མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིན་ཅང་ལ་ཉན་པ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༥༥ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

གནའ་བོའི་དར་ལམ་རིང་མོ་ནས་བརྒྱབས་པའི་མེ་མདའི་གྲག་སྐད་རྣམས་གནས་སྐབས་རིང་ཞི་འཇགས་སུ་ཕྱིན་ཞིང་། མངའ་ཁུལ་དེའི་བརྙན་འཕྲིན་གྱི་ནང་དུ་གདོང་ལ་འཛུམ་གྱིས་ཁེངས་པའི་ཡུ་གུར་བ་དང་རྒྱ་མི་འགས་ཚོས་གཞི་སེར་པོ་ཅན་གྱི་གྱོན་ཆས་གྱོན་ཏེ། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན། ཞེས་གླུ་དབྱངས་མཉམ་ལེན་བྱེད་ཀྱིན་འདུག འོན་ཀྱང་། ཁྱིམ་ཚང་འདིར་སྔར་ལས་ཀྱང་གྲི་དང་མེ་མདའི་དགོས་མཁོ་ཇེ་ཆེ་ཡིན་ལ། སྲང་ལམ་དུ་འགྲོ་མཁན་སུ་ཡིན་རུང་བདེ་འཇགས་ཀྱི་གོམ་པ་ཞིག་རྒྱག་ཐུབ་གིན་མེད།

ད་སྐབས་ཞིན་ཅང་གི་རྒྱ་མི་རྣམས་ཀྱིས་སོ་སོའི་ཅ་དངོས་རྣམས་བསྡུ་གསོག་རྒྱག་བཞིན་རང་རང་གི་ལུང་པར་ཕྱིར་ལོག་རྒྱུར་བྲེལ་བ་བྱེད་ཀྱིན་པའི་སྒང་ཡིན་ལ། ཁོང་ཚོ་ནི་ཡུ་གུར་བ་རྣམས་ཀྱི་དགྲ་ཤའམ་རོ་སྐྱིན་དུ་འགྲོ་འདོད་མེད་པ་དང་། ཡུལ་འདི་ནི་འཚོ་བ་ལྷོད་པོ་ཞིག་རོལ་ས་མིན་པར་ཤེས་ནས་ཕྱིར་ལོག་གིན་ཡོད། འདི་ནི་ཕྱོགས་གཅིག་ནས་བཤད་ན། རྒྱ་ནག་གིས་གྲངས་ཉུང་མི་རིགས་ལ་བཟུང་བའི་སྲིད་བྱུས་ཀྱི་ནོར་འཁྲུལ་ཁོ་ན་མིན་པར། ཁོང་ཚོས་རྒྱ་རིགས་ཆེན་པོ་རྒྱ་བསྐྱེད་ཀྱིས་མི་སེར་སྤེལ་བའི་སྲིད་བྱུས་དེ་ལམ་ལྷོང་འགྲོ་གིན་མེད་པའི་རྟགས་མཚན་ཞིག་ཀྱང་ཡིན།

རྒྱ་ནག་གཞུང་གིས་ད་ནས་བཟུང་མི་རིགས་ཀྱི་བར་དུ་འགལ་བ་འཕེན་རྒྱུའི་བྱེད་ཐབས་འདི་ཕྱིར་བསྡུ་བྱེད་འོས་ལ། ལྷག་པར་དུ། སྔར་ལོ་དང་ད་ལོའི་ཞི་རྒོལ་དང་ཟིང་ཆར་ཉན་རྗེས་མི་རིགས་ཀྱི་གནད་དོན་ལ་བསྐྱར་ཞིབ་བྱས་ཏེ། བོད་དང་ཡུ་གུར་མི་རིགས་ཀྱིས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་ཡང་དག་པའི་སྲིད་བྱུས་ཤིག་གཏན་འབེབས་བྱེད་པའི་དུས་ལ་བབ་ཡོད།

ཉེ་ཆར་ཡུ་གུར་གྱི་དོན་རྐྱེན་བྱུང་བ་དང་གསར་ལམ་ཁག་ནས་ཞིན་ཅང་དང་བོད་གཉིས་བསྡུར་ནས་གླེང་སྐབས། ཁག་ཅིག་གིས་བོད་དང་ཞིན་ཅང་གཉིས་མཉམ་དུ་གླེང་ན་རྒྱ་ནག་གིས་བོད་པ་ཚོ་ཡང་ཨེལ་ཁེ་ཌ་ལ་འབྲེལ་བ་ཡོད་པར་བཟོ་སྲིད་པ་དང་། ནུབ་ཕྱོགས་པ་ཚོས་བོད་ལ་དགའ་ཞེན་དང་རྒྱབ་སྐྱོར་ཡོད་པ་དེ་ལའང་གནོད་སྲིད་ཅེས་སོགས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་མཁན་འདུག བཙན་བྱོལ་བོད་གཞུང་གིས་ཡུ་གུར་བ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཡང་བསྐུར་མེད། ལངས་ཕྱོགས་འདི་དག་ནི་རང་ཉིད་ལ་གདེང་ཚོད་མེད་པའི་མངོན་རྟགས་ཤིག་ཏུ་མཐོང་།

དེ་བས་བཙན་བྱོལ་བོད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་སྐབས་འདི་དང་བསྟུན་ནས་སླར་ཡང་པེ་ཅིན་ལ་གྲངས་ཉུང་མི་རིགས་ལ་བཟུང་བའི་སྲིད་བྱུས་ལེགས་བཅོས་བྱ་རྒྱུའི་ཐད་དྲན་བསྐུལ་བྱེད་འོས་ལ། འདི་ལྟར་མུ་མཐུད་ཕྱིན་ཚེ་མ་འོངས་པར་གྲངས་ཉུང་མི་རིགས་རྣམས་སྡེབ་ལངས་བྱེད་སྲིད་པའི་ཉེན་བརྡ་ཡང་གཏོང་མི་ཆོག་པ་མི་འདུག་སྙམ་མོ།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༠ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. གྲྭ་རྒོད says:
    ལོ་ 17 སྔོན།

    ཤིན་ཅང་དང་བོད་གཉིས་འདྲ་མི་འདྲ་བཤད་ནས་དོན་མེད་པ་ཤེས་དགོས་པ་ཞིག་རེད།ང་ཚོ་ལ་མཁོ་བ་ནི་རང་ཉིད་ཀྱི་ལས་དོན་ཐལ་དོན་དངོས་ལྡན་པའི་ཐབས་ལམ་ལག་ལྟར་གནང་རྒྱུ་དེ་རེད།རང་གི་མི་རིགས་རང་ཉིད་ཀྱི་རྐང་བས་ཁ་ལ་ལང་ཐུབ་པ་ཇི་ལྟར་བྱེད་དགོས་མིན་དེའི་ཕྱོགས་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད།རང་རང་གི་ངོས་ནས་ནས་པ་གང་ཡོད་སྤྱི་ཚོགས་ཐོག་འདོན་ཐུབ་བྱེད་ཀྱི་དེ་གལ་ཆེ་པོ་ཆགa་འདུག་བསམ་བྱུང་།གཞན་རྒྱལ་ཁབ་འགའ་རེ་ལ་སྐྱབས་བཅོལ་ཡང་རེ་བ་ཁོང་ཚོའི་བསྒྲུབ་མི་ཐུབ་པ་གསལ་པོ་ཡིན་པ་བོད་མི་རེ་རེར་ནས་ངོ་ཤེས་དགོས་པ་ཞིག་ཆགས་འདུག་བསམ་གི་ཡོད།

    Reply
  2. བསྟན་འཛིན་ཡོན་ཏན། says:
    ལོ་ 17 སྔོན།

    ངས་བསམ་ན་བོད་དང་ཤིན་ཅང་གཉིས་བསྡུར་ཐབས་མེད་པ་འདྲ།
    འུ་ཚོའི་སྔར་ལོའི་ཞི་རྒོལ་ཆེན་མོ་ནི་ཐད་ཀར་ཏང་གི་དམར་པོའི་སྲིད་གཞུང་ལ་ཁ་ཕྱོགས་ནས་དོན་རྐྱེན་དེ་བྱུང་བ་ཞིག་ཀྱང་ཡིན།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དངོས་ནས་མི་ཤེས་ཀི བལྟ་བཞིན་ཉན་བཞིན་སོང་དུས་སེམས་པ་ནི་དངོས་ནས་སྐྱོ་ནི་ཞིག་རེད། སྲིད་གཞུང་ངན་པ་འདིས་ལག་འོག་གི་རྩེད་མོ་རྩེད་བྱེད་གྱུར་བཞིན་པ་དེ་རེད། མི་ལ་མི་རྩིས་བྱེད་མི་ཆོག་པའི་དཀའ་ངལ་འདིས་བོད་དང་ཞིན་ཅང་གཉིས་ཀྱི་གཙོ་བའི་གྲངས་ཉུང་བ་དག་ལ་སྙིང་རེ་རྗེ།

    Reply
  4. རི་བོང། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པས་གསུང་བ་བདེན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese