་ཨང་དང་པོ་དང་། གཉིས་པ་ཧྲང་ཧེ་གྲོང་ཁྱེར། གསུམ་པ་ཤ་མིན་ (Xiamen)དང་།  རྒྱ་ནག་གི་རྒྱལ་ས་པེ་ཅིན་ཨང་ ༡༤ པ་དེ་ཆགས་ཡོད་སྐོར་བརྗོད་ཡོད་འདུག

གནས་ཚུལ་དེའི་ནང་ལྷ་སའི་ནང་དུས་རབས་དང་མཐུན་པའི་སྤྱི་ཚོགས་བདེ་འཇགས་ཞབས་ཞུ་ཡིས་ལོ་རེར་དོན་རྐྱེན་གྱི་གྲངས་ཚད་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེང་སྐབས་ལྷ་སའི་ནང་ཉེན་རྟོག་ཁང་ ༡༠༠ ལྷག་ཡོད་པ་དང་། མྱུར་སྐྱོབ་སྐབས་ཉེན་རྟོག་ཁང་སོ་སོའི་གཙོ་ཁོངས་ས་ཁུལ་གྱི་དོན་རྐྱེན་བྱུང་ཡུལ་དུ་ཉེན་རྟོག་པ་སྐར་མ་གཅིག་གི་ནང་ཚུད་དུ་འབྱོར་ཐུབ་ཀྱི་ཡོད་པ་དང་། དེ་མིན་གྱི་ས་གནས་སུ་སྐར་མ་ ༣ ནང་འབྱོར་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

ལྷ་སའི་མི་མང་བདེ་སྲུང་ལྷན་ཁང་གི་ལས་བྱེད་ཝང་ལཱིང་ (Wang Liang) ཟེར་བ་ཞིག་གིས། ལྷ་སའི་མི་མང་གི་བདེ་སྲུང་ལ་གསར་གཏོད་རང་བཞིན་ལྡན་པའི་སྤྱི་ཚོགས་འཛིན་སྐྱོང་གིས་ལེགས་བཅོས་ཆེན་པོ་བྱུང་ཐུབ་ཡོད་པ་དང་། དེ་ལ་བརྟེན་ནས་ལོ་རེར་ཉེས་ཅན་དང་དོན་རྐྱེན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་སྐོར་བརྗོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༡ ནང་ཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་ཐོག ཕྱི་ལོ་ ༢༠༡༨ ནང་ལྷ་སའི་ཡུལ་མི་ཚོའི་བདེ་འཇགས་དང་ཡིད་ཆེས་ཀྱི་ཚད་ནི་བརྒྱ་ཆའི ༩༩ ལ་ཟིན་ཡོད་པ་མ་ཟད། དོན་རྐྱེན་བྱུང་བའི་བརྒྱ་ཆ་ ༡༦ དང་ཤི་རྐྱེན་བྱུང་བའི་བརྒྱ་ཆ་ ༢༡ ལ་མར་ཆགས་ཡོད་སྐོར་བསྒྲགས་ཡོད་འདུག

རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དེས་བསྟུད་མར་ལོ་ཤས་རིང་བོད་ཀྱི་རྒྱལ་ས་ལྷ་ས་ནི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཚོའི་ནང་གི་བདེ་འཇགས་ཆེ་ཤོས་ཨང་དང་པོར་ངོས་འཛིན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་ཀྲུང་དབྱངས་བརྙན་འཕྲིན་ཁང་གིས་བཏོན་པའི་སྙན་ཐོ་ཞིག་གི་ནང་། ལྷ་ས་ནི་མི་མང་གི་འདོད་བློ་ཁེངས་ཤོས་ཀྱི་གྲོང་ཁྱེར་དེ་ཡིན་སྐོར་སོགས་བསྒྲགས་ཡོད་ན་ཡང་། འདས་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོར། ལྷ་ལྡན་གཙུག་ལག་ཁང་དུ་མེ་སྐྱོན་ཤོར་སྐབས། ཉེན་རྟོག་པ་དང་མེ་གསོད་རུ་ཁག་སོགས་ཡུན་རིང་མ་འབྱོར་སྟབས་ལྷ་ལྡན་གཙུག་ལག་ཁང་ལ་གནོད་སྐྱོན་ཚབ་ཆེན་བྱུང་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནི་རྒྱ་ནག་གི་བདེ་འཇགས་ཆེ་ཤོས་ཀྱི་གྲོང་ཁྱེར་ཡིན་སྐོར་བརྗོད་པ་ནི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་ལྷ་ས་གཙོའི་བོད་ས་ཡོངས་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱུང་བ་ནས། རྒྱ་ནག་གཞུང་གིས་བོད་ནང་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་མ་ཟད། བོད་ཀྱི་མདོ་དབུས་ཁམས་གསུམ་ནས་ལྷ་སར་མཆོད་མཇལ་དང་ཆོས་ཞུ་བར་ཡོང་མཁན་ཚོར་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། ལྷ་སའི་ཁྲོམ་སྲང་ཀུན་ཏུ་བརྙན་མིག་བཞག་སྟེ་བོད་མི་ཚོའི་བྱ་སྤྱོད་ལ་སོ་ལྟ་བྱེད་དང་ཉུལ་ཞིབ་བྱེད་བཞིན་ཡོད་པ་རེད།

དེ་བཞིན་ཉེ་སྔོན་ལོ་སར་མ་ཚེས་གོང་གི་ཕྱི་ཚེས་ ༣ ཉིན། ལྷ་སར་ལོ་སར་སྐབས་དང་བསྟུན་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་དང་བཀོད་འདོམས་ཟེར་བའི་ཚོགས་འདུ་ཤིག་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་འཁྲིད་ཆེ་དགྲ་ལྷས་ལོ་གསར་གྱི་སྐབས་དང་བསྟུན་ཕྱོགས་ཡོངས་ནས་བོད་ལྗོངས་བརྟན་བརླིང་ལ་ཧུར་བརྩོན་དང་ཁ་བྲལ་བའི་ངོ་རྒོལ་ལ་འཐབ་རྩོད་རྒྱུན་འཁྱོངས་དགོས་པ་དང་། ཟིང་འཁྲུག་ཞི་འཇགས་ཆེད་ཉེན་རྟོག་པ་དང་དམག་མིས་དུས་ཐོག་ཏུ་དོན་རྐྱེན་བསླང་མཁན་རྩ་མེད་དང་དོན་རྐྱེན་ཐག་གཅོད་མགྱོགས་མྱུར་ངང་བྱེད་དགོས་པ་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༦ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 3

  1. ཇ་མ་ says:
    ལོ་ 8 སྔོན།

    ཉེ་སྔོན་གནས་ཚུལ་ལ་ལྟས་ན་ལྷ་སའི་བོད་པར་རང་དབང་ཞིག་རྩ་བ་ནས་མི་འསུག

    Reply
  2. ཇ་མ་ says:
    ལོ་ 8 སྔོན།

    དམར་གཞུང་གི་གནོད་ཤུགས་འདི་འདྲ་ཡོད་དུས་བོད་པ་ལས་ངན་ཚོ་འཕག་དབང་གང་ན་ཡོད།

    Reply
  3. ཐོས་པ་དགའ། says:
    ལོ་ 8 སྔོན།

    རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནི་གཡུལ་ས་ལྟ་བུ་ཞིག་ཏུ་བསྒྱུར་ཚར་ཡོད་པས་མ་ཚད། དེར་གནས་པའི་བོད་རིགས་སྤུན་ཟླ་ཚོ་ནི་གནམ་འོག་ན་རང་དབང་བྲལ་བའི་སེམས་ཅན་ཤས་རྭར་གནས་པ་དང་གཅིག་མཚུངས་རེད། ད་དུང་གསར་འགྱུར་འདི་འདྲ་སྤེལ་བ་ནི་ཕྱི་ལོག་ན་བཙན་བྱོལ་ནང་གནས་པའི་བོད་པ་ཚོས་རང་རང་གི་ས་ནས་འཕག་ཚག་རྒྱག་དགོས་པའི་དུས་ལ་བསླེབས་པ་རེད།

    གོང་གི་འཆན་བུ་དེ་ལ་གུས་པའི་མིང་ཐོས་པ་དགའ་མ་བཞག་པས་བསྐྱར་འགོད་བྱེད་དགོས་བྱུང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese