མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་ཁག་ཅིག་གི་འོས་གྲངས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

Microsoft Word - ༢༠༡༦ ལོའི་སྲིད་སདེ་རིང་འདི་གའི་གསར་འགོད་པས་ས་གནས་ཁག་ཅིག་ལ་ཁ་པར་བཏང་སྟེ། སྲིད་སྐྱོང་གི་བསྡུའི་མཇུག་འབྲས་རྩད་ཞིབ་བྱས་པར། ས་གནས་མང་དག་ཅིག་གིས་ད་ལྟ་གྲངས་བཤེར་བྱེད་མུས་ཡིན་ཞིང་། ས་གནས་ཆུང་ཁག་ ༡༡ ནང་གྲངས་བཤེར་གྲུབ་པའི་གནས་སྟངས་ནི། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་ ༡༩༩༣ དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༦༧༦ ། ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་ ༡༩༡ ། བཀྲ་ཤིས་དབང་འདུས་ལགས་སུ་འོས་ ༡༡༠ བཅས་རེད་འདུག

གཞན། ཟླ་འདིའི་ཚེས་ ༡༩ ཉིན་དབུས་འོས་བསྡུ་ལས་ཁང་གིས་སྲིད་སྐྱོད་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་བཀྲམ་ཕྱོགས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། དང་པོ། འོས་སྒྲིག་དོན་ཚན་ ༤༩ ནང་གསལ་ལྟར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་འདོན་རྒྱུ་དང་། དངོས་གཞིའི་སྐབས་ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་བཅས་འདོན་རྒྱུ། གཉིས་པ། འོས་སྒྲིག་དོན་ཚན་ ༦༧ ནང་གསལ་ལྟར། སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་གོ་སྐབས་སྤྲོད་ཆེད་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་འདོན་རྒྱུ་དང་། དངོས་གཞིའི་སྐབས་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། ཞེས་གསལ་བའི་དགོངས་དོན་ལྟར། དངོས་གཞིའི་འོས་གཞི་གཉིས་འདོན་རྒྱུ་ཡིན་ཞིང་། གལ་སྲིད་གཉིས་པ་དང་གསུམ་པའི་བར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་ཚེ་དངོས་གཞིའི་འོས་གཞི་གསུམ་འདོན་རྒྱུ་ཡིན། ཅི་སྟེ་སྲིད་སྐྱོང་གི་དངོས་གཞིའི་འོས་ཐོབ་དང་པོ་དང་གཉིས་པ་འདྲ་མཉམ་བྱུང་ཚེ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ་ཞེས་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༥ སྔོན་ལ།
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

ཆུ་ཚོད་ ༦ སྔོན་ལ།
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

མཆན། 3

  1. འདམ་སྐྱེས། says:
    ལོ་ 11 སྔོན།

    གོང་གསལ་་སྲིད་སྐྱོང་འོས་མི་སོ་སོའི་འོས་ཐོབ་ལྟར་འགོ་ནས་བཀོད་གནང་འདུག་ཀྱང་བཀྲིས་དབང་འདུས་ཀྱི་འོས་ཐོབ་ཀླུ་མཁར་བྱམས་ལས་ཉུང་འདུག་ཀྱང་ཁོང་གི་གོང་དུ་བཞག་དགོས་དོན་གང་ཡིན་ནམ།།

    Reply
  2. འབའ་ཚང་ བློ་ says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་ལགས
    བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུའི་མཐའ་མའི་གྲུབ་འབྲས་ཕྱིར་བསྒྲགས་བྱེད་རྒྱུའི་འོས་འགན་བོད་གཞུང་འོས་བསྡུ་ལས་ཁུངས་ལ་ཡོད་པ་ལས། བོད་ཀྱི་དུས་བབ་ལྟ་བུའི་སྒེར་གཉེར་ཚོགས་པ་སུ་ཞིག་ལ་ཡང་མེད་པ་ཁྱོད་ཀྱི་ཀྱང་ཤེས་ལ་ང་ཚོའི་ཀྱང་ཤེས་མོད། འོ་ན། ཇི་ཞིག་ལ་འབྱོན་ལྡོག་མགོ་རིལ་བྱེད་ཀྱི་ཡོད། རང་གཞུང་ལ་འགྲོ་ལུགས་ཞིག་ཡོད་པས་འགྲོ་ལུགས་ལྟར་འགྲོ་བཅུགས་རོགས་ཞུ་རྒྱུ་ཡིན།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 11 སྔོན།

      འབའ་ཚང་བློ་ལགས།
      ཁྱོད་ཀྱི་གཞུང་སེམས་དང་སྤྱི་སེམས་ཡི་རངས་ཡོད། འོན་ཀྱང་། ང་ཚོའང་གསར་ཁང་ཞིག་ཡིན་པའི་ངོས་ཐད་ནས་མི་མང་གིས་ཧ་གོ་འདོད་ཀྱིས་སྒུག་བསྡད་ཡོད་པའི་གནས་ཚུལ་གང་ན་ཅི་རེག་འབད་པས་བཙལ་ཏེ་ཀློག་པ་པོ་ཚོའི་སྦྱན་ལམ་དུ་འབུལ་རྒྱུ་ང་ཚོའི་ལས་འགན་རེད། དེ་གཅིག་ཡིན། གཉིས་པ། ཉེ་ལམ་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས། “ད་རེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་སུ་འོས་བསྡུའི་ས་ཚིགས་གྲངས་ ༦༣༦ ཙམ་ཡོད། ས་གནས་ཁག་གི་འོས་གྲངས་སང་ཉིན་གནངས་ཉིན་རིམ་པ་བཞིན་བསྒྲགས་ཡོང་གི་རེད། དབུས་འོས་བསྡུ་ལས་ཁང་གི་ཕྱོགས་བསྡོམས་དེ་ཕྱི་ཟླ་ ༡༢ པའི་ཚེས་ ༢ ཉིན་གསལ་བསྒྲགས་གནང་ཡོང་གི་རེད། ” ཅེས་གསུངས་ཡོད་པ་ཐོས་མ་བྱུང་ངམ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese