དོཊ་གཞིའི་འོག་བོད་མི་གསུམ་འཛིན་བཟུང་བྱས། བོད་ཀྱི་དུས་བབ། ༢༠༡༦/༡༢/༡༣ བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་པར་དང་བརྙན་ཐུང་བརྒྱབ་པའི་དོགས་གཞིའི་འོག་བོད་མི་གཞོན་སྐྱེས་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག་་་ ཇེ་མང་ཀློགས།
རང་སྲེག་གནང་མཁན་ཁོང་གི་གནས་ཚུལ་ཞིབ་ཕྲ་འཐོན། བོད་ཀྱི་དུས་བབ། ༢༠༡༦/༡༢/༠༩ ཁ་སང་རྨ་ཆུ་རྫོང་ཐོག་ཏུ་བོད་པའི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་མིང་ལ་བཀྲ་ཤིས་རབ་བརྟེན་ཞིང་རང་ལོ་སོ་གཅིག་ཡིན་འདུག་་་ ཇེ་མང་ཀློགས།
བཙོན་ནས་ཀློད་སྐབས་ལོ་ ༦༥ ཅན་གྱི་ནད་པ་ཆགས་འདུག བོད་ཀྱི་དུས་བབ། ༢༠༡༦/༡༢/༠༩ བོད་ནང་གི་མདོ་བ་ཡོ་ལག་སྡེ་བའི་རྒད་པོ་རྒྱ་སྟག་ལགས་ལོ་བཞིའི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་རང་ཁྱིམ་དུ་ལོག་ཡོད་ཀྱང་ད་ལྟ་རྐང་ལག་ལ་རྨས་ཕོག་ཡོད་པ་མ་ཟད་སེམས་ཁམས་ཡང་མི་བདེ་བ་ཆགས་ཡོད་འདུག་་་ ཇེ་མང་ཀློགས།
གྲྭ་པ་ཞིག་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད། བོད་ཀྱི་དུས་བབ། ༢༠༡༦/༡༢/༠༩ ཀིརྟི་དགོན་གྱི་གྲྭ་བློ་བཟང་བསོད་ནམས་ལགས་ལ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་དེ་མེན་ཡང་བཙོན་ཁང་དུ་བཅུག་ཡོད་འདུག་་་ ཇེ་མང་ཀློགས།
སླར་ཡང་བོད་ནང་རང་ལུས་མེར་བསྲེགས་གནང་འདུག བོད་ཀྱི་དུས་བབ། ༢༠༡༦/༡༢/༠༨ ད་ལྟ་བོད་ནང་གི་ཆུ་ཚོད་ ༦།༠༠ ཙམ་ལ་མདོ་སྨད་རྨ་ཆུའི་རྫོང་ཐོག་ཏུ་བོད་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་འདུག་་་ ཇེ་མང་ཀློགས།
བོད་མི་བཅུ་ལ་ལོ་ ༥ ནས་ ༡༤ བར་གྱི་ཁྲིམས་ཐག་བཅད། བོད་ཀྱི་དུས་བབ། ༢༠༡༦/༡༢/༠༧ རྔ་བ་རང་སྐྱོང་ཁུལ་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་བོད་མི་སེར་སྐྱ་ཕོ་མོ་ ༡༠ ལ་ལོ་ལྔ་ནས་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་་་ ཇེ་མང་ཀློགས།
སྒྲོལ་མ་མཚོ་བཙོན་གྲོལ་ཐོབ་པ། བོད་ཀྱི་དུས་བབ། ༢༠༡༦/༡༢/༠༥ ཁ་སང་དགོང་མོ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོར་རྒྱ་གཞུང་གིས་ལོ་གསུམ་གྱི་ཁྲིམས་ཐག་དུས་ཡུན་ཚང་ནས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་འདུག་་་ ཇེ་མང་ཀློགས།
ཕྱི་སྐྱོད་ལག་ཁྱེར་དུས་བཀག་ནང་རྩིས་སྤྲོད་བྱོས། བོད་ཀྱི་དུས་བབ། ༢༠༡༦/༡༢/༠༤ ཀན་ལྷོ་ཁུལ་ཉེན་རྟོག་ཁང་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་མཉམ་འབྲེལ་ཐོག་དགོན་སྡེ་ཁག་གི་མི་སྣ་བསྡུས་ཏེ་ད་ལོའི་ཕྱི་ཟླ་ ༡༢ པའི་ནང་དགོན་པའི་གྲྭ་བ་གཅིག་ཀྱང་ཕྱི་ལོགས་སུ་འགྲོ་མི་ཆོག་པའི་བཀའ་བཏང་འདུག་་་ ཇེ་མང་ཀློགས།