མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་བསྡུ་ལེན།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་གྲངས་ཉུང་མི་རིགས་ལ་ལྟ་རྟོག་ཤུགས་ཆེ་རུ་གཏོང་ཆེད་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་བསྡུ་ལེན་བྱེད་བཞིན་འདུག

1702079184170364028རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མི་སྣ་སློབ་ཆེན་ཁག་གི་ནང་ཆེད་གཏོང་གིས་བོད་དང་ཡུ་གུར། སོག་པོ་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་དང་། ཉི་ཧོང་དང་འཇར་མན། དབྱིན་ཇི་སོགས་ཕྱི་རྒྱལ་གྱི་སྐད་ཡིག་ཤེས་མཁན་གྱི་ལས་བྱེད་གསར་པ་བསྡུ་བའི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་དེ་ནི་གྲངས་ཉུང་མི་རིགས་ལ་ལྟ་རྟོག་ཤུགས་ཆེ་རུ་གཏོང་བ་དང་ཕྱིའི་རྒྱལ་ཁབ་ཁག་ལ་འཐབ་པའི་ལྐོག་ཇུས་ཤིག་ཡིན་སྐོར་རྗོད་ཀྱི་འདུག

ཉེ་སྔོན་རྒྱ་ནག་ཧྭ་ཏུང་དགེ་འོས་སློབ་ཆེན་ཞབས་ཞུ་ལྟེ་གནས་ཀྱི་དྲ་རྒྱའི་ཐོག ཧྲང་ཧེ་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མི་སྣ་སློབ་ཆེན་ཁག་ཏུ་ཆེད་གཏོང་གིས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཕྱི་སྐད་ཤེས་མཁན་གྱི་ལས་བྱེད་བསྡུ་རྒྱུ་ཡིན་པའི་བརྡ་ཐོ་ཞིག་ཕྱིར་གྱར་ཡོད་པ་དང་། ཕྱིས་སུ་བརྡ་ཐོ་དེ་དྲ་ལམ་ནས་ནག་གསུབ་བཏང་ཡོད་ཀྱང་། ཧྭ་ཏུང་སློབ་ཆེན་ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་ཅིག་གིས་དེ་ནི་ནང་ཁུལ་གྱི་གསང་བའི་བརྡ་ཐོ་ཞིག་ཡིན་ལ། ལས་གཞི་དེ་སྤེལ་བ་ཐེངས་དང་པོ་མིན་པར་དེ་སྔོན་ཧང་ཀྲུའུ་ཀྲེ་ཅང་སློབ་ཆེན་དང་པེ་ཅིན་གྱི་རྒྱ་ནག་སྲིད་ཁྲིམས་སློབ་ཆེན། ཁྲིན་ཏུའུ་གློག་རྡུལ་ཚན་རྩལ་སློབ་ཆེན་བཅས་ཀྱི་ནང་སྤེལ་ཡོད་ལུགས་དང་། ཕྱི་ལོ་ ༢༠༡༧ ལོའི་ལས་འཚོལ་སློབ་མར་དམིགས་ཏེ་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཧྭ་ཏུང་སློབ་ཆེན་ནང་བསྐྱར་དུ་ལས་གཞི་དེ་སྤེལ་རྒྱུ་ཡིན་ལ། བདེ་འཇགས་ལྷན་ཁང་གིས་བཏོན་པའི་ཆ་རྐྱེན་གྱི་ལོ་ཚད་མི་འདྲ་བ་ལ་དགོས་འདུན་ཡང་མི་འདྲ་བ་ཡོད་ལ། ལྷན་ཁང་གི་དགོས་མཁོ་ལྟར་ཐག་གཅོད་རྒྱུ་ཡིན་པ་མ་ཟད། འབྲེལ་ཡོད་མི་སྣའི་རྒྱབ་ལྗོངས་ཀྱི་ཚད་གཞི་ལའང་འགྱུར་ལྡོག་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ནེའུ་ཡོག་དུས་བབ་ཀྱིས། རྒྱ་ནག་བདེ་འཇགས་ལྷན་ཁང་གི་ལས་བྱེད་གསར་པ་བསྡུ་བའི་ལས་གཞི་དེ་ནི་གཙོ་བོ་རྩིས་འཕྲུལ་གྱི་གཉེན་ཆས་དང་ཆ་འཕྲིན་གྱི་བདེ་འཇགས། འཕྲིན་གཏོང་ལག་རྩལ་སོགས་ཀྱི་ཆེད་ལས་པ་དང་། རྒྱལ་སྤྱིའི་འབྲེལ་ལམ་དང་རྒྱལ་སྤྱིའི་ཆབ་སྲིད། དེ་བཞིན་ལོ་རྒྱུས་དང་གསར་འགྱུར། ཤེར་རྟོགས་རིག་པ་སོགས་ཀྱི་ཐོག་ཆེད་སྦྱོང་ཐོན་པའི་སློབ་མ་ཚོར་དམིགས་པ་ཞིག་ཡིན་ལ། ཞི་ཅིན་ཕིན་སྲིད་སྟེགས་སུ་བསླེབས་རྗེས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ། སྲིད་གཞུང་དང་ལྟ་བ་མི་མཐུན་པའི་ལས་འགུལ་བ་ཚོར་རྡུང་རྡེག་གཏོང་བ་དེ་སྲིད་སྐྱོང་གི་རྨང་གཞི་གཙོ་བོར་རྩི་ཡི་ཡོད་པ་ལྟར། བདེ་འཇགས་ལྷན་ཁང་གིས་ཉུང་མཐར་ལས་གཞི་དེའི་འོག་ནས་ལས་བྱེད་སྟོང་ཕྲག་མང་པོ་བསྡུས་ཡོད་སྐོར་བརྗོད་འདུག

དྲ་ལམ་དུ་ཕྱི་ལོ་ ༢༠༠༧ ལོར་ལས་གཞི་དེའི་ནང་ཞུགས་པའི་སློབ་མ་ཞིག་གིས། ཁོ་རང་ལོ་གཅིག་རིང་ཚོད་ལྟའི་ངོ་བོའི་ཐོག་ནས་ལས་ཀ་དེར་ཞུགས་ཤིང་། གླ་ཕོགས་ཟླ་རེར་རྒྱ་སྒོར་ ༤༠༠༠ རེ་ཡོད་པ་དང་། ཉུང་མཐར་ལོ་ ༡༠ རིང་ལས་ཀ་བྱ་རྒྱུ་ཡིན་པའི་གན་རྒྱ་འཇོག་དགོས་ལ། ལས་གཞི་དེ་གཙོ་བོ་ཆ་འཕྲིན་བདེ་འཇགས་ཐད་ཀྱི་ཆེད་ལས་ཞིབ་འཇུག་སློབ་མ་ཚོར་དམིགས་ཡོད་པ་དང་། སྤྱིའི་ཆ་ནས་ཚེ་སྲོག་གི་ཉེན་ཁ་མེད་ཀྱང་ལས་ཀ་ཧ་ཅང་ཁག་པོ་ཡིན་པས་བུད་མེད་རྣམས་ཚུད་ཁག་ཙམ་ཡོད་སྐོར་བརྗོད་ཡོད་པ་རེད།

གྲངས་ཉུང་མི་རིགས་ལ་དམ་དྲག་ཤུགས་ཆེ་རུ་གཏོང་བའི་ལས་གཞི་དེའི་ཐད་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་དི་ལི་ཞྭ་ལགས་ཀྱིས། རྒྱ་གཞུང་གིས་ཤིན་ཅང་ནང་ཞི་འཇགས་ཡོང་སླད་དང་། གྲངས་ཉུང་མི་རིགས་ཚོར་ལྟ་རྟོག་ཆེད་མི་རྒྱུ་གཉིས་ཐད་ནས་འགྲོ་སོང་དེ་འདྲ་མང་པོ་ཞིག་གཏོང་བ་ལས། ཁོང་ཚོ་རང་སྐྱོང་བྱེད་པར་མོས་མཐུན་དང་། ཁོང་ཚོའི་རིག་གནས་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་བཅས་ལ་བརྩི་བཀུར་བྱས་པ་ཡིན་ན་ཞི་འཇགས་རང་བཞིན་གྱིས་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་གྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་བརྟན་སྲུང་དང་དྲ་ལམ་བདེ་འཇགས་ལ་ལྟ་རྟོག་ནན་པོ་དགོས་པའི་བཀོད་ཇུས་འོག བདེ་འཇགས་ལྷན་ཁང་གི་ལས་བྱེད་འདེམས་སྒྲུག་ཚོགས་པས་བོད་དང་ཡུ་གུར་མི་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་ཚོ་བསྡུ་ལེན་བྱེད་བཞིན་ཡོད་པ་དང་། ལས་གཞི་དེ་ནི་སྔར་ལས་གྲངས་ཉུང་མི་རིགས་ལ་ལྟ་རྟོག་དང་དམ་དྲག་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་མ་ཟད། ལས་གཞི་དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་རྒྱ་རིགས་ཚོར་གོ་སྐབས་མང་པོ་རག་གི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese