མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་ངས་ཤེས་ཀྱི་མེད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་བདམས་ཐོན་སྲིད་འཛིན་ཊི་རུམ་ཕི་ཡིས་ཨ་རྒྱ་གཉིས་བར་ཚོང་འབྲེལ་ཚུད་པའི་ལས་དོན་ཐོག་འབྲེལ་ལམ་རྒྱུན་འཁྱོངས་བྱེད་རྒྱུ་མ་གཏོགས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་སྐྱོང་བྱེད་དགོས་པ་ངས་ཤེས་མ་སོང་ཟེར།

s4.reutersmediaདེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ཉི་མའི་ཉིན་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་མཆོག་གིས། ཨ་རིའི་གཞུང་ནས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་སྐྱོང་བྱེད་དགོས་དོན་མེད་སྐོར་བརྗོད་ཡོད་པ་དང་། དེ་ནི་ཁོང་གིས་ཉེ་ལམ་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་དང་ཁོང་གཉིས་བར་ཁ་པར་སྐུད་ལམ་ནས་འབྲེལ་མོལ་བྱུང་བར། རྒྱ་ནག་ཕྱོགས་ནས་དེ་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང་འབྲེལ་ཏེ་བརྗོད་པ་ཞིག་ཡིན་འདུག

ཨ་རིའི་ (Fox News Sunday) གསར་ཁང་གི་བཅར་འདྲི་བརྒྱུད། སྐུ་ཞབས་ཊི་རུམ་ཕི་ཡིས། ཨ་རིའི་གཞུང་གིས་འདས་པའི་ལོ་ངོ་ ༤༠ ལྷག་རིང་ཐའེ་ཝན་མཚོ་འགག་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་སྲིད་ཇུས་དེ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་དོན་མེད་པའི་སྐོར་ལ། “ངས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ཟེར་བ་དེ་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོས་རྒྱ་ནག་དང་མཉམ་དུ་ཉོ་ཚོང་ཚུད་པའི་ལས་དོན་ཐོག་འབྲེལ་ལམ་བྱེད་རྒྱུ་མ་གཏོགས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པའི་རྒྱུ་མཚན་ངས་ཧ་གོ་མ་སོང་།” ཞེས་བརྗོད་འདུག

རྒྱ་སྒོར་གྱི་འཛའ་ཐང་ཐད་ཀྱི་སྲིད་ཇུས་དང་རྒྱ་ནག་གི་ལྷོག་བརྒྱུད་མཚོ་ཁུལ་གྱི་བདག་དབང་ཐོག་འཛིན་འཛིན་པའི་སྲིད་ཇུས། དེ་བཞིན་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གསར་བཟོའི་གནད་དོན་ཐོག་འཛིན་པའི་སྲིད་ཇུས་དང་། ཕྱི་ཚེས་ ༢ ཉིན་ལྕམ་ཚའེ་ཡེན་ཝན་དང་ཁོང་གཉིས་བར་བྱུང་བའི་འབྲེལ་མོལ་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་པའི་དཀའ་རྙོག་བཅས་ཀྱི་སྐོར་ལ། སྐུ་ཞབས་ཊི་རུམ་ཕི་ཡིས། “རྒྱ་ནག་གཞུང་གིས་ང་ལ་ཐའེ་ཝན་མཚོ་འགག་ལ་འབྲེལ་མོལ་མི་ཆོག་པའི་བཀའ་བཀོད་བཏང་བ་དང་། ལྕམ་ཚའེ་ཡེན་ཝན་དང་ངེད་གཉིས་ཀྱི་འབྲེལ་མོལ་ལ་སྐྱོན་བརྗོད་བྱས་པ་དེར་ང་ལ་འདོད་མོས་མེད། ལྕམ་ཚའེ་ཡེན་ཝན་དང་ངེད་གཉིས་བར་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཁ་པར་སྐུ་ལམ་ནས་འབྲེལ་མོལ་ཡག་པོ་བྱུང་ཡོད། ངས་རྒྱལ་ཁབ་གཞན་གྱི་ཁ་པར་བླངས་མི་ཆོག་ཅེས་སྐྱོན་བརྗོད་བྱེད་དོན་ཅི་ཡིན། དོན་དངོས་ཐོག་འབྲེལ་མོལ་དེ་ནི་དྲང་པོ་དྲང་བཞག་ཅིག་ཡིན་པ་ལས། ཁྱེད་ལ་མ་གུས་པའི་རྣམ་འགྱུར་གང་ཡང་མིན།” ཞེས་བརྗོད་འདུག

ལྕམ་ཚའེ་ཡེན་ཝན་དང་སྐུ་ཞབས་ཊི་རུམ་ཕི་གཉིས་བར་བྱུང་བའི་འབྲེལ་མོལ་དང་འབྲེལ་ཏེ། སྲིད་འཛིན་ཨོ་བྷ་མའི་གཞུང་ཕྱོགས་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། “ཝ་ཤིན་ཊོན་གྱིས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཐའེ་ཝན་གྱི་རྩོད་རྙོག་ལ་བརྟེན་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པ་རེད།” ཅེས་བརྗོད་ཡོད་འདུག

གཞན། དེ་རིང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཅེས་པའི་གསར་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། “རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་དེ་ཨ་རྒྱ་གཉིས་བར་གྲོས་མོལ་བྱས་ཆོག་པ་ཞིག་མིན། ཊི་རུམ་ཕི་ཡིས་ཚོང་ལས་ཁོ་ན་མ་གཏོགས་ཅི་ཡང་ཤེས་ཀྱི་མི་འདུག ཊི་རུམ་ཕི་ཡི་བསམ་པར། ཁོས་འབྱོར་ཕྱུག་ལ་བརྟེན་ནས་བྱ་བཞག་ཡོད་ཚད་ཐག་གཅོད་ཐུབ་བསམ་གྱི་འདུག ཊི་རུམ་ཕི་ཡིས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་སྐྱོང་མ་བྱས་ཚེ། རྒྱ་ནག་སྐམ་ས་ཆེན་མོས་ཐའེ་ཝན་མཚོ་འགག་ཐོག་སྲིད་ཇུས་གསར་བ་ཞིག་འཛིན་ངེས་ཡིན་ལ། སྲིད་ཇུས་དེ་ལ་བརྟེན་ནས་རྒྱ་ནག་གིས་ཨ་རིའི་གཞུང་ལ་ཐའེ་ཝན་མཚོ་འགག་གི་སྲིད་དབང་ལ་ཐེ་གཏོགས་མེད་པ་ར་སྤྲོད་བྱ་ངེས་ཡིན། ཊི་རུམ་ཕི་ཡིས་ཕྱི་འབྲེལ་ལས་དོན་ལ་གུས་བརྩི་དང་སློབ་སྦྱོང་བྱེད་དགོས་ཀྱི་འདུག རྒྱལ་སྤྱིའི་མི་མང་གིས་ཨ་རིའི་ཚོང་པ་ཆེན་པོ་ཞིག་ཨ་རིའི་སྲིད་འཛིན་དུ་ཇི་ལྟར་བདམས་ཐོན་བྱུང་བར་ཡ་མཚན་སྐྱེས་ཡོད། ཁོའི་ཕྱི་འབྲེལ་སྲིད་ཇུས་དེ་ནི་བྱིས་པ་སེམས་མེད་ཅིག་གི་བསམ་སྤྱོད་འདྲ་བོ་འདུག” ཅེས་སོགས་བཤད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 6

  1. ས་མཐའི་སྤུན་ says:
    ལོ་ 9 སྔོན།

    ཨ་རི་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་རང་ཚུགས་མ་ཤོར་བར་བདེན་པའི་རྒྱབ་ལངས་གནང་ན་འཕར་སྤྱང་ལག་པ་སྦྲེལ་ནས་ཉམ་ཆུང་ནུས་མེད་རྒྱལ་ཁབ་ཚོར་ཐུབ་ཚོད་གཏོང་མཁན་རྣམས་སྐད་ངན་ཤོར་གྱི་འདུག་པ།

    Reply
  2. ན་བུན། says:
    ལོ་ 9 སྔོན།

    ཕྱིར་ལོག་འབྲི་སྟངས་འདི། གནའ་བོའི་ལོ་ཙཱ་བ་རྣམ་པའི་འབྲི་སྟངས་ཡིན་པ་འདྲ། གང་ལྟར་ཀློག་མཁན་ལགས་ཀྱིས་དོ་སྣང་དང་བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ།

    Reply
  3. Gyal tsen says:
    ལོ་ 9 སྔོན།

    ངོ་མ་སྲིད་འཛིན་ཡང་དག་པ་ཞིག་རེད།། ད་ལོར་ཨ་རི་ལ་སྲིད་འཛིན་སྙིང་སྟོབས་ཤིག་འཁྲུངས་འདུག
    ང་ངོ་མ་དགའ་ནི་ཞིག་རེད།
    ཨ་རི་ནི་ང་ཚོ་འཛམ་གླིང་མི་མང་གིས་ཆའི་ཡིད་ཆེ་བྱེད་ས་དང་དགའ་མོས་བྱེད་ས་དེ་ཡིན་མོད།།
    འོན་ཀྱང་ཨ་རའི་སྲིད་འཛིན་མང་དག་ཞིག་གིས་ཨ་རའི་གཟི་བརྗིད་མེད་པར་བཟོས་ནས་རྒྱ་དམར་གཞུང་གི་མངའ་འོག་ལ་མགོ་སྒུར་བཞིན་པ་ནི་ཡིད་སྐྱོ་དགོས་པ་ཞིག་ཡིན། ད་ལོ་ནི་ཨ་རའི་གཟི་བརྗིད་འཛམ་གླིང་ཡོངས་ལ་ཁྱབ་རྒྱུ་རེད། སྟོབས་ཆེན་ཨ་རི་ཟེར་བ་དེ་ཇི་འདྲ་ཞིག་ཡིན་མིན་
    ཤེས་སུ་འཇུག་དགོས་པ་ཡིན། ངོ་མ་དགའ་ནི་ཡིན།། དེ་བཞིན་ཏུ་ཉི་ཧོང་སྲིད་འཛིན་རྒྱ་གར་སྲིད་བློན་སོགས་ནི་འཛམ་གླིང་མི་མང་ཡོངས་
    ཀྱིས་སྔག་བརྗོད་བྱེད་ཡུལ་ཞིག་ཆགས་ཡོད།། ཁོང་རྣམས་ཀྱིས་ལས་དོན་ལམ་སློང་ཡོང་བའི་སྨོན་འདུན་ཞུ།།

    Reply
  4. shungpatsewangsonam says:
    ལོ་ 9 སྔོན།

    ཚོང་པ་ཕྱུག་བདག་སྲིད་འཛིན་ལ་བསྐོས་ན་སྐད་ཆ་འདི་འདྲ་ཞིག་མ་
    རྟོག་ཆབ་སྲིད་གང་ནས་ཤེས་ད་ཨ་རིའི་སྲིད་འཛིན་གསར་པ་འདིའི་
    འཛམ་གླིང་གི་མི་རིགས་མཐུན་འབྲེལ་ལ་བཟོ་ལྟ་ཞིག་བཟོ་ས་རེད
    ལ་ཨ་རིའི་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་སྐྱེ་སྲིངས་བྱེད་སྲིད་པ་མ་རེད་དམ་?

    Reply
  5. ཛ་ཡུལ་པདྨ། says:
    ལོ་ 9 སྔོན།

    ཊི་རུམ་ཕི་རེད་དམ་ཡང་ན་ཋོམ་རེད།

    Reply
    • ན་ག་སངས་རྒྱས་བསྟན་དར། says:
      ལོ་ 9 སྔོན།

      ངོ་མ་བྱས་ན་ཁོང་གི་མཚན་བོད་ཡིག་ནང་བྲིས་ན་འདི་ལྟར་འབྲི་དགོས་སྙམ། ཊྲཾཔ། ཡང་ན། ཊྲམྤ། ཏ་ལོག་ཊ་སྲོག་མེད་ལ་ར་སྦྱར། དེའི་སྟེང་དུ་ཡང་ན་རྗེས་སུ་མ་སྲོག་མེད་ཀྱི་འོག་ལ་པ་སྦྱར་ཏེ་ཚེག་བར་གཅིག་ཏུ་བཀླགས་པར་གྱུར་ན་སྲིད་འཛིན་གྱི་མིང་གི་སྒྲ་ཉེ་ཤོས་སུ་འགྱུར་བར་རེ་ཆོག

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese